ལྡེའུ་ཆོས་འབྱུང་།
འབྲས་བུའི་ཁྱད་པར།
ལེའུ་སྔོན་མ།
ལེའུ་རྗེས་མ།

(འབྲས་བུའི་ཁྱད་པར།)

གསུམ་པ་འབྲས་བུའི་ཁྱད་པར་ནི། ཡེ་ཤེས་གཙོ་བོར་སྟོན་པ་ཕ་རྒྱུད་ལ། སྟོང་ཉིད་དམ་ཤེས་རབ་རྩོར་སྟོན་པ་དེ་མ་རྒྱུད་དོ། །དེ་ལྟར་ཡང་ཕ་ནི་ཡེ་ཤེས་ཆེན་པོས་ཏེ། །མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་པས་སོ། །གཞན་ཡང་ལྷ་ཕོའི་འཁོར་མང་ན་ཕ་རྒྱུད་ལ། ལྷ་མོའི་འཁོར་མང་ན་དེ་མ་རྒྱུད་དོ། །ཞུ་བ་པོ་ཕོ་མོ་དང་། རྩོ་བོ་ཕོ་མོ་དང་། དེ་ཐམས་ཅད་ཀྱང་ཕྱོགས་རེ་རྩམ་བཞག་དུ་བཏུབ་སྟེ་ལུང་དང་བཅས་པ་ནི་མི་གདའོ། །དེ་ལ་སོགས་པ་སྤྲོས་པ་དཔག་ཏུ་མེད་ཞེས་པ་ནི། ངག་གི་རིགས་བྱེད་དུ་འདོན་ཚད་ཐམས་ཅད་ཀྱི་ཁྱད་དབྱེ་བས་

82a

༄༅།       །སྟེ། འཁོར་འདས་སམ། སངས་རྒྱས་དང་སེམས་ཅན་ནམ། དོན་དམ་དང་ཀུན་རྫོབ་བམ། གསང་སྔགས་དང་རིགས་སྔགས་གཟུངས་སྔགས་གསུམ་གྱི་འམ་རྒྱུད་ལུང་མན་ངག་གསུམ་མམ། སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས་པའི་ཁྱད་པར་དཔག་ཏུ་མེད་དོ། །