ལྡེའུ་ཆོས་འབྱུང་།
༧.དཀའ་ཐུབ་མཛད་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༧.དཀའ་ཐུབ་ཀྱི་མཛད་པ།)

དེ་ནས་དཀའ་ཐུབ་མཛད་པ་ནི། གནས་རི་ག་ཡ་དེད་དཔོན་གྱིས་གྲོང་ལྟེང་རྒྱས་ཀྱིས་རྩ་ན་ར་རྩ་གཉིས་ཡོད་པའི་སར་མཛད། དགོས་པ་ཡང་དཀའ་ཐུབ་ཀྱིས་འདུལ་བའི་ཆེད་དུ་སྟེ། དེ་ཡང་དུས་དེ་རྩམ་ན་རྒྱུ་རྩལ་ཤེལ་གྱི་བུ་རིང་ཕུར་ཉན་ཐོས་ཀྱི་སློབ་མ་སུམ་བརྒྱ་དང་ཆས་སྟེ་ཡུལ་ཡངས་པ་ཅན་དུ་སློབ་མ་དང་བཅས་ནས་འཁོར་རྣམས་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་རྟུལ་ཞུགས་དང་མཐུན་པའི་ཆོས་སྟོན་ཏེ། །གཉའ་ཤིང་གང་རྩམ་ལྟ་ཞིང་བསོད་སྙོམས་ཀྱིས་ཕྱིར་ཞུགས་སོ། །དེའི་དྲུང་དུ་ཕྱིན་ནས་ཏིང་འཛིན་དེ་ལ་སྤྱད་པས་མ་འགུ། དེ་དེ་བས་ལྷག་པ་བཙལ་སྙམས་ནས། དེ་ར་རྩ་དི་ཏའི་མིས་མཐོང་ནས་ངོམ་མཚར་སྐྱེས་སྟེ། འདི་ལྷ་ཡིན་མན་བརྒྱ་བྱིན་ནམ་འཚལ་པ་འམ་ཞེས་ནས་ཐམས་ཅད་དུའོ། །དེ་རྩ་ན་རངས་བྱེད་ཀྱི་བུ་རྟག་སྤྱོད་ཀྱི་ར་ཙ་ད་ཧ་རར་གནས་བཅས་ནས་སློབ་མ་བདུན་བརྒྱ་ལ་འདུ་ཤེས་མེད་མིན་གྱིས་རྟུལ་ཞུགས་དང་མཐུན་པར་ཆོས་སྟོན་པ་ལས། དེའི་རྒྱུས་བྲམ་ཟེ་དང་དྲང་སྲོངས་དང་། ཁྱིམས་བདག་རྣམས་ཕལ་ཆེར་འདོད་པ་ལ་ཞེན་ཏེ། ལུས་སེམས་དབེན་པ་ལ་མི་གནས་པས། འཕགས་པའི་ཡེ་ཤེས་མཐོང་པར་མི་ནུས། གུ་ལང་དང་ཁྱབ་འཇུག་ལ་སོགས་པ་རྣམས་ལ་ཀྱང་ཕུང་པོ་གསོ་བའི་ལས་ཀྱིས་འཕགས་

