ལྡེའུ་ཆོས་འབྱུང་།
སྒྲ་གཅན་འཛིན་གྱི་གདུང་ཆད་ལུགས།
ལེའུ་སྔོན་མ།
ལེའུ་རྗེས་མ།

(སྒྲ་གཅན་འཛིན་གྱི་གདུང་ཆད་ལུགས།)

སྒྲ་བཅན་མཛིན་གྱིས་གདུང་ཆད་ལུགས་ལ་གླེང་པ་ནི། མང་པོས་བསྐུར་བའི་སྲས་སྒྲ་གཅན་མཛིན་ཡན་ཆད་དུ་མི་རབས་བདུན་འབུམ་གྱི་རྒྱུད་ཆད་དེ། མང་པོས་བསྐུར་བའི་སྲས་འོད་མཛེས་དེའི་སྲས་དགེ་བ། དེའི་སྲས་དགེ་མཆོག །གསོ་སྦྱོང་འཕགས། དེའི་སྲས་ང་ལ་བུ་ཏེ། སྤྱི་བོ་སྐྱེས་དང་དྲུག་པོ་དེ་སྐལ་པ་དང་པོའི་རྒྱལ་པོ་དྲུག་གོ །སྤྱི་བོ་སྐྱེས་ཀྱིས་སྲས་མཛེས་པ། དེའི་སྲས་ཉེ་མཛེས། མཛེས་ཆེན། མཛེས་ལྡན་བཞི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིའོ། །མཛེས་ལྡན་གྱི་སྲས་རྒྱལ་བྱེད། དེའི་སྲས་སྲེད་པ། དེའི་སྲས་ཏང་པ། དེའི་སྲས་བཏང་གཟུང་། དེའི་སྲས་ལུས་བརྡུལ། དེའི་སྲས་གསེར་མདོག །དེའི་སྲས་ངན་ཡོང་། དེའི་སྲས་ཤིང་ཏ་གདུག་གུ། དེའི་སྲས་དུག་ཅན། དེའི་སྲས་ཤ་ཀུ་ནི། དེའི་སྲས་ཤ་སྐུ་ནི་ཆེན་པོ། དེའི་སྲས་ཀུ་ཤི། དེའི་སྲས་ཀུ་ཤི་ཆེན་པོ། དེའི་སྲས་རྒྱལ་བྱེད། དེའི་སྲས་རྒྱལ་བྱེད་ཆེན་པོ། དེའི་སྲས་ལེགས་མཐོང་། དེའི་སྲས་ལེགས་མཐོང་ཆེན་པོ། དེའི་སྲས་སྣོད་སེལ། དེའི་སྲས་ཉེ་བའི་གནོད་སེལ། དེའི་

