(རྒྱུ་འབྲས་ཀྱི་ཁྱད་པར།)
ཡང་རྒྱུ་འབྲས་ལ་ཁྱད་པར་བཞི་སྟེ། རང་བཞིན་གྱིས་ཁྱད་པར། ཡོན་ཏན་གྱིས་ཁྱད་པར། ངོ་བོ་ཉིད་ཀྱིས་ཁྱད་པར། བྱིན་རླབས་ཀྱིས་ཁྱད་པར་རོ། །དེ་ལ་རང་བཞིན་གྱིས་ཁྱད་པར་ནི། མཚན་ཉིད་ཀྱིས་དོན་དམ་པ་དེ་ཅིར་ཡང་སྣང་དུ་མི་རུང་ལ། སྔགས་སྤྱིར་ཡང་སྣང་དུ་རུང་ངོ་། །གཉིས་པ་ཡོན་ཏན་གྱིས་ཁྱད་པར་ནི། མཚན་ཉིད་དོན་དམ་དེ་ཅི་ཡང་མ་ཡིན་པར་འདོད་ལ། སྔགས་ནི་ཅིར་ཡར་གྲུབ་ཏུ་རུང་། ཡང་དོན་དམ་དེ་སྐོར་བདུན་ཏེ། ཀ་པ་རྩ་(སྐུ་གསུང་ཐུགས་)ཡོན་ཏན་འཕྲིན་ལས་ལ་ཡེ་ཤེས་སུ་བོ། །དེ་ཡང་བརྒྱད་བཅུ་པ་ལ་ལས། དོན་དམ་བདེན་པ་བསྐོར་བདུན་ནོ་ཞེས་གསུངས་སོ། །གསུམ་པ་ངོ་བོ་ཉིད་ཀྱིས་ཁྱད་པར་ནི། མཚན་ཉིད་པ་དོན་དམ་བྱ་བ་དེ་ཀུན་རྫོབ་སྤང་པ་འདོད། སྔགས་ལ་མ་སྤང་སྟེ་གང་ཡང་མ་སྤང་ལྷུན་གྱིས་གྲུབ་པ་ལ་འདོད། བཞི་པ་བྱིན་རླབས་ཀྱིས་ཁྱད་པར་ནི། མཚན་ཉིད་པ་ཀུན་རྫོབ་དེ་སྒྱུ་མ་རྩམ་དུ་འདོད། སྔགས་ཀྱི་ཀུན་རྫོབ་བསྒོམས་ན་ལྷར་གྲུབ་པར་འདོད་པའོ། །ཡང་ན་གསུམ་སྟེ་རྒྱུ་ཐབས་འབྲས་བུའི་ཁྱད་པར་རོ། །དེ་ལ་རྒྱུའི་ཁྱད་པར་ནི། མཚན་ཉིད་པ་པ་ར་མི་ཏ་བ་དལ་འབྱོར། ཁྱད་པར་དུ་
ཐེགས་པ་ཆེན་པོར་སེམས་སྐྱེད་པ་ཡིན་ཀྱང་། དབང་གི་རྒྱུ་མ་སྨིན་པས་ལམ་པ་ར་མི་ཏ་ལས་ཅད་དུ་མེད། དེས་འབྲས་བུ་ཡུན་རིང་ངོ་། །གསང་སྔགས་པ་རྒྱུའི་རྒྱུད་རྟེན་གྱི་གང་ཟག་དེ་དབང་གིས་རྒྱུད་སྨིན་པས་ལམ་སྐུ་གསུམ་ཡེ་ཤེས་ལྔ་ལ་ཅད་དུ་ཡོད་དེ། དེས་ལམ་འབྲས་བུ་དང་བཅས་པ་མྱུར་དུ་ཐོབ་བོ། །དེ་སྐད་དུ་ཡང་། རྡོ་རྗེ་ས་འོག་ལས། མཚན་ཉིད་རྒྱུའི་ཐེགས་པ་ནི། །རང་བཞིན་འབྲས་བུའི་དོན་མ་རྟོགས། །བདེ་ཐོབ་འདོད་པ་ཤིན་ཏུ་འཁྲུལ། །འབྲས་བུ་གསང་སྔགས་ཁྱད་པར་འཕགས། །རྒྱུའི་དུས་ན་དེ་ཉིད་བསྒོམས། །ངེས་པའི་དོན་གྱིས་ལམ་ཆེན་ཡིན། །ཞེས་སོ། །