(བཀའ་གསུམ་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་སྐབས།)
གསུམ་པ་ཟབ་མོའི་དོན་ལ་མོས་པ་ལ། གསང་སྔགས་རྡོ་རྗེའི་ཐེགས་པ་མང་དུ་གསུང་ཏེ་ཞེས་གསུང་པ་ནི། མན་ཏྲའི་རྒྱུད་སྡེ་རྣམས་གསུངས་ཚུལ་སྟེ། དེ་ཡང་འབུད་དྷ་རྒྱ་བཅུ་ལ་འདས་ནས་ཙཀྲ་བར་ཏིའི་རུ་པ་གཟུང་ཏེ་ཟབ་མོ་ལ་མོས་པའི་གདུལ་བྱ་ཨིནྟྲ་བོ་ཏི་ལ་སོགས་པ་ལ་གསང་སྔགས་གསུངས་ཏེ། དེ་ཡང་བསིལ་བའི་མཚལ་ཏུ་ཀྲི་ཡ། གཞན་འཕྲུལ་དབང་བྱེད་དུ་སྤྱོད་པའི་རྒྱུད། འོག་མིན་དང་རི་རབ་དུ་ཡོ་ག །མ་ཧཱ་ཡོ་ག་ཨོ་རྒྱན་ནོ་ཞེས་སོ་སོར་རང་རང་གི་གཙོ་བོར་སྤྲུལ་ནས་རང་རང་གི་རྒྱུད་གསུངས་སོ། །དེ་ལྟར་གསང་སྔགས་འཁོར་ལོ་གསུམ་པར་འཇོག་པའི་ལུང་སྤྱོད་བསྡུས་ནས། འདོད་ཆགས་དང་བྲལ་བའི་རུ་པར་སྤྲུལ་ནས། སྨན་པ་ལ་མོས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྟོགས་པར་མཛད་ཅིང་འདོད་ཆགས་དང་བྲལ་བའི་སྤྱོད་པ་གཏན་པ་དང་། ཡང་ཐེགས་པ་ཆེན་པོ་ལ་མངོན་པར་ཞེན་པ་རྣམས་ལ་རྣམ་ཤེས་ཚོགས་བརྒྱད་སོ་སོ་ལ་ཆོས་བདག་མེད་པ་རྟོགས་པར་མཛད་ཅིང་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བསྟན་པ་དང་། ཡང་ཙཀྲ་བར་ཏི་རུ་པར་སྤྲུལ་ནས་ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་འདོད་ཆགས་ཀྱིས་སྤྱོད་པ་རྟོགས་པར་བྱ་བའི་ཕྱིར་གསང་སྔགས་ཀྱི་ཆོས་སྟོན་པར་མཛད་པ་ཡིན་ནོ། །ཁ་ཅིག་གསང་སྔགས་འབུད་དྷའི་བཀའ་མ་ཡིན་ཏེ་
༄༅། །ཕྱི་ནས་གསུང་པའོ་ཞེ་ན་དེ་མ་ཏོ་སྟེ་གསང་སྔགས་གསང་པ་ལུང་བསྟན་པ་ལས་ཀྱང་། རྒྱུ་ལ་སྦྱོར་བ་རྒྱུའི་ཆོས། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་བུ་ཐེགས་པའི་ཉེ་ལམ་ཞིག །མ་འོངས་པ་ན་འབྱུང་བར་འགྱུར། །ཞེས་པ་གང་ཟག་རིགས་གཉིས་ཡོད་པ་དང་། འབུད་དྷ་འདས་ཀར་མནྫུས་ཞུས་པའི་ལུང་དང་། དཔལ་སྡོམ་པ་འབྱུང་བའི་རྒྱུད་ཕྱི་མ་ལས། བདེ་བར་གཤེགས་པ་ཁྱོད་ཀྱི་བསྟན་པ་འདི་ཁོ་ནར་འདུས་སམ་ཞེས་པའི་ལན་དུ། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །དག་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་དེ། །འཛམ་གླིང་ཤར་ལྷོའི་ཕྱོགས་འཚམས་ཀྱིས། །དཔལ་ཞེས་བྱ་བའི་རི་བོ་ལ། །ལགས་ན་རྡོ་རྗེ་མཐུ་ལྡན་འགྱུར། །མི་ལས་སྐལ་ལྡན་དམ་པ་ཞིག །ཐེགས་ཆེན་གསང་སྔགས་རྒྱས་པར་བྱེད། །དེ་ལ་དེ་ལ་རིམས་འགྲོ་རྟགས་དུ་གྱིས་ཞེས་སོ། །གདམ་ངག་འབོགས་པ་རྒྱལ་པོའི་མདོ་ལས་གྱང་། དེ་དང་མཐུན་པར་གསུངས་ཏེ། བདེ་བར་གཤེགས་པའི་སྟན་པ་འདི་ཁོ་ནས་འདུས་སམ་ཞེས་ཞུས་པས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །སྟན་པ་འདི་ལ་ཕན་དགའ་བའི། །མི་ལས་སྐལ་ལྡན་དམ་པ་ཞིག །ར་རྩ་ཛ་ཞེས་བྱ་བ་ལ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ལགས་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་གསུངས་པས། ཨིནྟྲ་བོ་དི་ཡབ་སྲས་ཀྱིས་ལོ་རྒྱུས་ཀྱིས་ཀྱང་ཤེས་པར་བྱའོ། །དེ་ལྟར་ལུང་རིགས་གཉིས་ཀྱིས་སྟན་པ་དེ་ལ་སྐྱོན་ཡོད་པ་མ་ཡིན་ཏེ། ཀླུ་གྲུབ་
ཡབ་སྲས་ཀྱིས་དགོངས་པ་སྒྲུབས་པ་དང་། ངན་རྟོགས་དྲ་བའི་རྟོགས་པ་གསལ་བའོ། །དེ་བཀའ་འཁོར་ལོ་གསུམ་དུ་གསུངས་པ་ཐལ་ལ།