37a

༄༅།       །ལམ་ཐོབ་དུ་རེ་བར་འདུག་པས། དེ་རྣམས་ཀྱིས་སྣང་པ་བསྒྱུར་བའི་ཕྱིར་དཀའ་ཐུབ་ལོ་དྲུག་མཛད་དེ་རྣམ་པར་བམ་པ་དང་། དངོས་པོ་ལ་སོགས་པའི་འདུ་ཤེས་སྒོམ་མོ། །དེ་ཡང་ལོ་གཉིས་འབྲས་ཉག་མ་གཉིས་གཉིས་གསོལ། གཉིས་ཆུ་ཐིག་པ་རེ་རེ་གསོལ། ལོ་གཉིས་ཅི་ཡང་མ་གསོལ་བས་སྐུ་ཤིན་དུ་རིད་པར་གྱུར་ཏེ། རྒལ་ཚིག་ལན་བུ་བཞིན་དུ་གྱུར་ཏོ། །དེ་ནས་ཡབ་རྒྱལ་པོས་ཀྱང་ཉིན་རེ་བཞིན་དུ་ཕོ་ཉ་གཏང་ངོ་། །ཡུམ་སྒྱུ་མ་ཡང་སུམ་བཅུ་རྩ་གསུམ་ནས་རྟགས་དུ་འོངས་སྟེ་ཕྱག་དང་བསྐོར་བ་བྱས་སྟེ་སྐུ་ཁམས་འདྲི་བོ། །བདུད་སྡིག་ཅན་ཡང་ཟས་གཙང་གི་བུ་འཚང་བརྒྱ་ཟེར་རྩ་ན་ཚུལ་དེ་འདྲ་འོ་ཟེར་རོ། །ལྔ་སྡེ་བཟང་པོས་ཀྱང་འབྲས་འབྲུ་རེ་ཉིན་རེ་བཞིན་དུ་འབུལ་ལོ། །དེའི་ཚེ་བདུད་སྡིག་ཅན་ཡང་ལོ་དྲུག་གི་བར་དུ་ཕྱིར་འབྲངས་པས་གླགས་ཅུང་ཟད་རྩམ་ཡང་མ་སྙེད་དོ། །དེ་ལ་འབུད་དྷེས་གསུང་པ། སྡིག་ཅན་མྱོས་པའི་རྩ་ལགས་སོ། །ཁྱོད་ནི་རང་གི་དོན་ཕྱིར་འོངས། །ང་ལ་བསོད་སྙོམས་ཅུང་ཟད་ཀྱང་། །དོན་དུ་གཉེར་བ་མེད་དོ་བདུད། །ཞེས་གསུངས་པས་དེ་ཉིད་དུ་མི་སྣང་ངོ་། །དེ་ནས་དཀའ་ཐུབ་ཚར་བ་དང་བུ་མོ་དགའ་མོ་དང་དགའ་སྟོན་མས་ཚོད་མ་དྲངས་སོ། །ལེགས་སྐྱེས་མས་བ་སྟོང་གི་ཞོ་ཐོག་དྲངས་པས། སྐུ་གསེར་གྱི་སྟན་པ་ཕྱིས་པ་ལྟར་གྱུར་ཏོ། །དེ་ནས་ལོ་དྲུག་འདས་སྟེ་ངས་འདི་སྙམས་དུ་བསམས་སོ། །གལ་ལྟེ་བདག་གིས་འདོམས་གཡོགས་འགའ་

37b

ཞིག་རྙེད་ན་རེ་སྟེ་སྙམ་མོ། །དེ་ནས་གྲོངས་པའི་བུ་མོ་ལེགས་སྐྱེས་མའི་བྲན་མོ་གྲུབ་པ་མོ་བྱ་བ་ཤི་བའི་གོས་བླངས་སྟེ། ལྷས་ལྟོལ་བའི་ཆུ་ལ་བཀྲུས་ནས་སྐུ་ལ་གསོལ་ལོ། །དེ་མ་མཛེས་སྙམས་ནས་གནས་གཙང་མའི་ལྷའི་བུ་དྲི་མ་མེད་ཨ་ལྷའི་ཆོས་གོས་ངུར་སྨིག་ཕུལ་ལོ། །དེ་ནས་ན་ར་ཛ་རར་ཁྲུས་མཛད་དེ་བཞུགས་པའི་གནས་རྩལ་བས། མེ་ཏོག་དང་འབྲས་བུས་བརྒྱན་པ། སའི་རི་བྲག་ཆེན་པོ་གཅིག་འདུག་ནས། དེར་བྱོན་པས་རི་སྙིལ་ལོ། །འདི་ཅིའི་རྒྱུ་བར་ཆོད་དམ་སྙམས་པ་དང་། ལྷ་རྣམས་ན་རེ་སས་གཟུང་པར་སྔོ་མི་ཐོག་པ་ནི་རྣམ་པ་གཉིས་སྟེ། དགེ་བའི་རྩ་བ་ཆད་པ་དང་། དགེ་བའི་རྩ་བ་འབྱོངས་པའོ། །ཁྱེད་ནི་དགེ་བའི་རྩ་བ་འབྱོངས་པས་མ་ཐུབ་པ་ཡིན། འདི་ནི་གནས་མ་ཡིན་ཏེ་རྡོ་རྗེ་གདན་དུ་གཤེགས་ཞེས་ནས་རྡོ་རྗེ་གདན་དུ་གཤེགས་སོ། །དེ་ནི་དཀའ་ཐུབ་མཛད་པའོ། །