ལྡེའུ་ཆོས་འབྱུང་།
རིགས་མེད་རྒྱལ་པོ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(རིགས་མེད་བེམ་པོའི་རྒྱལ་པོ་ལྔ་བསྟན་པ།)

རྒྱས་པར་བཤད་ན་གཞུང་ལས། རིགས་མེད་རྒྱལ་པོ་གངས་རི་རྡོ་ཤིང་མཚོ། སྐད་པ་བེམས་པོའི་རྒྱལ་པོ་ལྔ་སྟེ། རིའི་རྒྱལ་པོ་རི་རབ། གངས་ཀྱི་རྒྱལ་པོ་ཏེ་རྩེ། ཤིང་གི་རྒྱལ་པོ་ཡོངས་འདུ་ས་རྡོལ། རྡོའི་རྒྱལ་པོ་ཨ་མོ་ལི་ཀ །མཚོའི་རྒྱལ་པོ་མ་གྲོས་པའམ་ཕྱིའི་རྒྱ་མཚོ། དེ་སྐད་དུ་ཡང་རིན་ཆེན་དཔུང་པ་ལས། རིའི་རྒྱལ་པོ་རི་རབ་ལགས་སོ་སྐད། །ལོགས་བཞི་རྒྱུ་ནི་རིན་ཆེན་བཞི་ལས་གྲུབ། །སྟེང་ན་རིན་ཆེན་མིག་མངས་རིས་སུ་ཡོད། །འཁོར་དང་འབངས་སུ་གསེར་གྱི་རི་བདུན་ཡོད། །གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད་དུ་བཅས། །ལྕགས་རི་ནག་པོ་མུ་ཁྱུད་མཛིན་གྱིས་སྐོར། །སྟན་ཚིག་དེ་ཕྱིར་རིའི་རྒྱལ་པོ་ཡིན། །ཤིང་གི་

108b

རྒྱལ་པོ་ཡོངས་འདུ་ས་རྡོལ་ཡིན། །རྩ་བ་དཔག་ཚད་ལྔ་བཅུ་མཐུར་དུ་ཟུག །ཡར་ལ་སྐྱེས་པ་བརྒྱད་ཁྲི་བཞི་སྟོང་ཡོད། །ཡལ་ག་ཕྱོགས་བཞི་འཚམས་བཞིར་གྱེས་པ་ལ། །ས་བཞི་དཔག་ཚད་ལྔ་བཅུ་ཚུན་ཆད་ཁྱབ། །ཐ་མ་བསྐོར་བས་དཔག་ཚད་སུམ་རྒྱ་ཡོད། །ལྷའི་ལོངས་གཅོད་ཀུན་ཀྱང་དེ་ལས་བྱུང་། །སྟན་ཚིགས་དེ་ཕྱིར་ཤིང་གི་རྒྱལ་པོ་ཡིན། །རྡོའི་རྒྱལ་པོ་ཨ་མི་ལི་ཀ་ཡིན། །ཆེ་ཆུང་མཐའ་བསྐོར་དཔག་ཚད་ཉི་རྒྱ་ཡོད། །བཀྲ་ཤིས་ཡིད་འོངས་ཉམས་སུ་དགའ་བ་དང་། །དབང་པོ་བརྒྱ་སྦྱིན་ཉེ་དབང་སུམ་བཅུ་དང་། །སུམ་བཅུ་རྩ་གསུམ་འཁོར་དང་བཅས་པའི། །ལོངས་སྤྱོད་འཚོགས་པ་གདན་ཁྲི་ཡོད་པ་ཡིས། །སྟན་ཚིག་དེ་ཕྱིར་རྡོའི་རྒྱལ་པོ་ཡིན། །ཆུའི་རྒྱལ་པོ་ཕྱིའི་རྒྱ་མཚོ་ཡིན། །ཆུ་བྲན་འབུམ་དང་དྲུག་ལ་སོགས་པ། །བབས་ཀྱང་མི་མཐོ་ཆད་ཀྱང་མི་དམའ་བ། །གླིང་བཞི་གླིང་ཕྲན་བརྒྱད་ཀྱང་དེའི་རྟགས། །ནང་ན་ཡིད་བཞིན་ནོར་བུ་རིན་ཆེན་ཡོད། །མཚན་ཉིད་བརྒྱད་ལྡན་ཆུའི་རྒྱལ་པོ་ཡིན། །མཚོའི་རྒྱལ་པོ་མ་གྲོས་པ་ཞེས་བྱ། །ཀླུའི་རྒྱལ་པོ་མ་གྲོས་གནས་པའི། །འཛམ་གླིང་ཆད་པ་ཀུན་ཀྱང་དེ་ལས་བྱུང་། །ཆུ་བོ་བཞི་ཡངས་བདུན་བདུན་སྐོར་བ་བྱེད། །དེ་ནས་ཕྱིའི་རྒྱ་མཚོར་འབབ་པར་གསུངས། །ཁྲུས་བྱས་སྒྲིབས་པ་རྣམ་གསུམ་དེ་ཡིས་འདག །སྟན་ཚིག་དེ་ཕྱིར་མཚོའི་རྒྱལ་པོ་ཡིན། །གངས་ཀྱིས་རྒྱལ་པོ་ཏེ་རྩེ་ཞེས་བྱ་བ། །ཆུ་བོ་བཞི་ཡང་དེའི་སྨངས་ནས་འབབས། །ལྷུན་

109a

༄༅།       །གྱིས་གྲུབ་པ་མཆོད་རྟེན་གཟུགས་སུ་གནས། །ལན་གསུམ་བསྐོར་བས་འཚམས་མེད་ལྔ་ཡང་འདག །ངན་སོང་གསུམ་དུ་མི་སྐྱེ་མཐོ་རིས་ཐོབ། །སྟན་ཚིག་དེ་ཕྱིར་གངས་ཀྱི་རྒྱལ་པོ་ཡིན། །ཞེས་སོ། །