ལྡེའུ་ཆོས་འབྱུང་།
རྒྱུ་དང་འབྲས་བུ་ཐེག་པའི་ཁྱད་པར།
ལེའུ་སྔོན་མ།
ལེའུ་རྗེས་མ།

(རྒྱུ་དང་འབྲས་བུ་ཐེག་པའི་ཁྱད་པར།)

རྒྱུ་དང་འབྲས་བུའི་ཐེགས་པའི་ཁྱད་པར་དང་ཞེས་པ་ནི། རྒྱུ་འབྲས་བུ་ཡིན་ཀྱང་མིང་འདོགས་ཀྱིས་བཞིར་འགྲོ་སྟེ། རྒྱུ་འབྲས། མདོ་སྔགས། ཕ་ར་མི་ཏ་དང་ཐབས་ཀྱི་ཐེགས་པ་མཚན་ཉིད་ཀྱི་ཐེགས་པ་དང་རྡོ་རྗེའི་ཐེགས་པ་དང་ཞེས་འདོགས་སོ། །དེ་ལ་དང་པོ་རྒྱུ་འབྲས་ཀྱི་ཐེགས་པར་ཁྱད་ནི་རྒྱུའི་ཐེགས་པ་ནི་ཞེས་བྱ་བ་དྲང་དོན་ཏེ། རྒྱུ་བསོད་ནམས་ཀྱི་ཚོགས་རྩམ་ལ་རྟེན་ནས་གོམས་པའི་རྗེས་དཔག་ལམ་དུ་བྱེད་ལ། འབྲས་བུའི་ཐེགས་པ་ནི་ངེས་དོན་ཏེ། དེ་ལ་ཡེ་ཤེས་ཀྱི་ཚོགས་སྟོང་ཉིད་ཀྱི་རྒྱལ་བཏབ་ནས་བྱིན་རླབས་སམ་མངོན་སུམ་ལམ་དུ་བྱེད་པའོ། །དེ་སྐད་དུ་ཡང་། ཐེགས་པ་གསུམ་གྱིས་ངེས་འབྱུང་ལ། །ཐེགས་པ་གཅིག་གི་འབྲས་བུར་གནས་ཞེས་སོ། །