(ཉན་ཐོས་སྡེ་པ་སོ་སོར་གྱེས་པའི་སྐབས།)
དེ་ནས་སྟོན་པ་འདས་ནས་ལོ་བརྒྱ་རྩ་བཅུ་ལོན་པའི་ཚེ། བཙུན་པ་ལྷ་ཆེན་པོ་ཞེས་བྱ་བ་ཞིག་ཚོང་དཔོན་གྱི་རིགས་ལས་སྐྱེས་པ་ཞིག་བྱུང་ངོ་། །དེས་ཕ་ཚོང་ལ་སོང་གི་བར་དུ་མ་དང་ཉལ་ཏེ། དེ་ནས་ཕ་ལོགས་པ་དང་མ་དང་གྲོས་བྱས་ནས་ཕ་ཡང་བསད་དོ། །དེར་གཏམ་ངན་པ་གྲགས་ཀྱིས་དོགས་ནས་ཡུལ་གཞན་ཞིག་ཏུ་བྲོས་པ་དང་། དེ་ནས་སྔར་མཆོད་གནས་བྱས་པའི་དགེ་སློང་དགྲ་བཅོམ་པ་གཅིག་ཡོད་པ་དང་དེར་ཕྲད་དེ་དེས་གཏམ་ངན་པ་བསྒྲགས་ཀྱིས་དོགས་ནས་རྒྱུ་ཐབས་ཀྱིས་སྤྱན་དྲངས་དུག་བཏང་ནས་བསད། དེ་ནས་མ་ཡང་གཞན་ཞིག་དང་ཉལ་བ་ལས་ཕྲག་དོགས་སྐྱེས་སྟེ་མ་ཡང་བསད་དོ། །དེ་ལྟར་འཚམས་མེད་གསུམ་བྱས་ཀྱང་དེ་ལྟར་ལྟ་བ་ནི་མ་ལོགས་སྟེ། དགེ་སྦྱོར་ལ་བར་ཆད་མེད་པར་བྱས་ནས། ཡུལ་གཞན་ཞིག་ཏུ་ཕྱིན་པ་དང་དེ་ནས་དགེ་འདུན་རྣམས་ལ་རབ་ཏུ་བྱུང་
པར་ཞུས་པས་སྣང་ཏེ་རབ་ཏུ་བྱུང་བསྙེན་པར་རྫོགས་པར་བྱས་སོ། །དེར་བློ་ལ་བརྩོན་འགྲུས་ཆེ་བས་ཆོས་ལ་ནན་ཏན་བྱས་པས། མཁས་པའི་ཚད་དུ་གྱུར་ནས། ཡུལ་དེའི་རྒྱལ་པོ་དང་ཡུལ་མི་ཀུན་གྱིས་ཀྱང་བསྐུར་ཏི་ཆེར་བྱས་པས། དེ་ལ་ཆགས་སེམས་སྐྱེས་སྟེ་དྲེགས་པས་བརྒྱལ་ནས་རྫུན་དུ་སྨྲས་སོ། །བདག་གི་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པོ། །ཞེས་བརྗོད་པས། བསོད་ནམས་སྐྱེས་སྟེ་རྒྱལ་པོས་སྤྱན་དྲངས་པས། དེར་རྒྱལ་པོའི་བཙུན་མོ་ལ་ཆགས་པ་སྐྱེས་པས་ཁུ་བ་འཐིག་པ་འཁོར་གྱིས་མཐོང་ནས། དེར་འཕགས་པ་ཡིན་ན་ཟག་པ་ཟད་པས་ཁུ་བ་མི་འབྱུང་བ་ཡིན་པ་ལ། ཁུ་བ་འབྱུང་པ་བཅུག་ཡིན་ཞུས་པས། དེ་ནི་བདུད་ཀྱིས་བརྩེས་པ་ཡིན་ཏེ་ལྷའི་བུའི་བདུད་བྱ་བ་མི་སློབ་པའི། སྔར་ཕྱིན་ཀྱང་དགེ་