ལྡེའུ་ཆོས་འབྱུང་།
དབུ་མའི་བསྟན་བཅོས་ཀྱི་བྱུང་ཚུལ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(དབུ་མ་བསྟན་བཅོས་ཀྱི་བྱུང་ཚུལ།)

སྟོན་པ་འདས་ནས་ལོ་ནི་བཞི་བརྒྱ་ན་ཞེས་པ། སློབ་དཔོན་གཉིས་ཀྱིས་དབུ་མ་དང་སྔགས་དང་། གསོ་བ་རིགས་པ་སྟན་ཆོས་རྩམས་ཚུལ་འཆད་དོ། །དེ་ཡང་སྟོན་པ་འདས་ནས་ལོ་བཞི་བརྒྱ་རྩམ་ན། བྲམ་ཟེ་ས་ར་ཧ་དང་། ཨརྱ་ན་ག་གཉིས་བྱོན་ཏེ། བྲམ་ཟེ་ཆེན་པོ་ས་ར་ཧ་པས། ཕྱག་རྒྱ་ཆེན་པོ་མདོ་ཧ་ཆེ་འབྲིང་རྣམས་དང་། སྔགས་དང་མཚན་ཉིད་ཀྱི་སྟན་ཆོས་

99a

༄༅།       །འགའ་ཟུང་རྩམས། འཕགས་པ་ཀླུ་གྲུབ་ཡབ་སྲས་ཀྱི་མཚན་ཉིད་ཀྱི་སྟན་ཆོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མཚན་ཉིད་མེད་པའི་ཆོས་ཀྱི་དོན་འབྲེལ་དབུ་མའི་སྟན་ཆོས་རྩམས་ཏེ། སློབ་དཔོན་ཉིད་ཀྱིས་རྩ་བ་ཤེས་རབ། རིགས་པ་དྲུག་བཅུ་པ། སྟོང་ཉིད་བདུན་བཅུ་པ། བརྩོད་པ་ཟློག་པ། ཞིབ་མོ་རྣམ་པར་འཐག་པ། རིན་པོ་ཆེའི་འཕྲེང་པ། ག་ལ་འཇིགས་མེད་ལ་སོགས་པ་མཛད། ཨརྱ་དེ་བས་བཞི་རྒྱ་པ་མཛད། ཟླ་གྲགས་ཀྱིས་རྩ་བ་ཤེས་རབ་ཀྱི་འབྲེལ་པ་ཚིག་གསལ་དང་། ཞི་བརྒྱ་པའི་འབྲེལ་པ་དང་། འཇུག་པའི་འབྲེལ་པ་རིགས་པ་དྲུག་བཅུ་པ། སྟོང་ཉིད་བདུན་བཅུ་པ། རིན་པོ་ཆེའི་འཕྲེང་པ་དེ་རྣམས་ཀྱི་འབྲེལ་པ་མཛད། སངས་རྒྱས་ཞབས་ཀྱི་ཀྱང་རྩ་ཤེས་པའི་འབྲེལ་པ་མཛད། བྷ་བྱས་ཀྱང་ རྩ་ཤེའི་འབྲེལ་པ་ཤེས་རབ་སྒྲོན་མ་མཛད། དེའི་འབྲེལ་པ་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ཀྱི་མཛད། བྷ་བྱས་ཏོག་གེ་ལ་འབར་བ་མཛད་དེ། དེ་རྣམས་ནི་རིགས་པའི་ཚོགས་སམ། གཞུང་ཕྱི་མོ་ཞེས་བྱའོ། །དེ་ནས་བྷ་བྱའི་རྗེས་སུ་འབྲེང་པའི་ཡེ་ཤེས་སྙིང་པོས་བདེན་གཉིས་མཛད། ཐོག་མེད་ཀྱི་རྗེས་སུ་འབྲང་པའི་ཞི་བ་མཚོ། དབུ་མ་བརྒྱན་མཛད། ཀ་མ་ལ་ཤི་ལ་དབུ་མ་སྣང་པ་མཛད་དེ། དེ་གསུམ་ལ་དབུ་མ་ཤར་གསུམ་ཞེས་བྱ་སྟེ། རང་རྒྱུད་པ་ཞེས་བྱའོ། །དེ་རྣམས་ནི་ཕར་ཕྱིན་དང་ལྟ་བ་མཐུན་པས་དབུ་མའི་སྟན་ཆོས་སོ། །ཁྱད་པར་དུ་ཤེས་རབ་ཀྱིས་ཕ་རོལ་

99b

དུ་ཕྱིན་པ་གཞུང་ཆེ་འཕྲ་ཉི་ཤུ་ལ་སྟན་ཆོས་མཛད་པ་ནག་ཁྲིད་བཅུ་དགུ་ལ། དྷ་སྟོ་ས་ནས་འབུམ་ལ་ཏིག་ག་འབུམ་ཏིག་མཛད། ཕྱོགས་ཀྱི་གླང་པོས་དོན་བསྡུས། བྱམས་པས་མངོན་ཏོག་བརྒྱན་མཛད། ཐོག་མེད་ཀྱི་བྱེ་བྲག་བཤད་པ་དང་སྐབས་བསྡུས། ཀླུ་གྲུབ་ཀྱི་དོན་བསྡུས། ཨརྱ་དེ་བས་ཀྱང་དོན་བསྡུས། དབྱིག་གཉེན་གྱིས་ཉི་ཁྲི་གཞུང་འབྲེལ། འཕགས་པ་རྣམ་གྲོལ་སྡེས་ཉི་ཁྲི་སྣང་པ། སོ་སོ་སྐྱེ་བོ་རྣམ་གྲོལ་སྡེས་སྙིང་པོ་མཆོག །སེང་གེ་བཟང་པོས་འབྲེལ་ཆེན། དེ་ཉིད་སྣང་པ། རྒྱད་སྟོང་འབྲེལ། འབྲེལ་ཆུང་། ཤན་ཏི་པས་དག་ལྡན། ཡེ་ཤེས་ཞབས་ཀྱིས་པན་རྩི་ཀ། ཀ་མ་ལ་ཤི་ལས་ཡེ་ཤེས་སྙིང་ལ་འབྲེལ་ཆུང་། བི་མ་ལ་མི་ཏྲས་ཤེས་སྙིང་ལ་རྒྱ་ཆེན་འབྲེལ། ཁ་ཆེ་ཛྙཱ་ཤྲིས་ཀྱང་། མངོན་རྟོགས་རྒྱན་ལ་འབྲེལ་པ་མཛད་སྐད།