ལྡེའུ་ཆོས་འབྱུང་།
ཆོས་འཁོར་གསུམ་པའི་བསྟན་བཅོས་བརྩམས་ཚུལ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ཆོས་འཁོར་གསུམ་པའི་བསྟན་བཅོས་བརྩམས་ཚུལ།)

དེ་ནས་སྟན་ཆོས་འཁོར་ལོ་གསུམ་པའི་བརྩམས་ཚུལ་ནི། དེ་ནས་སྟན་ཆོས་འཁོར་ལོ་གསུམ་པ་ནི། ཞེས་པ་ལ་སོགས་པའི་ཚིག་ཅད་བཞིས་སྟོན་ཏེ། འདུས་པ་གཉིས་ཀྱི་གཞུང་ན་གསལ། ཕ་རྒྱུད་འབྲེལ་བྱེ་སྟེ་ལ་སོགས་དཔག་ཏུ་མེད། །ཞེས་པ་དགྲ་ནག་གིས་རྒྱུད་ལས། དཔལ་མཛིན། ནི་ལ་བཛྲ། ནག་པོ་ཞབས། ཉིན་ཕྱེད་གྲག་པ། ལ་སོགས་པས་མཛད། འཇིགས་བྱེད་ལ་སམ་(མ་འདི་ཏ་བཛྲ)ཏ་བཛྲ་དང་། ཨ་མོ་ཀ །གཞོན་

61b

ནུ་ཡང་བ་ལ་སོགས་པའོ། །མའི་རྒྱུད་སྡེ་བཅུ་བཞི་དོན་འབྲེལ་ལ་སློབ་དཔོན་རྣམས་ཀྱིས་དཔག་ཏུ་མེད་པ་མཛད་ཞེས་པ་ནི། བདེ་མཆོག་ལ་ཕྱག་ན་རྡོ་རྗེའི་བསྟོད་འབྲེལ་དང་། ཀ་མ་ལ་(དྲིལ་བུ་བའི་མཚན་ཡིན་ནམ་བརྟག་)དང་། ཀླུའི་པ་(ལོ་ཧི་པ་)དང་། ནག་པོ་པ་(ནག་སྤྱོད་པ་)ལ་སོགས་པའོ། །དགྱེས་རྡོར་ལ་རྡོ་རྗེ་སྙིང་པོའི་འབྲེལ་པ། མཚོ་སྐྱེས་མུ་ཏིག་ཟླ་བ། བའི་བྷ་ (བྷ་ཝ་པ)བ། དམ་ཚིག་རྡོ་རྗེ། ཤན་ཏི་བ་ལ་སོགས་པའོ། །མ་ཧཱ་མ་ཡ་ལ་ཡང་། ཀུ་ཀུ་རི་པ། བརྒྱན་པ། ཤན་ཏི་པ་ལ་སོགས་པའོ། །གདན་བཞི་ཡང་ཨ་རྱ་དྷེ་བའི་གཞུང་ལ་སོགས་པའོ། །འབུད་དྷ་མཉམ་སྦྱོར་ལ་ཞི་བ་བཤེས་གཉེན་དང་། ཀུན་དགའ་སྙིང་པོ་ལ་སོགས་པའོ། །དུས་འཁོར་ལ་འབུད་དྷེ་སྤྱན་རས་གཟིགས་ལ་སོགས་པའོ། །དེ་དག་ལ་སོགས་པའི་རྒྱུད་གཞན་དང་གཞན་ལ་ཡང་སྟན་ཆོས་མཛད་པ་སྤྲོས་པས་ཆོག་གོ་གསུངས། སྟན་ཆོས་ཀྱི་འཁོར་ལོ་གསུམ་པའོ། །དེ་ནི་ཆོས་ཇི་ལྟར་གསུངས་པའི་ཚུལ་ལོ། །