(བུ་རམ་ཤིང་པ།)
ད་ནི་བུ་རམ་ཤིང་པའི་ལྟེངས་ལ་གླེང་པ་ནི། དེ་ལྟར་རྒྱལ་པོ་མཛེས་ལྡན་ནས། བགྲངས་པའི་རྒྱལ་པོ་བརྒྱད་ཁྲི་བརྒྱད་སྟོང་བརྒྱད་རྒྱའི་རྟིང་ལ་རྒྱལ་པོ་རྣ་བ་ཅན་བྱུང་། དེ་ལ་བུ་གཉིས་ཏེ། གོའུ་ཏ་མ་དང་། བ་ར་ད་ཛའོ། །གོའུ་ཏ་མ་ནི་རབ་ཏུ་བྱུང་པ་ལ་དགའོ། །བ་ར་ད་ཛ་ནི་རྒྱལ་སྲིད་མཛིན་པ་ལ་དགའ་འོ། །གོའུ་ཏ་མས་དགེ་སྡིག་མཐོང་ནས་བསམས་པས། ཡབ་འདས་ནས་བདག་རྒྱལ་པོར་གྱུར་ཏེ། ཆོས་མ་བྱས་ན་དམྱལ་བར་ལྟུང་པར་འགྱུར་
བས། བདག་རབ་ཏུ་འབྱུང་ངོ་སྙམ་ནས་ཡབ་ལ་ཞུས་པ། ཡབ་མཁྱེན་པར་མཛོད་ཅིག་བདག་དད་པ་སྐྱེས་པས་རབ་དུ་འབྱུང་བར་ཞུ་བྱས་པས། ཡབ་ན་རེ་ཁྱོད་དེ་སྐད་ཅིའི་ཕྱིར་སྨྲ། ང་ཤི་ནས་རྒྱལ་སྲིད་ལག་ཐིལ་དུ་འོང་ཏེ་ཅི་ལ་རབ་དུ་བྱུང་ཞེས་སྨྲས་པས། གོའུ་ཏ་མ་ན་རེ་རྒྱལ་སྲིད་ཀྱིས་ཆོས་ཀྱི་བྱང་ཆུབ་མི་ཐོབ་པས། བདག་དེའི་ཕྱིར་རབ་དུ་བྱུང་པ་ལགས་སོ་ཞེས་སྨྲས་པས། ཡབ་ཀྱི་གནང་ནས་དྲང་སྲོང་མདོག་ནག་གི་ཐད་དུ་རབ་དུ་བྱུང་ནས། མཁན་པོ་ལ་ཞུས་པ་གྲོང་ཁྱེར་དམ་དགོན་པར་གནས་པས་བྱང་ཆུབ་མི་ཐོབ། བདག་གྲོང་འདབ་ཏུ་གནས་པར་ཞུ་ཞེས་སྨྲས་པས། དྲང་སྲོང་གི་ཞལ་ནས་བུ་བྱར་རུང་གི་གྲོང་ངམ་དགོན་པར་གནས་པ་ནི་མདོར་ན་དབང་པོ་སྲུང་པ་ཡིན་ཏེ། ཁྱོད་ཡུལ་གྲུ་མཛིན་གྱིས་ཉེ་འཁོར་དུ་ལོ་མའི་སྤྱིལ་པོ་གྱིས་ལ་འདུག་གཅིག་གསུང་ནས་ལོ་མའི་སྤྱིལ་པོ་བྱས་ནས་གནས་སོ། །དེ་ནས་ཡབ་འདས་ནས་རྒྱལ་སྲིད་བ་ར་དྭ་ཛ་ལ་བྱིན་ནོ། །དེའི་ཚེ་གྲོང་ཁྱེར་གྲུ་མཛིན་ན་སྨད་འཚོང་མ་བློ་གྲོས་བཟང་མོ་ཞེས་བྱ་བ་དང་། སྐྱེས་བུ་གཡོ་ཅན་པད་མོ་རྩ་ལག་ཅན་གཉིས་དགའ་འགུར་ཅད་པའི་ཕྱིར་མོ་ལ་གོས་དང་རྒྱན་བྱིན་ནོ། །དེའི་ནུབ་མོ་སྐྱེས་བུའི་གམ་དུ་འགྲོ་བའི་ལམ་དུ། ཀ་ཤ་པ་ནི་ལྔ་བརྒྱ་ཐོག་པ་གཅིག་གིས་མཐོང་ནས། བློ་གྲོས་བཟང་མོ་ཚུར་ཤོག་དགའ་འགུར་སྤྱོད་ཟེར་ནས། ཀ་ཤ་པ་ནི་མོ་ལ་བྱིན་
