ལྡེའུ་ཆོས་འབྱུང་།
དབྱེ་བའི་དོན་ལ་དགོངས་ཏེ་ཆོས་མདོ་སྡེ་བཅུ་གཉིས་སམ་སྡེ་དགུར་གསུངས་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(དབྱེ་བའི་དོན་ལ་དགོངས་ཏེ་ཆོས་མདོ་སྡེ་བཅུ་གཉིས་སམ་སྡེ་དགུར་གསུངས་པ།)

དེ་ནས་དབྱེ་བའི་དོན་ལ་དགོངས་ཏེ་གསུངས་པ་ཡང་། མདོ་སྡེ་བཅུ་གཉིས་སམ་སྡེ་དགུར་གསུངས་ཞེས་པ་དེ་ལ། མདོ་སྡེ་ལ་སོགས་པ་བཅུ་གཉིས་སུ་ཕྱེ་བའི་དོན་བསྟན་པ་ནི། མདོའི་ཞེས་པ་དེ་ངོས་གཟུང་ན་འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན་ཞེས་པ་ནས་མངོན་པར་བསྟོད་དོའི་བར་དེའོ། །དེ་ནི་དོན་སྡེར་ལོངས་པ་ལ་ཚིག་མདོར་བསྡུས་པའམ། ཚིག་སྡེར་ལོངས་པ་ལ་དོན་མདོར་བསྡུས་པ་སྟེ་དཔེར་ན་ས་ལུ་ལྗང་པ་ལ་སོགས་པ་ལྟ་བུ་མདོ་རྫོགས་པ་ལ་བྱའོ། །ཡང་ན་མ་རྫོགས་ཀྱང་འབུད་དྷས་ཤ་རིའི་བུ་ལ་བཀའ་བསྩལ་པ་སུས་རྟེན་ཅིང་འབྲེལ་པ་མཐོང་པ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་པ་དེ་ནི་འབུད་དྷ་མཐོང་ངོ་། །ཞེས་པ་ཚིག་དེ་ལས་ཀྱང་དོན་སྡེར་ལོངས་པ་ལྟ་བུའོ། །དབྱངས་ཀྱིས་བསྙད་པའི་སྡེ་ཞེས་བྱ་བ་ནི། བུ་མོ་བློ་གྲོས་བཟང་མོས་ཞུས་པ་ལྟ་བུའོ། །ཚིག་ལྷུགས་པ་ལ་ཚིགས་སུ་བཅད་པས་དབྱངས་ཀྱིས་

52b

བསྙད་དེ་གསུང་པ་ནི། དུས་སུ་བྱིན་དང་འགྱོད་པ་མེད་པ་དང་། ཡིད་འོངས་སྦྱིན་དང་རྣམ་སྨིན་མི་རེ་བ་ལ་སོགས་པ་ལྟ་བུའོ། །གསུམ་པ་ལུང་དུ་བསྟན་པའི་སྡེ་ནི། ངེས་པའི་དོན་གྱིས་མདོ་ལས་མ་འོངས་པའི་འབུད་དྷ་རྣམས་ལུང་སྟན་ཏེ། མ་ཕམ་པ་ཁྱོད་མ་འོངས་པའི་དུས་སུ་ར་ཙ་དུང་ཞེས་བྱ་བར་འགྱུར་ཏེ་འབུད་དྷ་ན་མཚན་ཡང་བྱམས་པ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བའམ། ཤཀ་ཐུབ་མར་མེ་མཛད་ཀྱི་ལུང་སྟན་པ་ལྟ་བུ་སྟེ། བཞི་པ་ཚིགས་སུ་བཅད་པའི་སྡེ་ནི། ཚིག་ཅད་དུ་སྦྱར་ནས་གསུངས་པ་སྟེ། བསྡུད་པའམ་བཟང་སྤྱོད་དམ་མཚན་བརྗོད་ལྟ་བུ་བོ། །ལྔ་པ་ཆེད་དུ་བརྗོད་པའི་སྡེ་ནི། གང་ཡིད་རངས་ནས་ཆེད་དུ་བརྗོད་པ་སྟེ། དགེ་སློང་དག་ཁྱེད་ཕ་རོལ་གྱིས་ཕྱིར་རྙེད་པ་མི་འཚོལ་བ་ནི་ལེགས་སོ། །འདོད་པ་ཆུང་པ་ནི་ལེགས་སོ། །ཆོགས་ཤེས་པ་ནི་ལེགས་སོ། །ཞེས་སུ་ཀྱང་མ་ཞུས་པར་ཆེད་དུ་གསུངས་པ་རྣམས་སོ། །དྲུག་པ་གླེང་བཞིའི་སྡེ་ནི་གང་གི་ཆེད་དུ་གསུངས་པ་ལྟ་བུ་དང་ལྟུང་བ་དང་བཅས་པའི་སླབ་པར་གསུང་པ་སྟེ། སྔོན་ཡུལ་གཉན་ཡོད་ན་སྐྱེས་བུ་གཅིག་གིས་བྱ་གཅིག་གཟུང་ནས་ཆུ་དང་འབྲས་སྙོད་དེ་སླར་བཏང་ངོ་། །འབུད་དྷས་དེ་ལས་གླེང་བླངས་སྟེ་གསུངས་པ་སྡིག་པ་འཕྲ་མོ་ཆུང་ངུ་ལ། །མི་སྣོད་སྙམས་དུ་སྙས་མི་བྱ། །ཆུའི་ཐིག་པ་བསགས་པས་ཀྱང་། །སྣོད་ཆེན་ཡོངས་སུ་གང་པར་འགྱུར། །ཞེས་པ་ལྟ་བུའོ། །ལྔ་པ་རྟོགས་པ་བརྗོད་པའི་སྡེ་གང་ཞེས་ན། དཔེ་དང་བཅས་ནས་གསུང་པའམ། བདེ་གཤེགས་རིགས་ལྔས་རྟོགས་ཚད་ཕུལ་བ་ལྟ་བུའོ། །བརྒྱད་

