(ཆེ་དྲུག་དང་ཆུང་དྲུག།)
ཆེ་དྲུག་ཆུང་དྲུག་ནི། ཆེ་དྲུག་ནི་ཡི་གེ་ཆེ་བ་དྲུག་ལ་བྱ་སྟེ། གཡུ་ཡིག་ཆེ་ཆུང་གཉིས། གསེར་ཡིག་ཆེ་ཆུང་གཉིས། འཕྲ་མེན་ཆེ་ཆུང་གཉིས། ཡི་གེ་ཆེ་བ་དྲུག་ལ་སྐུའི་སྔགས་མཁན་ལ་གཅིག །བཀའ་ཡོ་འགལ་འཆོས་པ་དང་གཉིས། གནས་བརྟན་ཆེན་པོ་ལ་གཅིག་སྟེ་གསུམ། ཆོས་དྲའི་སློབ་དཔོན་ལ་གཅིག་སྟེ་བཞི། བསྟོད་སྨད་གཉིས་ཀྱིས་དབང་བློན་ལ་གཅིག་སྟེ་ལྔ། དབུས་ཀྱི་གུང་བློན་ལ་གཅིག་སྟེ་དྲུག་གོ །ཡི་གེ་འབྲིང་པོ་དྲུག་ལ། སྐུ་འཚོ་བའི་བོན་པོ་ལ་གཅིག །གཟིམས་མལ་འཆོས་པ་དང་གཉིས། ཆིབས་ཁ་ཁྲིད་པ་དང་གསུམ། ནམ་ཕྱེད་ཀྱི་མེ་འབྱིན་པ་དང་བཞི། དབྱེ་མཁར་བའི་མཛོ་འགེལ་བ་དང་ལྔ། བྱང་ཐང་གི་ས་མཁན་དང་དྲུག་གོ །ཡི་གེ་ཆུང་པ་དྲུག་ལ། དངུལ་གྱིས་ཡི་གེ་རྩ་གཅིག་ཡོད་པ་ནི། མཐའི་སོ་འཚམས་བསྲུངས་པ་དང་། སྐུ་མཁར་གྱི་རྩེ་རྗེ་རྣམས་ལ་བཀོད་དེ་གཅིག །ར་གན་ཡི་གེ་བཅུ་བདུན་ཡོད་དེ། ཡབ་འབངས་རུས་དྲུག་དུ་བཀོད་པ་དང་གཉིས། མཁར་བའི་ཡི་གེ་ནི་འབངས་མཁན་དགུ་རྫི་བདུན་ལ་བཀོད་པ་དང་གསུམ། ཟངས་ཡིག་རྒྱ་རྩ་གཅིག་ནི། སྟོང་དཔོན་སྡེ་དཔོན་ལ་བཀོད་དེ་བཞི། སྤ་ལྕག་གི་ཡི་གེ་དཔའ་བོ་ལ་བཀོད་དེ་ལྔ། ཤིང་སྐྱ་ཆུ་རིས་ཀྱི་ཡི་གེ་ནི་འབིག་ཏོ་སུམ་རྒྱ་དྲུག་བཅུ་དང་མོན་སྡེ་བཞི་བཙན་པོའི་ཀྱི་ཡན་ཆོད་ལ་བཀོད་པ་དང་དྲུག་གོ །