ལྡེའུ་ཆོས་འབྱུང་།
བཞི་པ། རྒྱ་གར་ཕན་ཆད་དུ་ཆོས་ཇི་ལྟར་བྱུང་བའི་ཚུལ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(བཞི་པ། རྒྱ་གར་ཕན་ཆད་དུ་ཆོས་ཇི་ལྟར་བྱུང་བའི་ཚུལ།)

དེ་ལྟར་བཀའ་ཇི་ལྟར་གསུང་པའི་ཚུལ་དང་། ཇི་ལྟར་གསུང་པའི་བཀའ་དེ་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་བསྡུས་པའི་བསྡུས་ལུག་དང་བསྟན་ནས། ད་ནི་སྟན་ཆོས་ཇི་ལྟར་རྩམ་པའི་ཚུལ་བཤད་ན། སྟོན་པ་མྱ་ངན་ལས་འདས་པའི་ཕྱི་དེ་དབྱར། བྱེ་བྲག་བཤད་མཛོད་ཆེན་མོ་བྱ་བ་རྩམས་ཞེས་པ་ལ་སོགས་པས་སྟོན་ཏེ། དེ་ཡང་སྟོན་པ་འདས་པའི་དབྱར་ཕྱི་དེ་ལོ་ལ། གསང་པའི་བྲག་ཕུག་དུ་དགྲ་བཅོམ་པ་ལྔ་བརྒྱ་བཀའ་བསྡུད་པ་ལ་འཚོགས་པས། བཀའ་བསྡུ་མ་དགོས་དེ་གཞུང་དུ་མ་བཀོད། བཀའ་རྣམས་ཀྱི་དོན་འབྲེལ་པའི་ཚུལ་དུ་སྟན་ཆོས་འགའ་གྷ་རྩམ་རྩམས་ན། དེར་དགྲ་བཅོམ་པ་ཐམས་ཅད་དགོངས་པ་མཐུན་པར་བྱེ་བྲག་དུ་བཤད་མཛོད་ཆེན་མོ་བྱ་བ་རྩམས་སྐད།

96b

དེ་ནས་དེའི་དགྲ་བཅོམ་པ་བདུན་གྱི་དེའི་དོན་འབྲེལ་ལམ། མངོན་པའི་ཕྱོགས་སུ་འགྲོ་བའི་མངོན་པ་སྡེ་བདུན་མཛད་དེ། ཆོས་ཀྱི་ཕུང་པོ། གདགས་པའི་སྟན་ཆོས། ཡེ་ཤེས་ལ་འཇུག་པ། ཁམས་ཀྱི་ཚོགས། འགྲོ་བའི་རྣམ་གྲངས། རྣམ་པར་ཤེས་པའི་ཚོགས། རབ་ཏུ་འབྱེད་པའི་གཞི་རྣམས་རྩམས། སྟོན་པ་འདས་ནས་ལོ་སུམ་རྒྱ་ན་ཡུལ་དབུས་ཀྱི་ར་ཙ་དྷ་མ་ཨ་ཤོ་ཀའི་སྐུ་དྲིན་ལ། སློབ་དཔོན་བྷུ་བ་ཀ་བྱོན་ནས། སྒྲའི་སྟན་ཆོས་སྒྲ་པ་ནི་བྱ་བ་རྩམས། བྲམ་ཟེ་ཧོ་ཧ་ནས་སྒྲ་ཚིག་གི་སྒྲོན་མ་བྱ་བ་རྩམས། སློབ་དཔོན་རྩན་དྲ་གོ་མིས་བྷྱ་ཀ་ར་སྡེ་བརྒྱད་རྩམས། དགྲ་བཅོམ་པ་ཆོས་སྐྱོབས་ཀྱིས། དཀོན་མཆོག་རྩེགས་པ་ལ་རྟེན་ནས་མངོན་གསུམ་གྱི་ཚད་མ་བཞི་དང་། རྗེས་དཔག་གི་ཚད་མ་གསུམ་མཛད།