121b

སྲས་རྨ་བྱ། དེའི་སྲས་ངེ་འགྲོ། དེའི་སྲས་བདེ་བྱེད། དེའི་སྲས་རབ་འདུལ། དེའི་སྲས་རབ་འདུལ་གྲགས་པ། དེའི་སྲས་རབ་དུ་ལྡན། དེའི་སྲས་འོད་བྱེད། དེའི་སྲས་ལྷུན་པོ། དེའི་སྲས་རི་རབ་ལྷུན་པོ་ལྡན། དེའི་སྲས་མེ་ལྕེ་ལྡན། དེའི་སྲས་མེ་ལྕེ་འཕྲེང་། དེའི་སྲས་མེ་ལྡན། དེའི་རྒྱུད་འབུམ་གྱིས་ཡུལ་གྲུ་མཛིན་པ་ལ་དབང་བྱས་སོ། །དེའི་འོག་དུ་རྒྱལ་པོ་དགྲ་འདུལ་བྱུང་ཏེ། དེའི་རྒྱུད་ལྔ་ཁྲི་བཞི་སྟོང་གི་གྲོང་ཁྱེར་འཐབ་མེད་དུ་དབང་བྱས་སོ། །དེའི་འོག་དུ་རྒྱལ་པོ་མ་ཕེབས་པ་བྱུང་ཏེ། དེའི་རྒྱུད་དྲུག་ཁྲི་སུམ་སྟོང་གིས་ཡུལ་བ་ར་ན་སེར་དབང་བྱས་སོ། །དེའི་འོག་དུ་རྒྱལ་པོ་བཟོད་པར་དཀའ་བ་བྱུང་། དེའི་རྒྱུད་ཁྲི་བཞི་སྟོང་གིས་གྲོང་ཁྱེར་གདར་མཛིན་དུ་དབང་བྱས་སོ། །དེའི་འོག་དུ་རྒྱལ་པོ་ཚངས་པས་བྱིན་བྱུང་། དེའི་རྒྱུད་སུམ་ཁྲི་ཉིས་སྟོང་གིས་ཡུལ་གླང་ཆེན་གནས་སུ་དབང་བྱས་སོ། །དེའི་བུ་རྒྱལ་པོ་གླང་པོས་བྱིན་བྱུང་། དེའི་རྒྱུད་ལྔ་སྟོང་གིས་གྲོང་ཁྱེར་རྡོ་འཇོག་དབང་དུ་བྱས་སོ། །དེའི་འོག་དུ་རྒྱལ་པོ་བལ་བུ་བྱུང་། དེའི་རྒྱུད་སུམ་ཁྲི་ཉིས་སྟོང་གིས་གྲོང་ཁྱེར་ཨུར་ཤར་དབང་བྱས་སོ། །དེའི་འོག་དུ་རྒྱལ་པོ་ཚ་ཆེན་ཐུབ་བྱུང་། དེའི་རྒྱུད་སུམ་ཁྲི་གཉིས་སྟོང་གིས་གྲོང་ཁྱེར་མ་ཕེབས་པར་དབང་བྱས་སོ། །དེའི་འོག་ཏུ་རྒྱལ་པོ་རྒྱལ་བ་ཕོ་བྱུང་། དེའི་རྒྱུད་ཁྲི་ཉིས་སྟོང་གི་ཡུལ་ཀུ་ན་ཀུན་ཛར་དབང་བྱས་སོ། །དེའི་འོག་ཏུ་རྒྱལ་པོ་རྒྱལ་བའི་སྡེ་བྱུང་ངོ་། །དེའི་རྒྱུད་ཁྲི་བརྒྱད་སྟོང་གི་ཡུལ་རྩམ་པར་དབང་བྱས་སོ། །དེའི་འོག་ཏུ་རྒྱལ་པོ་ཀླུ་ལྷ་བྱུང་། དེའི་རྒྱུད་ལྔ་ཁྲི་ལྔ་སྟོང་གིས་ཡུལ་ཉ་མ་ལིབ་ཏར་དབང་བྱས་སོ། །དེའི་འོག་ཏུ་རྒྱལ་པོ་མི་ལྷ་བྱུང་། དེའི་རྒྱུད་ཁྲི་ཉི་

