ལྡེའུ་ཆོས་འབྱུང་།
འགྱུར་བའི་ཆོས་འཆད་ཚུལ་བཞི།
ལེའུ་སྔོན་མ།
ལེའུ་རྗེས་མ།

(འགྱུར་བའི་ཆོས་འཆད་ཚུལ་བཞི།)

དེ་ལྟར་འགྱུར་བའི་ཆོས་ཚོ་ལ་འཆད་ཚུལ་བཞིས་སྟེ། བཀའ་ལུང་རུ་ཚུགས་སུ་འཆད་པ། ཡོངས་གྲགས་རྟོགས་ཆོས་སུ་མཆད་པ། འབྲེལ་པ་རྒྱུད་གཞུང་ལྟེམས་པའི་དཀོར་དུ་འཆད་པ། གཉན་རྒྱུད་ཐོར་བུར་འཆད་པའོ། །བཀའ་ལུང་རུ་ཚུགས་སུ་འཆད་པ་ནི། འགྱུར་དེ་ཚོ་ལ་རྔ་སྙེམས་པའི་ལོ་ཚ་བ་ནི། རྨ་རིན་ཆེན་མཆོག །སྙག་ཛྙཱ་ན་ཀུ་མ་རའོ། །སྙག་དེ་ལ་དགྲ་གསུམ་དར་དེ། དགྲ་གསུམ་འདུལ་བའི་སློབ་མ་བློ་རྣོན་གསུམ་ལ། འཇེང་ཨུ་པ་དེ། གསལ་རབ་རིན་ཆེན། ཐང་བཟང་དཔལ་གྱི་རྡོ་རྗེ། ཚུར་ནག་ཡེ་ཤེས་དཔལ་ལོ། །ལུང་དང་མན་ངག་གི་བདག་པོ་བཞི་ལ། གྲོ་དཔལ་གྱི་སྙིང་པོ། སྒྱེ་འཕགས་པའི་ཤེས་རབ། དཔལ་བུ་མཆོག་གི་ཤེས་རབ། སོགས་པོ་དཔལ་གྱི་ཡེ་ཤེས། སྒྲོལ་བ་ལ་མངའ་མཉེས་པ་ནི་འོ་བྲན་དཔལ་གྱི་གཞོན་ནུའོ། །རྨ་ལ་སློབ་མ་བཞི་སྟེ། ཀམ་ཤཀྱ། གྱེ་རེ་མཆོག་སྐྱེ། ལྕེ་ས་ཟླ་འབར། ནམ་སྨད་ཟླ་བ་རྡོ་རྗེའོ། །དེ་རྣམས་ཀྱིས་སློབ་མ་ཁུ་བྱུག་འོད་དང་། ཁྱུང་པོ་དབྱིགས་གི་འོད་དོ། །དེ་གཉིས་གྱིས་རྒྱ་གར་ཡུལ་དུ་ཡང་ཕྱིན་ནས།

