ལྡེའུ་ཆོས་འབྱུང་།
སྤྱི་དང་བྱེ་བྲག་གི་བསྟན་བཅོས་མདོར་བསྟན་པ།
ལེའུ་སྔོན་མ།
(སྤྱི་དང་བྱེ་བྲག་གི་བསྟན་བཅོས་མདོར་བསྟན་པ།)
དེ་ལྟར་བཀའི་དབྱེ་བ་སྟན་ནས། ད་ནི་སྟན་ཆོས་ཀྱི་དབྱེ་བ་བསྟན་པའི་ཕྱིར། སྟན་ཆོས་ལ་ཡང་སྤྱི་དང་བྱེ་བྲག་གཉིས། སྤྱི་ལ་ལྔ་སྟེ་བྱེ་བྲག་རྣམ་པ་གཉིས་ཞེས་སྨོས་ཏེ། སྤྱིར་ནི་རིགས་པའི་གནས་ལྔ་ལ་སྟན་ཆོས་སུ་གྲགས་སོ། །དེ་སྐད་དུ་ཡང་། རྒྱལ་བ་བྱམས་པས། རིགས་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་པར་མི་འགྱུར་ཏེ། །དེ་བས་གཞན་དག་ཚར་ཅད་རྗེས་གཟུང་བྱ་བའི་ཕྱིར། །བདག་ཉིད་ཀུན་མཁྱེན་ཐོབ་པར་བྱ་ཕྱིར་དེ་ལ་དེ་བཙོན་བྱ། །ཞེས་གསུངས་པས་སོ། །