(བསྟན་བཅོས་ཇི་ལྟར་བརྩམས་ཚུལ་བསྟན་པ།)
ད་ནི་སྟན་ཆོས་ཇི་ལྟར་བརྩམས་ཚུལ་འཆད་དེ། དེ་ཡང་བཀའ་ལ་སྟེན་ནས་སྟན་ཆོས་ཇི་ལྟར་མཛད་ཚུལ་ནི། ཞེས་བ་ལ་སོགས་པས་སྟོན་ཏེ། དེ་ཡང་གང་ཟག་གང་གི་དུས་ནམ་གྱི་ཚེ་ཚུལ་ཇི་ལྟར་རྩམས་
ཞེ་ན། བཀའ་གསུམ་གྱིས་རྗེས་སུ་འབྲང་ནས། སྟན་ཆོས་ཀྱང་འཁོར་ལོ་གསུམ་དུ་བརྩམས་ཏེ། སྟོན་པ་མྱ་ངན་ལས་འདས་ནས་དེའི་ཕྱི་དེ་དབྱར་གྱི་ལོ་ལ་གསང་པའི་བྲག་ཕུག་ཏུ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་ཆོས་ཀྱིས་བསྡུ་བ་ལ་འདུས་པའི་དུས་སུ་དེར་བཤད་པའི་མཛོད་ཅེས་བྱ་བ་ཤུ་ལོ་ཀ་འབུམ་ཡོད་པ་གཅིག་བརྩམས་སྐད། དེའི་རྗེས་ལ་དགྲ་བཅོམ་པ་གཅིག་གིས་དེའི་དོན་དང་མི་འགལ་བའི་མངོན་པ་སྡེ་བདུན་བརྩམས་སྟེ། ཡེ་ཤེས་ལ་འཇུག་པ། རབ་ཏུ་འབྱེད་པའི་བཞི། ཆོས་ཀྱི་ཕུང་པོ། གདགས་པའི་སྟན་ཆོས། འཁམས་ཀྱིས་ཚོགས། རྣམ་པར་ཤེས་པའི་ཚོགས། འགྲོ་བའི་རྣམ་གྲངས་སོ། །དེ་ནི་སྔར་འབུད་དྷས་མདོའི་རིལ་བུར་གསུང་པས། བཀར་འགྲོ་བར་ཀྱང་འདོད། སྟོན་པ་འདས་ནས་བཀོད་པས་སྟན་ཆོས་སུ་ཡང་འགྲོའོ། །དེ་ནས་སྟོན་པ་འདས་ནས་ལོ་སུམ་བརྒྱ་ལོན་པའི་དུས་སུ་རྒྱལ་པོ་དྷར་རྨ་ཨ་ཤོ་ཀའི་སྐུ་དྲིན་ལ། སློབ་དཔོན་འབུ་བ་ག་ཞེས་བྱ་བ་བྱོན་ནས་སྒྲའི་སྟན་ཆོས་པ་ནི་ནི་ཞེས་བྱ་བ་རྩམས། དེ་ནས་དགྲ་བཅོམ་པ་ཆོས་སྐྱོབས་ཞེས་བྱ་བ་བྱུང་ནས། མདོ་དཀོན་མཆོག་རྩེགས་པ་ལ་སྟེན་ནས། མངོན་སུམ་གྱིས་ཚད་མ་གསུམ་དང་། རྗེས་དཔག་གི་ཚད་མ་བཞི་བརྩམས་སྐད། དུ་བ་ལས་ནི་མེར་ཤེས་པ། །ཆུ་སྐྱང་ལས་ནི་ཆུར་ཤེས་དང་ཞེས་སོ། །དེ་ནས་སློབ་དཔོན་ཆོགས་ཀྱི་གླང་པོ་བྱོན་ནས་ལུགས་བརྒྱ་དང་ལྡན་པའི་ཚད་མ་ཀུན་ལས་བསྡུས་པ་མཛད། དེས་དབང་ཕྱུག་སྡེ་ལ་བཤད། དེས་དྷརྨཱ་ཀིརྟི་ལ་
༄༅། །བཤད། དྷརྨ་ཀིརྟིས་དེ་ལ་བརྟེན་ནས་ཚད་མ་སྡེ་བདུན་མཛད་དེ། རྩ་བའི་རབ་ཏུ་འབྱེད་པ་གསུམ་དང་། ཡན་ལགས་ཀྱི་རབ་ཏུ་འབྱེད་པ་བཞི་བརྩམས། ལུང་སྡེ་བཞི་ལ་སྟེན་ནས་སློབ་དཔོན་ཡོན་ཏན་འོད་ཀྱིས་མདོ་རྩ་བརྩམས། ལས་ཀྱི་བཞིའི་ལག་ལེན་སྐར་མ་བམ་པོ་དགུ་མཛད་དེ། མདོ་རྩའི་རྒྱ་ལེན་འབྲེལ་པ་བམ་པོ་ལྔ་བཅུ་མཛད། ཤཀྱ་འོད་ཀྱིས་སུམ་རྒྱ་པ་དང་། དེའི་འབྲེལ་པ་འོད་ལྡན་བམ་པོ་བརྒྱད་མཛད། ཁ་ཆེ་དགེ་འདུན་བཟང་པོས་ཀ་རི་ཀ་མཛད་དོ། །