བ་ལ་བར་ཆད་བྱེད་དོ་ཞེས་སྨྲས་ནས། སློབ་མ་རྣམས་སྤྲོས་པ་བཞུགས་པའི་ཕྱིར་ན་ཁ་ཅིག་ལ་ནི་ཁྱོད་ཀྱིས་རྒྱུན་དུ་ཞུགས་པ་ཐོབ་བྱས། དེ་བཞིན་དུ་དགྲ་བཅོམ་པ་དང་རང་སངས་རྒྱས་དང་ཀུན་ཏུ་རྒྱུ་ཐོབ་བྱས་པས་འཁོར་རྣམས་ཀྱིས་གསོལ་པ། བདག་ལྕགས་ཅི་ཡང་མི་ཤེས་ན་འབྲས་བུ་ཐོབ་ཅེས་ཅི་ལ་བགྱི་ལགས་ཞེས་ཞུས་པས། ཅིས་ཀྱང་ཐོབ་པ་ཡིན་གྱིས་ཞེས་ཚིག་མང་དུ་སྨྲས་པས། དུས་གཞན་ཞིག་རྩམ་ན་སློབ་མ་རྣམས་ཆོས་ལོགས་རྫུན་དུ་སྨྲས་པས་འགྱོད་ནས། མཚན་མོ་ཞིག་གདུངས་སྟེ། ཀྱེ་མ་ཀྱི་ཧུད་སྡུག་བསྔལ་ཆེན་པོའོ། །ཞེས་བོས་
༄༅། །པ་ལས། འཁོར་རྣམས་ཀྱི་ཐོས་ནས། ཅི་ཉེས་ཞེས་སྨྲས་པས། ཅི་ཡང་མ་ཉེས་ཟེར། འོ་ན་ཀྱེ་མ་ཀྱི་ཧུད་ཅེས་པ་ཅི་ལྟར་ཡིན་ཞེས་ཞུས་པས། དེ་ནི་ངས་འཕགས་པའི་ལམ་ལ་དམིགས་ཏེ་མ་བོས་ན་མངོན་དུ་མི་འགྱུར་ཞེས་སྨྲས་སོ། །དེ་ནས་འཁོར་རྣམས་ལ་ཆོས་ལོགས་སྨྲས་པ་རྣམས་ཚིག་ཅད་དུ་བསྡུས་སྟེ། ལྷ་རྣམས་མ་རིག་པའི་བསླུས། །ཐེ་རྩོམ་ཅན་རྣམས་གཞན་གྱིས་འབྱུག །ལམ་ནི་སྒྲའི་རྒྱུན་ལས་འབྱུང་། །འདི་ནི་འབུད་དྷས་བསྟན་པ་ཡིན། །ཞེས་པ་གཅིག་ལྷ་ཆེན་པོ་ལ་གསོའ་སྦྱོང་གི་རེ་མོངས་སོ་སོར་ཐར་པ་འདོན་དུས་སུ་བརྗོད་པས། གནས་དེ་ན་ཐོས་པ་དང་ཤེས་རབ་དང་འབྲས་བུ་ཐོབ་ཏུ་ཉེ་བ་བག་རེ་ཡོད་པ་རྣམས་ཀྱིས་ཚིག་དེ་ལ་བརྟགས་པས་ཚིག་འདི་ནི་བཀའ་ལས་ཀྱང་མགལ། དོན་ལས་ཀྱང་མཛེས་པར་མི་སྣང་ནས་སྨྲས་པ། ལྷ་ཆེན་པོ་ཚིག་འདི་ལྟ་བུ་ནི་མ་སྨྲ་ཅིག །འདི་ནི་སངས་རྒྱས་ཀྱིས་སྟན་པའི་འདུལ་བའི་ཆོས་མ་ཡིན་ནོ་ཞེས་སྨྲས་པས། དེར་ཚིག་དེ་ལས་གླེང་ལངས་སྟེ་མཚན་ཐོག་ཐག་བཙོད་པར་འགྱུར། རྒྱལ་པོ་དང་བློན་པོ་ལ་སོགས་པས་རེ་མོངས་ཀྱི་བསྡུམས་ཀྱང་མ་དུམ་ནས། སྔོན་སངས་རྒྱས་ཀྱི་ཙོད་པ་ཞི་བའི་ཆོས་འགའ་ཡང་མ་གསུངས་སམ་ཟེར་བས། ཁ་ཅིག་ན་རེ་དེ་ནི་གསུང་སོ་ཟེར་ནས། འོ་ན་གནས་བརྟན་པ་ལྟར་མེད་ཞེས་གསུང་པ་རྣམས་ཕྱོགས་གཅིག་ཏུ་བྱས། ལྷ་ཆེན་