122a

༄༅།       །སྟོང་གིས་ཡུལ་དར་མ་ལིབ་དིར་དབང་བྱས་སོ། །དེའི་འོག་དུ་རྒྱལ་པོ་དུག་ཅན་སའི་ལྷ་བྱུང་། དེའི་རྒྱུད་ཁྲི་བརྒྱད་སྟོང་གིས་ཡུལ་སོ་ལྡན་དུ་དབང་བྱས་སོ། །དེའི་འོག་དུ་རྒྱལ་པོ་བློ་བཟང་བྱུང་། དེའི་རྒྱུད་ཉི་ཁྲི་གཅིག་སྟོང་གིས་གྲོང་ཁྱེར་རྒྱལ་པོ་ཁབ་དུ་དབང་བྱས་སོ། །དེའི་རྒྱུད་རྒྱལ་པོ་མུན་སེལ་བྱུང་། དེའི་རྒྱུད་ཁྲིས་བ་ར་ན་སེར་དབང་བྱས་སོ། །དེའི་འོག་དུ་རྒྱལ་པོ་དབང་ཆེན་སྡེ་བྱུང་། དེའི་རྒྱུད་ཁྲི་བཞི་སྟོང་གིས་གྲོང་ཁྱེར་ཀུ་ཤི་ལྡན་དུ་དབང་བྱས་སོ། །དེའི་འོག་དུ་རྒྱལ་པོ་རྒྱ་མཚོའི་ལྷ་བྱུང་། དེའི་སྲས་དཀའ་ཐུབ་སྤྱོད། དེའི་སྲས་ས་གཙོ། དེའི་སྲས་ས་བདག །དེའི་སྲས་ས་མཛིན། དེའི་སྲས་ལྷ་ཆེན་པོ། དེའི་རྒྱུད་རྒྱ་ཁྲི་བཞི་སྟོང་གི་གྲོང་ཁྱེར་འདྲེས་པར་དབང་བྱས་ནས་དྲང་སྲོངས་གི་ཚངས་པར་སྤྱོད་པ་ཅད་དོ། །དེའི་འོག་དུ་རྒྱལ་པོ་ངེས་འཕེན་བྱུང་། དེའི་རྒྱུད་རྒྱལ་པོ་མུ་ཁྱུད། དེའི་རྒྱུད་མུ་སྟན། དེའི་སྲས་ཚན་པོ་ཆེ། དེའི་སྲས་ཟ་བ། དེའི་སྲས་ཉེ་ཟ། དེའི་སྲས་ཟ་བ་ཅན། དེའི་སྲས་ཟ་ལྡན། དེའི་སྲས་ནོམ་སྣང་། དེའི་སྲས་མཉམ་ལྷ། དེའི་སྲས་ཐོས་པའི་སྡེ། དེའི་སྲས་ཆོས་ཀྱི་སྡེ། དེའི་སྲས་རྟོགས་པ། དེའི་སྲས་རྟོགས་ཆེན། དེའི་སྲས་རྟོགས་སྡེ། དེའི་སྲས་མྱ་ངན་མེད། དེའི་སྲས་མྱ་ངན་བྲལ། དེའི་སྲས་མཚན་བསྟན། དེའི་སྲས་རྒན་འཚམས། དེའི་སྲས་དུན་དུ་མངར། དེའི་སྲས་སྐྱ་རེ། དེའི་སྲས་ཕྱོགས་བདག །དེའི་སྲས་གྲུལ་བཟངས། དེའི་སྲས་སྡེ་བྱེད། དེའི་སྲས་ཀུན་དགའོ། །དེའི་སྲས་མེ་ལོང་ཞལ། དེའི་སྲས་སྐྱེད་པའོ། །དེའི་སྲས་ཁྱུ་མཆོག །དེའི་སྲས་གཟའ་བཏུང་ལྡན། དེའི་

