(བར་གྱི་སྟེང་གཉིས།)
དེ་རྗེས་ཁྲིམས་མེད་རྒྱལ་པོ་གསུམ་རྩམ་བྱོན། །རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་ཀ་མེད་པ་ཡིས། །སྙུན་གྱིས་ཟིན་དང་རྨུན་ལོང་དག་ཀྱང་བྱུང་། །དེ་ལ་བར་གྱི་སྟེང་གཉིས་ཟེར་བ་ཡིན། །སྐད་པ་རྒྱལ་ཁྲིམས་ལ་ཆོས་པའི་རྒྱལ་པོ་གསུམ་གྱིས་བྱོན་ལུགས་སྟོན་ཏེ། ཁྲི་གཉན་གཟུང་བཙན་དང་། འགྲོ་གཟའ་དུར་ཡང་བཞེད་ཀྱིས་སྲས། འབྲི་སྙན་ལྡེ་རུ། དེས་དགས་པོའི་མཆིམས་གཟའ་ཀླུ་རྒྱལ་མཚོ་མོ་ཇོ་མོར་བླང་པས། ཚེས་སྟོད་ལ་སྲས་མེད་ནས་སུམ་པའི་
༄༅། །ཡུལ་དུ་བྱོན་དེ། སུན་པའི་བོན་པོ་གཅིག་གི་ཆུང་མ་རྒྱ་མོ་ཆ་ལྕམ་བྱ་བ་དང་འགྲོགས་པས། སྲས་སུམ་རི་རིང་པོ་སྐུ་འཁྲུངས་སོ། །འཁྲུངས་ཀྱང་ངོ་མ་བླངས་པར་ཡོད་ཙ་ན། ཇོ་མོ་དགས་མོས་སྦལ་རོ་གསོལ་བས། སྦལ་པ་ཟ་བའི་རྒྱུ་མཚན་དགས་པོ་སྦལ་ཟན་གྱི་ཡུལ་ནས་ཡོངས་པས་སྦལ་པའི་འདྲེ་བྱུང་ནས། མས་སྦལ་རོ་བཙོས་བཙོས་པ་བསྐུར་མ་གང་བུ་མོ་ལ་བསྐུར་བས། དེ་ཟ་བ་རྒྱལ་པོས་ཚོར་བས་རྒྱལ་པོ་རྟོགས་པ་སྐྱེས་པས་རྒྱལ་པོ་སྙུན་གྱིས་ཟིན། སྲས་གཅིག་བྱུང་པ་རྨུན་ལོང་དུ་བྱུང་ནས། འགྲོ་སྙེན་ལྡེ་རུ་གསོན་དུར་དུ་བང་སོར་གཤེགས་ཁར། སྲས་སྨུས་ལོང་དཀོན་པས་དགྲ་ལ་ཞལ་ཆེམས་བཞགས་པ། མི་ཆོས་རྟོགས་པས་ཕུང་གིས་རྟོགས་པ་ཀྱུངས། བཟང་པོའི་གྲོས་ནི་བདུད་རྩི་ཡིན་གྱིས་ཉོན། ངན་པ་རྣམས་ཀྱང་མེ་དང་འདྲ་ཡིས་གསོས། ཁྱོད་ལན་གཅིག་རྒྱུད་ཆད་ཉེན་ཡོད་པས། རྒྱུད་འཆད་པར་འདུག་ན་སུམ་པ་ཡུལ་ན་ངའི་བུ་སུམ་རི་རིང་པོ་བྱ་བ་རྒྱ་མོ་ཆ་ལྕམ་ལ་བཙས་ནས་ཡོད་པས་དེ་སྤྱན་དྲོངས་ལ། སྐུ་སྤྱན་ཡིན་རྫུས་ཐོབ་ལ་རྒྱལ་སར་ཆུག་གཅིག །ཞེས་གསུངས་ནས་བློན་པོ་སྙགས་ཐང་ང་ཡང་རྗེ་དང་སྣུབས་ཁྲི་ཐོག་རྗེ་གཟུང་བཙན་གཉིས་དང་ཆས་སྟེ་ཞང་འདར་གསོན་དུར་དུ་གཤེགས་སོ། །དེའི་ཤུལ་དུ་སྲས་རྨུན་ལོང་དེ་ལ་ཞའི་སྨན་པས་ཕྱིང་ང་སྟག་རྩེར་དམིགས་ཕྱེ་བས། དོན་མཁར་གྱི་རྩེ་ལ་གཉན་འགྲོ་བ་མཐོང་པས་ལྟ་གུ་གཉན་གཟིགས་སུ་བཏགས་སོ། །དེའི་སྐུ་དྲིན་ལ་འ་ཞྭ་རྗེ་དང་
ཟིངས་པོ་རྗེ་ལ་སོགས་པ་རྒྱལ་པོའི་མངའ་འོག་དུ་མ་འདུས་པ་རྣམས་བཏུལ། མེས་ཀྱིས་ཡི་དམ་སྤང་པ་དང་། ཇོ་མོའི་ཟས་ལ་རྟོགས་པ་སྐྱེས་ནས་ཡབ་སྙུན་གྱིས་ཟིན་པ་དང་། སྲས་སྤྱན་མ་ཕྱེད་པའི་བར་དུ་ལོ་ཉི་ཤུ་རྩ་གཅིག་རྒྱལ་ས་ཤོར་ཏེ། དེ་ལ་བར་གྱིས་སྟེང་གཉིས་ཟེར་རོ། །