53a

༄༅།       །པ་དེ་ལྟ་བུ་བྱུང་པའི་སྡེ་ནི་གང་ཞེ་ན་སྔོན་གྱིས་སྦྱོར་བ་དང་ལྡན་པ་སྟེ། དགེ་སློང་དག་པ་འཇིག་རྟེན་དུ་བྱུང་ནས་བཤད་པ་ནི་ཁམས་ཀྱིས་མདོ་སྡེ་ཞེས་བྱ་བའོ། །འབུད་དྷ་བསོད་སྐྱབས་ཀྱིས་གསུངས་པ་བདུད་རྩི་ལྔ་པ་ཞེས་བྱའོ། །རྣམ་པར་གཟིགས་ཀྱིས་གསུང་པ་ནི་ཆོས་ཀྱི་མེ་ལོང་ཞེས་བྱའོ། །འོད་བསྲུངས་ཀྱིས་གསུངས་པ་ནི་སྟོང་པ་རྣམ་པར་འབྱེད་པ་ཞེས་བྱའོ། །ཞེས་གསུངས་པ་ལྟ་བུའོ། །དགུ་པ་སྐྱེས་པ་རབས་ཀྱི་སྡེ་ནི་འབུད་དྷེ་སྭ་ཏྭའི་སྤྱོད་པ་མཛད་པའི་ཚུལ་ཏེ་ངང་པའི་སྐྱེས་རབས་ལྟ་བུའོ། །བཅུ་པ་ཤིན་ཏུ་རྒྱས་པའི་སྡེ་ནི་ཐེགས་པ་ཆེན་པོའི་དོན་རྒྱ་ཆེན་ལ་ཡངས་པ་ནམ་མཁའ་ལྟ་བུའི་མདོ་སྡེ་ཕལ་ཆེན་ལྟ་བུའོ། །བཅུ་གཅིག་པ་རྨད་དུ་བྱུང་པའི་སྡེ་ནི། གང་ལ་ཉན་རང་འབུད་དྷེ་སྭ་ཏྭོས། འབུད་དྷ་རྣམས་ཀྱིས་ངོ་མཚར་སྨད་དུ་བྱུང་པའི་ཆོས་སྟོན་པ་ནི། འབུད་དྷ་བཙས་མ་ཐོག་ཏུ་གོམ་པ་བདུན་བོར་བའམ། སྤྲེའུས་སྦྲང་རྩི་ཕུལ་བའམ། ཀྱི་གོང་དཀར་ཆོས་ཉན་པའམ། བདུད་ཀྱིས་བར་དུ་མ་ཆོད་པ་ལ་སོགས་ཏེ་ངོས་གཟུང་ན་ཏོག་ལྟ་བུའོ། །བཅུ་གཉིས་པ་སྟན་ལ་ཕབ་པའི་སྡེ་ནི། གང་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོགས་པར་སྟོན་པས་སྟེ། འབུད་དྷས་མདོ་སྡེ་ལྔར་གསུངས་པ་རྣམས་ཇི་རྩམ་དུ་ནན་གྱིས་སྟན་ལ་ཕབ་ནས་བསྟན་པའི་མདོ་སྡེ་སྟེ་དེ་ངོས་གཟུང་ན་འདས་པ་ལྟ་བུའོ། །དོན་ལ་དགུ་ལས་མེད་ཞེས་ཀླུ་གྲུབ་བཞེད་པའོ། །དེ་ལ་གླེང་གཞི་དང་རྟོགས་པ་བརྗོད་པ་དང་། སྟན་ལ་ཕབ་པ་དང་གསུམ་ནི་གཞན་མ་དགུའི་ནང་ན་འདུས་ཡོད་དོ། །ཚིག་

53b

གསལ་ལས། སངས་རྒྱས་རྣམས་ཀྱིས་མདོ་སྡེ་བསོག །བདེན་པ་གཉིས་རྟེན་སྟན་པ་རྣམ་པ་རྒྱུད། །ཅེས་སོ། །