ལྡེའུ་ཆོས་འབྱུང་།
ལེགས་དྲུག
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེགས་དྲུག།)

དེ་ནས་ལེགས་དྲུག་ཞེས་པ་ལ་ལེགས་དྲུག་ནི། ལེགས་དྲུག་དྲིན་ལ་ཕྱི་ས་རྩེ་དྲུག་རྩིགས་ཞེས་པ་ནི། ཕྱི་ས་སྟག་རྩེ། གཡུ་རྩེ།(ཐེ་ཤོར་)དབུ་རྩེ།(གུར་བུས་)ཁྲི་རྩིགས་(འབྲོ་བཞིས་)འབུམ་སྟུགས། མཐོང་རྩེ(ཨི་ཤོར་)དང་དྲུག་གོ །འབྲིང་པོ་འུ་དེ་གུང་རྒྱལ་གྱིས་སྲས་ནི་ཤོ་ལེགས། དེའི་སྲས་དེ་ཤོ་ལེགས། དེའི་སྲས་གོར་བུ་ལེགས། དེའི་སྲས་འབྲོ་བཞི་ལེགས། དེའི་སྲས་ཐེ་ཤོ་ལེགས། དེའི་སྲས་ཨི་ཤོ་ལེགས་སོ། །