པོ་ལྟར་མེད་ཞེས་ཟེར་བ་རྣམས་ཀྱང་ཕྱོགས་གཅིག་ཏུ་བཞུགས་སུ་གསོལ་ཞེས་པས། དེ་ལྟར་གྱིས་ཚེ་ན་གནས་བརྟན་ཆེན་པོའི་ཕྱོགས་སུ་ནི་རྒན་རིམས་ཉུང་ཤས་ཆུང་པ་གཅིག་ལུས། ལྷ་ཆེན་པོའི་ཕྱོགས་སུ་ནི་གཞོན་རིམས་དྲགས་པ་ཅན་དང་དགེ་འདུན་དྲངས་ཀྱིས་མང་པར་གྱུར་ཏེ། གནས་བརྟན་པའི་སྡེ་པ་དང་། དགེ་འདུན་ཕལ་ཆེན་པའི་སྡེ་པ་གཉིས་སུ་གྱེས་པར་གྱུར་ཏོ། །དེ་ནས་འབུད་དྷ་འདས་ནས་ལོ་ཉི་རྒྱ་ལོན་རྩམ་ན་ཕལ་ཆེན་པའི་སྡེ་པ་ལ་བཙོད་པ་བྱུང་ནས་རྩ་བ་མ་རྟོགས་པ་ལྔར་གྱེས་ཏེ། ཤར་དང་ནུབ་དང་གངས་རི་དེ། །འདས་པའི་སྡེ་དང་བརྟགས་པའི་སྡེ་བོ། །དེ་ནས་འབུད་དྷ་འདས་ནས་ལོ་སུམ་རྒྱ་ནས་བཞི་བརྒྱ་ཚུན་ཆོད་དུ། གནས་བརྟན་པ་ལ་བརྩོད་པ་བྱུང་ནས་གསུམ་དུ་གྱེས་སྟེ། གནས་བརྟན་པའི་སྡེ་པ་དང་། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དང་། འཕགས་པ་ཀུན་གྱིས་བསྐུར་བིའ་སྡེའོ། །གནས་བརྟན་པའི་སྡེ་ལ་ཡང་རྩ་བ་མ་རྟོགས་པ་གསུམ་དུ་གྱེས་སྟེ། གཙུག་ལགས་ཁང་སྡེ། རྒྱལ་བྱེད་འཚལ་གནས། འཇིགས་བྱེད་རིགས་གནས་སྡེ། ཐམས་ཅད་ཡོད་པར་སྨྲ་བ་ལས་ཀྱང་རྩ་བ་མ་རྟོགས་པ་བདུན་དུ་གྱེས་སྟེ། བཞི་ཐམས་ཅད་ཡོད་པར་སྨྲ་བ། འོད་བསྲུངས། ས་གནོན། ཆོས་སྲུངས། མང་དུ་ཐོས་པ། གོས་དམར་ཅན། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། འཕགས་པ་ཀུན་གྱིས་བསྐུར་བའི་སྡེ་པ་ཡང་གསུམ་དུ་གྱེས་སྟེ། ས་སྒྲོགས་སྡེ། སྲུངས་པའི་སྡེ། གནས་
༄༅། །མ་བུ་ཡི་སྡེའོ། །