ལྡེའུ་ཆོས་འབྱུང་།
གསང་སྔགས་གསར་རྙིང་གི་ཁྱད་པར།
ལེའུ་སྔོན་མ།
ལེའུ་རྗེས་མ།
79b

(གསང་སྔགས་གསར་རྙིང་གི་ཁྱད་པར།)

གསང་སྔགས་གསར་སྙིང་མཚོན་པའི་ཁྱད་པར་དང་། ཞེས་པ་ནི། རྡོ་རྗེ་གདན་ནས་འགྱུར་བ་གསར་མ་ཡིན་ལ། ཨུར་རྒྱན་ནས་འགྱུར་པ་སྙིང་མ་ཡིན་ཟེར། མཁའ་འགྲོ་ནས་རྒྱུད་པ་གསར་མ་ལ། རིགས་མཛིན་ནས་རྒྱུད་པ་སྙིང་མ། གཏེར་མ་མེད་པ་གསར་མ། གཏེར་མ་ཡོད་པ་སྙིང་མ་ཡིན་ཟེར་སྟེ། དེ་རྣམས་མ་ངེས་གསུང་། འོ་ན་གང་ཡིན་ན། གཞུང་ལས་གསལ་སྟེ། ཚད་མེད་པ་བཞི་དང་བདུན་རྣམ་དག་བཀོད་ནས། རྒྱུའི་རྡོ་རྗེ་འཆང་ལས་འབྲས་བུའི་རྡོ་རྗེ་འཆང་དུ་བསྒྱུར་བའི་གཞུང་འདུག་ན་དེ་གསར་མ་ཡིན་ལ། གཏིང་ངེ་མཛིན་གསུམ་སྔོན་དུ་བཀོད་ནས་འབྲས་བུའི་རྡོ་རྗེ་འཆང་དེ་ཕལ་ཆེར་ཡོངས་རྫོགས་སུ་གྲུབ་པའི་གཞུང་དེ་ནི་སྙིང་མ་ཟེར་སྟེ། དོན་ལ་རྒྱ་གར་ན་གསར་སྙིང་གི་ཕྱེ་བ་མེད་དེ། བོད་ཀྱི་ཕྱེ་བ་ཡིན་ཏེ། དེ་ལ་ལུང་མི་གདའོ། །