181b

རྨ་སྙག་གཉིས་དང་བཏུན་པས་ཨ་ཅང་མ་མཐུན་ཏེ། ཁུའི་ཞལ་ནས་གསང་སྔགས་ཀྱི་ཆོས་ནི་བཀའ་རྒྱུད་མ་ཆད་པའི་བླ་མ་རྩོ་བ་ཡིན་ཟེར་ནས། བདུད་རྩི། ཕུར་པ། པདྨ་དབང་ཆེན་འཇམ་དཔལ་ཡང་དག་ཞི་ཁྲོ་རྣམས་བཀའ་ལུང་རུ་ཚུག་སུ་བཤད་དོ། །ཁྱུང་པོའི་ཞལ་ནས་སྤྱིའི་གཞུང་རྩོས་སྟེ། སློབ་མ་དགོངས་པ་ཅན་དང་རང་དོན་ཅན་མང་ཟེར་ནས། སྙིང་ཞག་གཉིས། ཟླ་གསང་མཉམ་སྦྱོར་གཉིས། ཡང་ཕུར་སྒྲགས་མ་དང་ལུང་གི་རྒྱལ་པོ་སེམས་སྐྱེད་གཉིས། རྒྱུད་དྲུག་ལེ་ལགས་དང་བདུན། འཕྲ་མོ་སོ་གཅིག་ལུང་ཕྲན་བདུན་བཅུ་རྩ་གཉིས། སྒྲུབས་པ་སྡེ་དྲུག་ཚོ་ལ་ཡོང་གྲགས་སུ་བཤད་དོ། །དེ་དག་གི་སློབ་མ་ནི། ཁུ་བྱུག་འོད་ཀྱི་སྲས། ཁུ་ལུང་དཔལ་དབྱོང་དང་། ལྕོག་རོ་རྒྱལ་བུ་དམ་པ་དང་། དེ་གཉིས་ཀྱི་སློབ་མ་ཞང་རྒྱལ་བའི་ཡོན་ཏན་ནོ། །རྨའི་སློབ་མ་གེ་རེ་མཆོག་སྐྱོ། དེའི་སློབ་མ་ཙུག་རུ་རིན་ཆེན་གཞོན་ནུ། དེའི་སློབ་མ་མགོ་བམ་བྱང་ཆུབ་ཚུལ་ཁྲིམས་བྱ་བ་གཅིག་དང་། རྒྱུ་འཕྲུལ་ཁྱད་པར་དུ་འཕགས་པ་གཅིག་དང་། ཅོག་རོ་རྒྱལ་བའི་བློ་གྲོས་གཉིས་ཕར་སློབ་ཚུར་སློབ་མཛད། མགོ་བམ་གི་རྟོགས་རྗེ་འཇམ་དཔལ་དང་ལན་གསུམ་གཞོན་ནུ་ལ་བཤད། ལན་གསུམ་གྱིས་གཞོན་ནུ་གཤིན་རྗེ་དང་། ངོམ་དགེ་ལེགས་བྱང་ཆུབ་ལ་བཤད། རྗེད་བྱང་ཐོར་བུ་ཡང་དེར་བྱུང་། རྟོག་རྗེས། རྗེས་སུ་བྱང་ཆུབ་འབྱུང་གནས་དང་། ཆེ་མཆོག་བྱང་ཆུབ་སྣུབས་དང་། ཕ་འམ་རིན་ཆེན་བྱང་ཆུབ་དང་། སྦས་རྒྱལ་རྒྱལ་བའི་ཡེ་ཤེས་དང་བཞི་ལ་བཤད། གསུམ་གིས་འཆིང་བུར་སྒོམས་དེ་ཀ་འཆིང་བུ་མའི་ལུགས་སོ། །

182a

༄༅།       །རྗེས་སུ་རོང་དུ་བྱོན་ཏེ། སྲས་བློ་གྲོས་རྒྱ་མཚོ་དང་། སློབ་མ་བྱང་ཆུབ་གྲགས་པ་ལ་བཤད། རྗེད་བྱང་དར་བར་གྱུར་རྟོ། །ཅོག་རོ་ཞང་རྒྱལ་བའི་ཡོན་ཏན་འཆིང་བུར་སྒྲུབས་པ་མཛད་པས། མྱང་རོ་རླུང་གི་སྨད་ན་འགར་གྱིས་སྤྱན་དྲང་ནས། སེ་སྙ་ཡོན་ཏན་བཟང་པོ་ལ་བཤད། དེས་ཞང་བྱང་ཆུབ་འབྱུང་གནས་དང་། ཟ་རིད་ཡེ་ཤེས་འཕགས་པ་དང་། ལྕེ་ཡོན་ཏན་འཕགས་པ་གསུམ་ལ་བཤད། ཟ་རིགས་ཀྱི་སྣུབས་གླང་ཆེན་བྱ་སྙིང་དང་། དབལ་སེ་ཚ་རྨ་རུ་ལ་སོགས་པ་ལ་བཤད། སྣུབས་ཀྱིས་མར་མ་སྒོམ་ཆེན་ཆེར་ཚུལ་དང་ཟུར་ཤེས་རབ་འབྱུང་གནས་དང་། ལྕེ་བཟོད་བཟངས་ལགས་པ་ལ་བཤད་ནས་རྩང་དུ་དར་བར་བྱས་སོ། །ཡོངས་གྲགས་གི་རྒྱུད་པ་ནི། ཁྱུང་པོའི་སྲས་ཁྱུང་པོ་འགིརྟི། ཡབ་ཀྱི་སློབ་མ་འདའ་ཆོག་དཔལ་གྱིས་ཡེ་ཤེས། དེས་ཆེ་ཞེས་ཡོང་གྲགས་གི་བདག་པོ་ལ་བཤད། དེས་ཞང་རྒྱལ་བ་ཡོན་ཏན་ལ། ཆོས་རྗེས་བྱས་ནས་ཞང་ལ་གསན། དེ་ནས་ཞང་ཡོན་ཆུང་མ་སྙེས་སྙིང་པའི་འཆོང་དྲུག་ཅད། དེ་གཉིས་ཀྱི་རིང་ལ་བཀའ་མ་དང་ཡོངས་གྲགས་ཀྱི་རུ་སོ་སོ་གཟུང་ཏེ། གཉིས་སུ་ཆད་དོ། །དེར་ཁམས་སུ་ཡང་མང་པོར་བཤད་ནས། མཁས་པར་ལོབ་པ་སྣུབས་སྤ་ཤི་རྟ་ཆེན་པོའོ། །དེ་ལ་སློབ་མ་མཁས་པ་གསུམ་བྱུང་ཏེ། སྣུབས་བྱང་ཆུབ་རྒྱལ་མཚན། སྔོ་ཚ་འབར་བའི་རྒྱལ་མཚན། ཁྱུང་པོ་སེང་གེ་རྒྱལ་མཚན་ནོ། །ཁྱུང་པོ་སེང་གེ་རྒྱལ་མཚན་གྱིས། ཉང་བསྟོད་ཀྱི་ཁྱུང་པོ་འཕང་དར་འབེར་དང་། ཞང་ཚེ་སྤོང་ཟུང་སྔགས་གཉིས་ལ་བཤད། ཁྱུང་པོས་ཡོངས་གྲགས་ཀྱི་རུ་གཟུང་། ཞང་གི་

