ལྡེའུ་ཆོས་འབྱུང་།
ཁྲི་ལྡེ་གཙུག་བརྟན།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ཁྲི་ལྡེ་གཙུག་བརྟན།)

འདུས་སྲོང་གི་སྲས་ཁྲི་ལྡེ་བཙུག་བརྟན་ཨག་ཚོམས་ཀྱི་རིང་ལ་ལྷ་ཁང་ལྔ་བཞེངས། རྩིས་སྨན་ཡང་རྒྱུར་ཞེས་པ་སྲས་ལྗང་ཚ་ལྷ་དབོན་ལ། རྒྱ་མོ་ཨོང་ཅོང་སླང་པས། ཨོང་ཅོང་གི་རྒྱ་ནག་ནས་དངུལ་དཀར་མེ་ལོང་ལ་ལྟས་པས་ལེགས་པར་འདུག་ནས་འོང་རྩམ་ན། བོད་དུ་སླེབས་ནས་མོའི་ལྟས་ལོག་འདུག་ཏེ། ལྗང་ཚ་གླེན་པར་སོང་འདུག །གྱོས་པོ་ཁྲི་ལྡེ་གཙུག་སྟན་ལ་འདི་མེས་ཨག་ཚོམས་བྱ་བ་ཡིན་བྱས་ནས་ཉིན་མོ་འཕྲད་དུ་མ་བཅུག་པར། ནུབ་མོ་འཕྲད་དུ་བཅུག་པས། སྲས་ཁྲི་སྲོང་ལྡེབས་བཙན་འཁྲུངས་སོ། །འཇང་ཚ་ལྷ་བོན། རྒྱལ་ས་མ་ཟིན་ཏེ་ཐང་

169b

འཚམས་སུ་ཕབ་པོ། །ར་རྩ་འདིས་ཀྱང་ལྷ་ཁང་ལྔ་བཞེངས། འཆིང་བུ། ཀ་ཆུ་བྲག་དམར། འདྲན་བཟང་། འཁར་ཕུག །ཁྲི་རྩེ་ལྔ་བཞེངས་སོ། །ཕོ་རང་འཕངས་ཐང་ཀ་མེད་ལ་སྟེན་ནས་རོང་ཁ་བརྒྱད་བཅད་དེ་ཡུལ་གྱི་རྒྱ་སྐྱེད། འབྲུག་ལོ་ཕོ་རང་ལན་མཁར་དུ་སྐུ་ལྟམས། ཚེ་སྨད་ལ་ཡབ་འདས། ཆབ་སྲིད་ལོ་སུམ་བཅུ་གཟུང་། ཁུ་མང་པོ་རྗེ་དང་ལྷ་གཟུང་སུ་བློན་དུ་བསྐོས་ཡོད་པ་ལ་འཕྲ་མ་བྱུང་ནས་ཁུ་ལ་ཀྱོན་ཕབ། སྦས་ཁྲི་གཟིགས་གི་བློན་པོ་ལོ་བཞི་བྱས། འགྲོ་ཅུང་ཟ་འོར་མས་ལོ་ཉི་ཤུ་བྱས་ལ་བུ་མཐོ་ལ་ཙན་དང་སྦལ་སྐྱེར་བཟང་སྲ་ཆབ་ལ་མ་ཉེས་པར་སྐྱོན་ཕབ། ཧ་ཤང་མ་ཧ་ཡ་ན་སྤྱན་དྲངས་རྩིས་རྣམས་བསྒྱུར། བེ་ཅི་བཙན་པ་ཧ་ལས་སྨན་དཔྱད་བསྒྱུར། ཚེ་ལོ་ང་ལྔ་ལོ་ནས་ཕག་ལོ་ལ་ཡ་འགྲོག་སྦལ་ཚང་བྱ་བར་འདས་སོ། །

(ཁྲི་སྲོང་ལྡེའུ་བཙན།)

ཁྲི་སྲོང་ལྡེབས་བཙན་དབོན་སྲས་སྐུ་དྲིན་ལ། །ལོ་ཚ་ཆེ་འབྲིང་ཆུང་པ་གསུམ་གསུམ་གྱིས། །དམ་ཆོས་ཕལ་ཆེར་དེའི་དུས་སུ་སྒྱུར་སྐད་པ། །རྒྱལ་པོ་འདི་ཡང་རྟ་ལོ་ལ་བྲག་དམར་དུ་སྐུ་ལྟམས། བཅུ་གསུམ་ལོན་ནས་ཡབ་འདས། ཁབ་སྣ་གནམ་མོ་སྦྱི་སྟེངས་ཀྱིས་རྒྱ་མོ་ཨོང་ཅོང་ལ་ཕྲོགས་ཏེ། རྒྱལ་ཚ་ལྷས་སྣང་བྱུང་པ་ལ་ཞང་པོ་བྱུང་། མདུན་གསུ་བྱས་པས། ཁྲི་སྲོང་ལྡེབས་རྒྱ་ཙ་ལ་སྣ་གནམ་ཞང་གིས་ཅི་བྱར་ཡོད་ཟེར་ནས་འགྲོར་མ་སྟུབ་བོ། །རྒྱལ་པོ་འདི་འཇམས་དཔལ་གི་སྤྲུལ་པར་གྲགས་ཏེ། ཕྱག་ལ་ཨུད་དཔལ་

