(སྲོང་བཙན་སྒམ་པོའི་མཛད་པ།)
དུས་དེ་རྩ་ན་ཚན་བཅུ་སྡེ་བཅུ་ལགས་པའི་ཁྲིམས་ཚོས་ནི་བོད་ཀྱི་སྤྱི་ཆིངས་བྱས། ཞལ་མཆུ་རྣམ་པ་ལྔས་ནང་གི་འཁོན་སྦྱངས། དམགས་རྣམ་པ་ལྔས་ཕྱིའི་དགྲ་ཏུལ། གོ་རྣམ་དྲུག་གིས་ནང་གིས་སྲོག་སྐྱབས། ཚིག་དྲུག་དྲུག་སུམ་བཅུ་རྩ་དྲུག་གི་བོད་བདེ་ལ་བཀོད། བླའི་རྐྱེན་དྲུག་གི་འགྲོ་བའི་དོན་བྱེད། འབྲོག་ཐུལ་གྱིས་བགོས། ཞིང་ཐེ་གུས་བཅལ། རྒུང་བློན་ཆེན་པོ་བ་བདུན་གྱི་རིང་ལ། ཆུ་ལ་གྲུ་གཙུག །ལ་ལ་ལབ་རྩས་བརྩག །དམག་མིའི་དཔོན་བསྡུས། མཐའི་རྒྱ་དྲུག་བཏུལ་
༄༅། །ནས་བོད་ཀྱིས་སྟེང་སྐྱེད། བཀའ་ཁྲིམས་ཀྱི་ནན་སྡམས། རྗེའི་བཀའ་བཙལ་ལ་གྲོས་ཀྱི་རྒྱུ་བྱས། འབངས་ཀྱི་མཆིད་ཚག་ལ་གྲོས་ཀྱི་ཡུན་བྱ་གྱིས། དུས་དེ་རྩ་ན་མི་ཆོས་བཅུ་དྲུག་གི་སྤྱོད་ལམ་གྱིས་ཁ་གཟུང་། ལྷ་ཆོས་དགེ་བ་བཅུ་ལ་དོན་གྱིས་དཔེ་བླང་ནས་ལུས་ངག་གི་དགེ་བ་བཅུ་སྤྱད་པས་མཐོ་རིས་དང་ཐར་པའི་ལམ་སྟོན། དེ་ལ་ཁྲིམས་ཡུལ་གར་བཅས་ཤིང་། དུས་ཚོད་ཇི་རྩམ་ན་བཅས་ན། རྒྱལ་པོ་སྲོང་བཙན་སྒམ་པོས་ཡུལ་ཡར་ལུང་སོགས་ཁ་རུ་སྤུར་རྒྱལ་གྱིས་མངའ་རིས་སུ་བསྡུས་པའི་བོད་ཐམས་ཅད་འཚོགས་ནས། བླའི་ཕོ་བྲང་ནི་ཕྱིང་ང་སྟག་རྩེ། ཇོ་མོའི་བཞུགས་གནས་ནི་དཔག་སམ་གྱི་ལྕང་བུ། རྒྱལ་བུ་མཆེད་ནི་ཡང་སྟོད་གྲང་ང་འབྲམ་སྣང་ན་བཞུགས་པའི་དུས་ན། གླང་གི་སྦྱར་ཟླ་ར་བའི་ཉ་ལ་སྐར་མ་རྒྱལ་གཟའ་སྤ་སངས་རྒྱུ་བའི་དུས་སུ་བཅས་སོ། །གཞུང་ལས་ཚན་བཅུ་དང་ནི་སྡེ་བཅུ་དང་། །ཞེས་པ་ལ་སོགས་པས་སྟོན། དེ་ལ་ཚན་བཅུ་ནི་བོད་རུ་རེ་རེ་ན་ཡུལ་དཔོན་ཚན་བཅུ་དྲུག་བཅུ་དྲུག་ཡོད་པ་ལ་བྱ། སྡེ་བཅུ་ནི་བོད་རུ་རེ་རེ་ལ་སྟོང་སྡེ་བརྒྱད་རྒྱད། སྟོང་བུ་ཆུང་དང་དགུ། སྐུ་སྲུངས་རེ་རེ་དང་བཅུའོ། །བཀྲ་དགུ་ནི་ལེ་བཀྲ་ལ་གསུམ་ཏེ། སྲིད་པ་དགུ་བཀྲ། སྟོན་མོ་དགུ་བཀྲ། བྱང་བུ་དགུ་བཀྲའོ། །འདིར་ནི་བྱང་བུ་དགུ་བཀྲ་སྟོན། ཆེ་དགུ་ནི་ཡིག་ཚངས་ཐོབ་པའི་བློན་པོ་དགུའོ། །ཁ་བརྒྱད་ནི་ཁྲོམ་ཁ་ཆེན་པོ་བརྒྱད་ལ་བྱའོ། །ཁེ་བརྒྱད་ནི་ལ་སྒོ་ཆེན་པོ་བཞི་ལ། ལེ་ཆུང་བཞི་བཏགས་པ་ལ་བོད་ཐམས་ཅད་