122b

དེའི་སྲས་གཟའ་ལྟུང་མོད། དེའི་སྲས་ཐུབ་མེད། དེའི་སྲས་གཞན་གྱིས་མི་ཐུབ། དེའི་སྲས་སྟན་པོ། དེའི་སྲས་རབ་བརྟན། དེའི་སྲས་སྟོབས་པོ་ཆེ། དེའི་སྲས་གཞོན་པ་ཆེ། དེའི་སྲས་བློ་བཟངས། དེའི་སྲས་གཞོན་སྟན། དེའི་སྲས་གཞུ་གཞུ། དེའི་སྲས་གཞུ་རྒྱ། དེའི་སྲས་གཞུ་དགུ་བཅུ་པ། དེའི་སྲས་ས་བཅུ་རྣམ་པར་རྒྱལ་བ། དེའི་སྲས་གཞུ་བཀྲ། དེའི་སྲས་གཞུ་སྟན། དེའི་ཤིང་རྟ་བཅུ་པ། དེའི་སྲས་ཤིང་རྟ་རྒྱ་པ། དེའི་སྲས་ཤིང་རྟ་དགུ་བཅུ་པ། དེའི་སྲས་ཤིང་རྟ་སྣ་ཚོགས་པ། དེའི་སྲས་ཤིང་རྟ་རྣམ་པ་སྣ་ཚོགས་པ། དེའི་སྲས་གླང་པོ། དེའི་སྲས་ཤིང་རྟ་སྟན། དེའི་སྲས་ནམ་མཁའི་བདག་པོ། དེའི་སྲས་ཀླུ་སྲུངས། དེའི་རྒྱུད་བ་ར་ནས་སེར་དབང་བྱས་སོ། །དེའི་འོག་ཏུ་རྒྱལ་པོ་ཁྲི་ཁྲི་བྱུང་ཏེ། ཁྲིའི་བུ་ལེགས་སྐྱེས། དེའི་རྒྱུད་ཀྱིས་གྲུ་མཛིན་གྱིས་དབང་བྱས་སོ། །དེའི་འོག་དུ་རྒྱལ་པོ་སྣ་བ་ཅན་དང་། དེའི་སྲས་གོའུ་ཏ་མ་དང་བ་ར་དྭ་ཛ། གོའུ་ཏ་མའི་སྲས་བུ་རམ་ཤིང་པ་འཕགས་སྐྱེས་སོ། །དེ་ལ་སྲས་བཞི། སྐར་ཟླ་གདོང་། སྣ་ལགས་ཅན། གླང་ཆེན་འདུལ། ཀབ་བསྡུབ་ཅན། ཕྱིད་བུ་སྲིད་ལ་དགའ་དང་ལྔའོ། །དེ་ནས་འཕགས་སྐྱེས་པོ་ཤི་ནས་སྲིད་ལ་དགའ་ལ་རྒྱལ་སྲིད་བྱིན་ནོ། །དེ་གདུང་ཆད་ནས་སྐར་ཟླ་གདོང་ལ། དེའི་གདུང་ཆད་ནས་སྣ་ལགས་ཅན་ལ། དེའི་གདུང་ཆད་ནས་གླང་ཆེན་འདུལ་ལ། དེའི་གདུང་ཆད་ནས་ཀབ་སྡུབ་ཅན་ལ། དེའི་སྲས་གནས་འཇོག །དེའི་སྲས་བ་གླང་གནས། དེ་ལ་སྲས་གཉིས་སེང་གེ་འགྲམ་དང་སེང་གེ་སྒྲའོ། །སེང་འདྲམ་

123a

༄༅།       །ལ་བུ་བཞི་སྟེ། ཟས་གཙང་། ཟས་དཀར་བྲེ་བོ་ཟས། བདུད་རྩི་ཟས་དང་བཞིའོ། །བུ་མོ་གཙང་མ་བྲེ་མོ་དཀར་མོ་བདུད་རྩི་མའོ། །ཟས་རྩང་གི་སྲས་དོན་འགྲུབ་དང་དགའ་བོ། ཟས་དཀར་གྱི་བུ་རྒྱལ་བ་དང་བཟང་ལྡན་ནོ། །བྲེའོ་ཟས་མིང་ཆེན་དང་མ་འགག་པ། བདུད་རྩི་ཟས་ཀྱི་སྲས་ཀུན་དགའ་བོ་དང་ལྷ་སྦྱིན་ནོ། །སྲས་མོ་རྩང་མའི་བུ་ལེགས་པར་རབ་སད། དཀར་མོའི་བུ་འཕྲེང་པ་ཅན། བྲེ་མོའི་བུ་བཟང་ལེན། བདུད་རྩི་མའི་བུ་དགེ་འཕེལ་ལོ། །དོན་འགྲུབ་ཀྱི་སྲས་སྒྲ་གཅན་མཛིན་ནོ། །དེ་ལྟར་མང་པོས་བསྐུར་བའི་སྲས་སྒྲ་གཅན་མཛིན་དུ་ཐུག་ནས། སྲིད་པ་རྒྱུན་ཆད་དེ་འཁོར་བ་ཟད་ནས་སྲིད་པར་སྐྱེ་བ་ཡང་མེད་དོ་ཅེས་ཚེ་དང་ལྡན་པ་མིའུ་འགལ་གྱི་བུས་མངོན་པར་འབྱུང་པ་ནས་བཤད་དོ། །གདུང་རྒྱུད་ཀྱིས་ལོ་རྒྱུས་སོ། །