170a

༄༅།       །ལའི་རི་མོ་ཡོད་པ་དང་། ལུང་བསྟན་ཡང་ཡོད། ཆབ་སྲིད་ལོ་རྩ་གཉིས་གཟུང་། ཚེ་བསྟོད་ལ་བློན་པོ་འཆིམས་ཁྲི་ཐོག་རྗེ་ཐང་ལ་འབར་དང་། ལྕོག་རོ་སྐྱེས་བཟའ་རྒྱལ་མགོང་གིས་བྱས། སྐུ་ཚེ་སྨད་ལ། སྦས་གསལ་སྣང་དང་། འགོས་ཁྲི་བཟངས་ཡབ་ལྷག་གིས་འཆིམས་རྒྱལ་གཟིགས་ཀླུ་འཐེང་ངམ་སྟག་ར་ཀླུ་གོང་། འཆིམས་འདོམ་བཞེར་སྤྲེ་ཆུང་། དེ་རྣམས་ཀྱིས་བློན་པོ་བྱས་སོ། །ཚེ་སྟོད་ལ་དབུ་སྔོན་བཙན་པོས་མཐའི་དགྲ་བཏུལ། མཐའི་རྒྱལ་པོ་རྣམས་ཀྱང་མངར་བསྡུས། འཕྲིན་ལས་ཀྱིས་སྐལ་དུ་ལྷ་མོའི་སྲིད་བསྲུང་། རྒྱལ་ཁམས་ས་ཚིག་གིས་བཅད། བོད་ཁམས་གླིང་དགུར་ཕྱེ། འབངས་ཆོས་བྱེད་རྣམས་ལ་ཚིས་ཆེར་མཛད།  སྐུ་ཚེ་སྨད་ལ་ཟ་ཧོར་ནས་པད་མ་འབྱུང་གནས། རྒྱ་གར་ནས་བྷོ་དྷེ་སྭ་ཏྭ་དང་བྱེ་མ་(བི་མ་ལ་མི་དྲ་)ལ་མུ་ཀྲ། ཁྲོམ་ནས་ཀ་མ་ཤི་ལ། ཁ་ཆེ་ནས་ཨ་ནན་ཏ། བལ་པོ་ནས་ཤི་ལ་མན་ཛུ། རྒྱ་ནག་ནས་ཧ་ཤང་མ་ཧ་ཡ་ན། དེ་རྣམས་སྤྱན་དྲངས་ནས་ལོ་ཚ་བ་ཆེ་འབྲིང་ཆུང་པ་གསུམ་གསུམ་གྱིས་དམ་ཆོས་རྣམས་སྒྱུར་ཞེས་པ། མེས་ཁྲི་སྲོང་གི་རིང་ལ། ལོ་ཚ་བ་བེེ་རོ་ཙ་ནའི་རིང་ལ་ཆེ་གསུམ། ཞང་སེ་བཙན་ལྷ་ན་རྦ་རད་ན། ཤུད་པུ་ཁོང་སླེབས་སོ། །འབྲིང་གསུམ་ནི། ལྷ་ལུང་ཀླུ་གོང་། བྲན་ཀ་ལེག་གོང་། འགོ་བོང་ཡུལ་གོང་ངོ་། །ཆུང་གསུམ་ནི། ལྡན་མ་རྩེ་རྨང་། འགོས་སྙ་བཟངས། ལོ་ཁྱི་

170b

ཆུང་རྣམས་ཀྱིས། སྡེ་སྣོད་གསུམ་དང་གསང་སྔགས་ཀྱི་ཆོས་རྒྱ་གར་དུ་མ་ལུས་པ་རྩམ་བསྒྱུར། རྒྱ་ནག་ནས་སྦ་ཁྲི་བཞེར་སང་ཏྲི་རྟ་ལོགས་པས་ལས་ཀྱི་སྒྲིབ་པ་རྒྱུན་ཅོད་པ་དང་། ས་ལུ་ལྗང་པ་རྡོ་རྗེ་གཅོད་པ་དང་གསུམ་སྤྱན་དྲངས་ཏེ། ཆོས་དཀོན་ཅོག་གི་སྟེན་དུ་བཞུགས་དགེ་འདུན་དཀོན་ཅོག་གི་སྟེན་མདོ་སྡེའི་ལུགས་སུ། མངོན་གྱི་སད་མི་བདུན་ལ་དཔེ་སླངས་ནས། དགེ་དང་ཡིག་ཚངས་ཅན་རྒྱ་བཞི་བཅུ་རབ་དུ་བྱུང་། རྒྱུད་སྡེའི་ལུགས་སུ་ཤེས་རབ་དང་ལྡན་པའི་གང་ཟག་ལ་ཉན་ཤད་དང་བསྒོམས་སྒྲུབས་དུ་སྣང་། ནང་པ་སྟེ་གཉིས་དང་ཡང་དག་སྒྲུབ་པ་ལ་ཐུགས་དམ་དུ་མཛད། མིང་མཁན་པོ་དང་སློབ་དཔོན་དུ་གནང་། སྡེ་སྣོད་གསུམ་དུ་བསྒྱུར་ནས་ཕྱིས་མི་བཅོས་པར་བཀའ་བཅད་དོ། །