ཁེ་ལ་རྒྱུག་པས་ཁེ་རྒྱད་ཅེས་སོ། །ཡང་ན་བོད་ཀྱིས་དམག་དཔོན་ཆེན་པོ་རྒྱད་ཀྱིས་གཙུག་ལག་ཁང་བརྒྱད་རྩིགས་པས་སྡིག་པ་ཐམས་ཅད་ཁེར་བས་ཁེ་རྒྱད་ཅེས་བྱའོ། །ཆེ་བདུན་ནི་སྦས་བྱེ་ཅན་གཅེན་པ་དང་གཅིག །འབྲི་ཁམ་དང་གཉིས། ཅུང་པ་འཆིམས་དང་གསུམ། སྦྲང་གཡུ་ལུང་སྟེ་ཀྱུས་པ་དང་བཞི། ཅོག་རོ་ཁོང་བཙན་དང་ལྔ། སྣུབས་ཡར་ཡར་དང་དྲུག །མྱང་ཞྭ་བོ་ཆེ་དང་བདུན། དཔོན་བདུན་ནི་ཡུལ་དཔོན་དང་གཅིག །དམག་དཔོན་དང་གཉིས། སྡེ་དཔོན་དང་གསུམ། དགྲ་འདུལ་བའི་དཔོན་དང་བཞི། ཆིབས་དཔོན་དང་ལྔ། མངག་དཔོན་དང་དྲུག །ཕྲུ་དཔོན་དང་བདུན་ནོ། །ན་དྲུག་ནི་ཡི་གེ་ཆེ་བ་དྲུག་སྟེ། གཡུའི་ཡི་གེ་ཆེ་ཆུང་གཉིས། གསེར་ཡིག་ཆེ་ཆུང་གཉིས། འཕྲ་མེན་གྱི་ཡི་གེ་ཆེ་ཆུང་གཉིས་སོ། །ནེ་དྲུག་ནི་ཡི་གེ་ཆུང་པ་དྲུག་སྟེ། དངུལ་གྱིས་ཡི་གེ་དང་། ར་གན་གྱིས་ཡི་གེ་དང་། མཁར་བའི་ཡི་གེ་དང་། ཟངས་ཀྱིས་ཡི་གེ་དང་། དཔལ་ལྕགས་ཀྱིས་ཡི་གེ་དང་། ཤིང་ཀྱ་ཆུ་རིས་ཀྱི་ཡི་གེ་དང་དྲུག་གོ །ས་བདག་རྒྱལ་པོ་འབངས་ཀྱི་རླ། ཡོ་འགལ་འཆོས་པ་སྲིད་ཀྱི་བླ། གུང་བློན་དབང་གི་བླ། ནང་བློན་རྩིས་ཀྱི་བླ། མར་ཡུལ་སོན་ཏེ་འཕྲེང་གཟོའི་བླའོ། །ན་ལྔ་ནི་ཞལ་ཆེ་སྣ་ལྔ། དཔའ་ན་ལྔ། རྒོད་ན་ལྔ། མགྱོགས་ན་ལྔ། ཁྲིམས་སྣ་ལྔ། བཀའ་བཞི་ནི་ཤར་ཕྱོགས་སེངྒེ་དཀར་མོ་ལྕགས་ཐག་ལ་མི་གདགས། ལྷོ་དོམ་སྒྲོམ་ནག་པོ་ཁ་མི་དབྱེ། ནུབ་བྱ་དམར་མོ་སྐྱེ་མི་ཅད། བྱང་ཕྱོགས་བྱང་ལམ་དམར་པོ་ལ་ཐིག་མི་གདབ་པོ། །རྩིགས་བཞི་ལ་རྡེའུ་རིན་ཀྱིས་
༄༅། །རྩིས། ལྷ་རིན་གྱིས་རྩིས། སྐུ་བསྲུངས་ཀྱི་རྩིས། སྐུ་རྒྱལ་གྱིས་རྩིས་སོ། །ཁམས་གསུམ་ནི། བསྟོད་ཁམས་གསུམ། སྨད་ཁམས་གསུམ། དབུས་ཁམས་གསུམ་མོ། །ཡང་ན་མདོ་ཁམས། བདེ་ཁམས། རྩོངས་ཁམས་སོ། །ཆོས་གསུམ་ནི། བཀའ་ཆོས། དབྱང་ཆོས། བརྩིས་ཆོས་སོ། །གཉིས་ཀར་ཅེས་པ་སྐུ་དང་ཆབ་སྲིབ་དོ། །གཅིག་དུ་བསྡུ་བ་ནི་ས་བདག་རྒྱལ་པོའི་མངའ་འོག་ཏུ་འདུས་པའོ། །