ལྡེའུ་ཆོས་འབྱུང་།
ཚུལ་ཇི་ལྟ་བུས་བསྟན་བཅོས་མཛད་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ཚུལ་ཇི་ལྟ་བུས་བསྟན་བཅོས་མཛད་པ།)

དེ་ལྟར་ལོ་སུམ་རྒྱ་ནས་བཞི་བརྒྱ་ཚུན་ཆོད་དུ་ཆོས་ཀྱི་ལྟ་བ་མ་མཐུན་ཞིང་བརྩོད་པ་ཡང་ལན་བདུན་བྱུང་ངོ་། །དགེ་འདུན་ཡང་གོང་བཞིན་རྩ་བ་དང་ཡན་ལགས་ཏུ་བཅས་ནས་བཅྭོ་བརྒྱད་དང་ཉི་ཤུ་རྩ་གཉིས་སུ་གྱེས་སྟེ། སོ་སོའི་སྡེ་པའི་སློབ་དཔོན་རྣམས་ཀྱིས་སྟན་ཆོས་ཀྱང་མང་དུ་མཛད་དོ། །ཚུལ་ཇི་ལྟར་མཛད་པའི་ཚུལ་ཡང་། མུ་ཏེགས་ཀུན་རྟགས་པའི་བློ་ཅན་ལ་གང་ཟག་མེད་པ་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་གཉིས་བསྟན་པའི་ཆོས་འདི་དག་ཀྱང་མེད་པ་མ་ཡིན་ཏེ། ཡོད་པར་སྟན་པས། ཆོས་འདི་དག་ཐམས་ཅད་ཀྱང་ཅུང་ཟད་ཡོད་པར་ལྟ་བ་ཤས་ཆེ་བར་གྱུར་ཏོ། །དེ་སྐད་དུ་ཡང་ལང་དཀར་གཤེགས་པ་ལས། བཅྭོ་བརྒྱད་དང་ནི་ཉི་ཤུ་གཉིས། །ཐམས་ཅད་ཐེགས་པ་གཅིག་ལས་བྱུང་། །ཡོད་མ་ཡིན་མེད་པ་མིན། །མ་འོངས་འབྱུང་པར་ང་སྨྲའོ། །ཞེས་པ་དང་། རྒྱས་པར་ནི་ཏོག་གེ་ལ་འབར་ནས་འབྱུང་པ་བཞིན་ཏུ་ཤེས་པར་བྱའོ། །འདི་རྣམས་ཀྱིས་ལྟ་བ་དང་འདོད་གཞུང་རྒྱས་པར་འདུལ་བའི་ལྷས་མཛད་པའི་གཞུང་ལུགས་ཀྱི་སྟན་ཆོས་ལྟ་བ་གསུམ་པ་ཞེས་བྱ་བ་དེ་ནས་རྒྱས་པར་གསལ་ལོ། །དེ་ལྟར་སྡེ་པ་ཉི་ཤུས་སྒྱེས་པ་རྩ་ན་དགྲ་བཅོམ་པ་གོ་མི་ཙན་ཏྲ་ཞེས་བྱ་བས་འདུལ་བའི་སྟན་ཆོས་བརྩམས་པ་ཡང་ཡོད་སྐད།(འདི་ཡན་མཐའ་ཚེས་བཀོད་གྲུབ།) དེ་དག་གི་བཀའ་འཁོར་ལོ་དང་པོ་བདེན་པ་བཞིའི་སྟན་ལ་འབེབ་པ་ཚད་མའི་སྟན་ཆོས་ཞེས་བྱ་སྟེ། གཞུང་ལས། ཆོས་ཀྱི་འཁོར་ལོ་

57b

དང་པོའི་བཤད་པས་སྟེ། སྟན་ཆོས་འཁོར་ལོ་དང་པོ་ཐོག་མར་བཞེད་པ་ཡིན་ཞེས་པའི་དོན་ནོ། །