(དབང་མཛད་བཅུ་གཉིས།)
དབང་མཛད་བཅུ་གཉིས་ཀྱིས་ལོ་རྒྱུས་དང་བཅས་པ་ཟེར་བས། དེ་ལྟར་སྐོས་པའི་རྒྱལ་པོ་ཕྱོགས་བཞི་ཁ་ན་གྲགས། བོད་དབུས་ན་རྨངས་པས་ཁས་ཉེན་ཏེ། རྒལ་དུ་མི་ཐུབ་བྲག་རི་བཙན་པ་མཛིན་སྐད། དེའི་དུས་སུ་ཕྱོགས་བཞིའི་རྒྱལ་པོ་བཞི་འདུལ་བར་འདོད་ནས། དབང་མཛད་བཅུ་གཉིས་བྱུང་ཏེ། གཞུང་ལས། དེ་ནས་བློ་བུར་རྒྱལ་པོའི་བྱོན་ལུགས་ནི། །མཚན་ནི་གཉའ་ཁྲི་བཙན་པོ་ཞེས་སུ་གྲགས། །མ་བྱོན་གོང་དུ་དབང་མཛད་བཅུ་གཉིས་རྣམས། །རིམས་པར་བྱུང་པས་ཕྱོགས་བཞིའི་དགྲ་མ་ཐུལ་སྐད་པ། །དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་ཏེ། །ཡུལ་གྱི་མིང་ཡང་བཟངས་ཡུལ་རྒྱན་མེད་བྱ་བར་བཏགས། །ལགས་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང་། །གཉིས་པ་རི་སྡེ་མགོ་གཡག་བདུད་ཀྱིས་བྱས། །ཡུལ་གྱི་མིང་ཡང་བདུད་ཡུལ་གླིང་དགུ་ཟེར། །རྟ་རི་དགྲ་རྟ་དུས་དེར་ལག་ཆར་བྱུང་། །གསུམ་པ་གཉའ་རིང་ཕྲག་མེད་སྲིན་གྱིས་བྱས། །ཡུལ་གྱིས་མིང་
༄༅། །ཡང་ནག་པོ་དགུ་དུལ་ཟེར། །ལགས་ཆར་སྲིན་མོ་རྐང་དང་སྒྱོགས་གཉིས་བྱུང་། །བཞི་པ་དམར་འཇམས་ཞེས་བྱ་ལྷའི་བྱས། །ཡུལ་གྱིས་མིང་ནི་ལྷ་ཡུལ་གུང་ཐང་ཟེར། །ལག་ཆར་ཁ་ཊྭཾ་རྩེ་གསུམ་དེ་ནས་བྱུང་། །ལྔ་པ་ཀླུའི་དབང་བྱས་ངམ་བྲང་ཅང་བྲང་ཟེར། །ལག་ཆར་མདུང་ལ་བྱེད་པ་དེ་ནས་བྱུང་། །དྲུག་པ་འདྲེའི་དབང་བྱས་ལང་ཏང་ལིང་ཏང་ཟེར། །ལགས་ཆར་རྒྱུག་པ་སྐྱོན་ཅན་དེ་ནས་བྱུང་། །བདུན་པ་མ་སངས་རུ་ལིས་དབང་བྱས་ཏེ། །ཡུལ་གྱིས་མིང་ནི་བོད་ཁམས་གཡང་དྲུག་སེར། །ལག་ཆར་དོང་རལ་ཕུག་ཆུང་བྱུང་། །བརྒྱད་པ་ཀླུའི་དབང་བྱས་བོད་ཁམས་གླིང་དགུར་བཏགས། །དགུ་པ་མི་མ་ཡིན་གྱི་དབང་བྱས་ཏེ། །ཡུལ་གྱིས་མིང་ནི་ངམ་ཡུལ་ནག་པོར་བཏགས། །བཅུ་པ་ཟ་རིད་དཔུན་དྲུག་དག་གི་དབང་བྱས་སྟེ། །ཡུལ་གྱིས་མིང་སྟོང་སྡེ་བཅྭོ་བརྒྱད་ཟེར། །བཅུ་གཅིག་རྒྱལ་ཕྲན་བཅུ་གཉིས་དབང་བྱས་སྐད། །ཀུན་གྱིས་ཐ་མར་སིལ་མ་བཞི་བཅུས་བྱས། །ཡུལ་གྱིས་མིང་ནི་བཟངས་ཡུལ་གྱད་དུ་བཏགས་ཞེས་སོ། །