༄༅། །ནས་བསྡད་དེ། མོས་འཁོལ་མོ་ལ་སྨྲས་སྟེ། ཁྱོད་སོང་ལས་པད་མའི་རྩ་ལགས་ལ་དར་གཅིག་སྐབས་མ་མཆིས་སྡོས་ཀྱིས་མཆི་འོ་ཅེས་སྨྲོས་ཅེས་སྨས་ནས། ཁོལ་མོས་དེའི་གམ་དུ་ཕྱིན་ནས་དེ་སྐད་སྨྲས་པས། ཁོ་ཞེ་སྡང་སྐྱེས་ནས། བཟང་མོ་ལ་ཁྱོད་ངའི་གོས་དང་རྒྱན་ཁྱེར་ནས་གཞན་དང་སྤྱོད་དམ་བྱས་པས། མོ་ན་རེ་ནམ་རེང་པོས་གཉིས་ཀའི་སེམས་ཟིན་པར་ནུས་སམ་སྙམས་ནས་བསྡད་བྱས་པས་ཁོ་ཞེ་སྡང་སྐྱེས་ནས་མོའི་སྐེ་རལ་གྲིས་བཅད་དོ། །དེར་ཁོལ་མོས་ཇོ་མོ་གསད་དོ་བྱས་ནས་ཆོ་ངེས་སྟབ་པས། ཀུན་གྱིས་རམ་ཟླ་ལ་རྒྱུག་པ་དང་། དེར་ཁོས་ཀྱང་རམ་ཟླའི་གསེབ་དུ་ཕྱིན་ནས་རལ་གྲི་ཁྲག་ཅན་དེ་གོའུ་ཏ་མའི་སྤྱིལ་བོའི་རྩར་བོར་ནས་ཕྱིན་པ་དང་། ཀུན་གྱིས་རལ་གྲི་མཐོང་ནས་སྨྲས་པ། བཀའི་རབ་དུ་བྱང་ཆུབ་དྲང་སྲོངས་ཀྱི་རྒྱལ་མཚན་ཐོགས་ནས་འདི་འདྲ་བའི་ལས་བཀའ་བྱེད་དམ་བྱས་པས། གོའུ་ཏ་མ་ན་རེ་ང་སྡིག་པའི་ལས་སྤང་ནས་དེ་འདྲ་བའི་ལས་ག་ནས་བྱེད་ཅེས་ཞིབ་པར་སྨྲས་ཀྱང་མ་ཉན་ཏེ། རྒྱབས་ལགས་བཅིངས་ནས་རྒྱལ་པོ་ལ་སྟད་པས། རྒྱལ་པོས་མཆད་པ་བཅད་དེ་གསལ་ཤིང་ལ་སྐྱོན་ནོ། །དེ་ནས་དྲང་སྲོངས་མདོག་ནག་གིས་དེའི་དུ་ཁ་མཐོང་ནས་སྨྲས་པ། ཀྱི་ཧུད་ཁྱོད་ཀྱིས་ཉེས་པ་ཅི་ཞིག་བྱས་ཞེས་སྨྲས་པས། གོའུ་ཏ་མས་ཚིག་གསལ་པོར་སྨྲ་མ་ནུས་སྟེ་ལྡབ་ལྡིག་དུ་སྨྲས་པ། མཁན་པོ་མ་མཚལ་བདག་གི་ནི་ཉེས་པ་ཅི་ཡང་མ་གྱིས་ཞེས་སྨྲས་པས། མཁན་པོའི་ཞལ་ནས་ཁྱོད་ཀྱིས་
རྨ་བྱུང་པ་འམ་ལུས་ཀྱིས་ཉེས་པ་ཅི་ཞིག་བྱས་སོ་གསུངས་པས། གོའུ་ཏ་མ་ན་རེ་བདག་གི་ནི་ལུས་ཀྱིས་རྨ་བྱུང་པ་བས་སེམས་ལ་ཡང་ཉེས་པ་མེད་དོ། །བདག་གིས་བདེན་པ་གཅིག་གསོལ་ཅིག །བདག་ཉེས་པ་མ་བྱས་ན་མཁན་པོའི་མདོག་ནག་པོ་དེ་གསེར་གྱིས་མདོག་དུ་གྱུར་ཅིག་བྱས་པ་དང་། མཁན་པོ་གསེར་གྱིས་ཁ་དོག་དུ་གྱུར་ཏེ། དྲང་སྲོངས་གསེར་མདོག་ཅན་ཞེས་གྲགས་སོ། །དེ་ནས་གོའུ་ཏ་མས་མཁན་པོ་ལ་བདག་ཤི་ནས་གར་སྐྱེ་བར་འདུག་བྱས་པས། མཁན་པོ་ན་རེ་བྲམ་ཟེའི་གསང་ཚིག་ན་མར་རིགས་རྒྱུད་མེད་པ་རྣམས་ལ་འགྲོ་བ་མེད་དོ་ཟེར་ནས། ཁྱོད་ཀྱིས་རིགས་རྒྱུད་དཔེལ་ནུས་སམ་བྱས་པས། གོའུ་ཏ་མ་ན་རེ་བདག་གཞོན་ནུ་མ་ལ་རབ་དུ་བྱུང་པས་བུ་སྐྱེད་པ་བས་བུད་མེད་ཀྱི་རྒྱུས་ཀྱང་མེད་ན། ད་ལྟ་སྡུག་བསྔལ་དྲག་པོས་ཉེན་པས་བུ་སྐྱེས་པ་ལྟ་ཅི་སྨོས་ཞེས་སྨས་པས། མཁན་པོ་ན་རེ་བདེན་བདག་གི་ཐབས་གཅིག་བྱ་ཡིས། ཁྱོད་འདོད་ཆགས་ཡིད་ལ་དྲན་པར་གྱིས་ཤིག །ཅེས་སྨྲས་ནས། མཁན་པོས་རྫི་ཆར་ཕབ་ནས་རླུང་གྲངས་མོ་གོའུ་ཏ་མའི་ལུས་ལ་རེག་པ་དང་། ན་ཚ་སྦལ་ཞི་སྟེ། འདོད་ཆགས་དྲན་པར་བྱས་པས་ཁུ་བ་ཐིག་པ་གསུམ་ཁྲག་དང་འདྲེས་ནས་བྱུང་། དེའི་ཚེ་ཉི་མའི་འོད་ཀྱིས་སྨིན་པས་སྒོ་ང་གསུམ་དུ་བྱུང་། སྒོ་ང་སྟོལ་བ་ལས་ཁྱིའུ་གསུམ་བྱུང་ངོ་། །དེ་ནས་གོའུ་ཏ་མ་ཤི་ནས་དྲང་སྲོངས་གསེར་མདོག་གི་ཤིང་གསེབ་ན་ཕར་བྱོན་པ་དང་། སྒོང་ཁོག་མཐོང་ནས་འདི་ཅི་ཡིན་སྙམས་ལྟས་
༄༅། །པས་ཁྱིའུ་གསུམ་མཐོང་ནས། གོའུ་ཏ་མའི་བུ་ཡིན་པར་ཤེས་ནས། བ་ཏི་གནས་སུ་ཁྲིད་ནས་གསོས་ནས་མིང་བཏགས་པ་ཉི་མས་སྨིན་ཅིང་སྡོལ་བས་ཉི་མའི་གཉེན་བྱ་བར་བཏགས། མ་ནི་མེད་རང་གི་ཡན་ལགས་ལ་སྐྱེས་པས་ཡན་ལགས་སྐྱེས་བྱ་བར་བཏགས། བུ་རམ་ཤིང་གི་ཚལ་ནས་སྙེད་པས་བུ་རམ་ཤིང་པ་ཞེས་བྱ་བར་བཏགས། དེ་སྒོ་ང་དང་པོ་སྨིན་ཅིང་ཁ་སྡོལ་བ་ལས། ཤཀྱ་ཆེན་པོ་ཞེས་བྱ་ཏེ། དེ་ནི་ཕོ་བོའི་རྒྱུད་ཡིན་པས་མང་པོས་བསྐུར་བ་ནས་སྒྲ་ཅན་མཛིན་ཡན་ཆད་དུ་མི་རབས་བདུན་འབུམ་གྱིས་རྒྱུད་ཆད་དོ། །བར་མ་སྨིན་ཅིང་སྡོལ་བ་ལས། ཁྱིའུ་བྱུང་པ་ནི་ཤཀྱ་ལི་རྩ་བྱི་ཞེས་བྱའོ། །དེ་ལ་རྒྱུད་བཞི་ཏེ། སྐོས་པའི་རྒྱལ་པོ་གསལ་རྒྱལ་དང་། མ་ག་ཏའི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་། བད་ས་ལའི་རྒྱལ་པོ་འཆར་བྱེད་དང་། བུ་རམ་ཤིང་པའི་རྒྱལ་པོ་འཕགས་སྐྱེས་པོ་དང་བཞིར་སྲིད་དོ། །ཐ་མ་སྨིན་ཅིང་བསྡོལ་བ་ལས་ཁྱིའུ་བྱུང་པ་ནི། ཤཀྱ་རི་བྲག་པ་ཞེས་བྱ་ཏེ། དེའི་རྒྱུད་དམག་རྒྱལ་དང་། སྐྱབས་སཻང་གཉིས་སོ། །དེ་ནས་རྒྱལ་པོ་བ་ར་དྭ་ཛ་གདུང་ཆད་ནས། བློན་པོ་རྣམས་གྲོས་བྱས་སྟེ་སུ་རྒྱལ་པོར་དབང་བསྐུར་ཞེས་པ་དང་། དེའི་ལྕེན་པོ་གོའུ་ཏ་མ་དབང་བསྐུར་བར་ཁ་འཆམས་ནས། དྲང་སྲོངས་གསེར་མདོག་གི་རྩར་ཕྱིན་ནས། གོའུ་ཏ་མ་གང་ན་ཡོད་དྲིས་པས། དྲང་སྲོངས་གིས་སྨྲས་པ་ཁྱེད་ཅག་ཁོ་ནས་ངའི་གོའུ་ཏ་མ་གསོད་བྱས་པས། དེ་རྣམས་ཀྱིས་སྨྲས་པ་དེ་འདྲ་བའི་གཏམ་ཅི་གསུང་གོའུ་ཏ་མ་མ་གསད་དམ་བྱས་པས།
དྲང་སྲོངས་ཀྱི་ཞལ་ནས་ཁྱེད་རྣམས་གསོད་མཁན་མེན་ན་འདི་ལྟར་གསོད་ཅེས་གོང་གི་ལོར་རྒྱུས་རྒྱས་པར་སྨྲོས། དེ་ནས་དེ་རྣམས་ཀྱིས་དྲང་སྲོངས་རྩ་ན་ཁྱིའུ་གསུམ་འདུག་པ་མཐོང་ནས། འདི་གསུམ་པོ་སུའི་བུ་ལགས་ཞེས་སྨྲས་པས། དྲང་སྲོངས་གི་འདི་རྣམས་གོའུ་ཏ་མའི་བུ་ལགས་སོ་ཞེས་སྨྲས་པས། ཁོང་རྣམས་ན་རེ་འདི་གསུམ་ཇི་ལྟར་སྐྱེས་མིང་ཇི་སྐད་བྱ་བ་ཡིན། ཞེས་སྨྲས་པས། དྲང་སྲོངས་གི་གོང་གི་ལོར་རྒྱུས་ཚོ་རྒྱས་པར་སྨྲས་པས། བློན་པོ་རྣམས་ངོ་མཚར་སྐྱེས་ཏེ་དེ་གསུམ་ཁྲིད་ནས། དེ་གསུམ་ལ་ཤཀྱ་ཆེན་པོ། ཤཀྱ་ལི་རྩ་བྱི། ཤཀྱ་རི་བྲག་པ་བྱ་བར་བཏགས་ནས། དེའ་ཚོའི་རྒྱུད་གོང་དུ་སྟན་པ་བཞིན་ནོ། །དེ་ནི་བུ་རམ་ཤིང་པའི་ལྟེང་ལ་གླེང་པ་ལགས་སོ། །