182b

བཀའ་ལུང་གི་རུ་གཟུང་ནས་མང་པོ་ལ་ཞུས་ཏེ། ཐང་བཟངས་དཔལ་གྱི་རྡོ་རྗེ་ལ་སངས་རྒྱས་མཉམ་སྦྱོར་ཞུས། རྒྱུ་འཕྲུལ་རྡོ་རྗེ་སྦྱིང་ལ་གསང་འདུས་ཞུས། ཇེང་ཨུ་པ་དེ་གསལ་རབ་རིན་ཆེན་ལ་ཐབས་ཀྱི་ཞགས་པ་པད་མོ་འཕྲེང་པ་ཞུས། གཤིན་རྗེ་མཆོག་གི་ཤེས་རབ་ལ་ཟླ་གསང་ཐིག་ལེ་ཞུས། མགོ་ང་བྱང་ཆུབ་ཚུལ་ཁྲིམས་ལ་གསང་པ་སྙིང་པོ་ལེ་ལགས་དང་རྒྱུ་འཕྲུལ་དྲ་བ་རྣམས་སླབ། ཚུར་ནག་ཡེ་ཤེས་དཔལ་ལ་འཕྲ་མོ་སུམ་བཅུ་རྩ་གཅིག་རྩར་བྱུང་སླབ། དེར་ཁམས་ནས་ལོགས་ནས་དབུས་སུ་སྤེལ། རྩང་བ་མི་དྲུག་དཔོན་དང་བདུན་གྱིས། དབུས་སུ་དར་རྗེས་ལ་ཞུས་ཏེ། མྱང་སྟོད་ཀྱི་བཟང་ཡོན་ཏན་འབྱུང་གྲགས། མན་ངག་གི་འདྲེ་མཆོག་གི་བཟང་པོ་ཤབ་གྱི་གླང་ལྕི་ལྕམ། མགོས་པ་ཁུ་པ་གྲན། སྲེགས་རྡོ་རྗེ་མཛིན། ལུམ་གྱི་མགོས་སྟོན་རྡོ་རྗེ་རིན་ཆེན། སླུབ་རྡོ་རྗེ་རྒྱལ་མཚན། ལྕོག་རོ་འབྲིང་འཚམས་ཀྱི་གྲགས་རྡོ་རྗེ་རིན་ཆེན་བྱང་ཆུབ་དང་བདུན་གྱིས་ཞུས་སོ། །འབྲེལ་སྒྲུབས་ཀྱི་རྒྱུད་གཞུང་ལྟེམས་པའི་དཀོར་དུ་འཆད་པ་ནི། བེེ་རོ་ཙ་ན་ནིའི་རྒྱུད་པ་བར་མ་དང་ཐ་མས་སྟེ། བེེ་རོ་ཙ་ནས་རྒྱལ་པོ་གཡུ་སྒྲ་སྙིང་པོ་ལ་བཤད། དེ་ལ་སློབ་མ་ལྔ། སོགས་པོ་དཔལ་གྱིས་ཡེ་ཤེས། སྦ་བུ་མཆོག་གི་ཤེས་རབ། གྲྭ་དཔལ་གྱིས་སྙིང་པོ། དགེ་འཕྱ་པའི་ཤེས་རབ། འོ་གྲན་དཔལ་གྱི་གཞོན་ནུའོ། །དེ་རྣམས་ཀྱི་སློབ་མ། ལུང་མན་ངག་དུ་གྲགས་པ། སངས་རྒྱས་རིན་པོ་ཆེན་ལ་བཤད། སྒྲགས་ཀྱི་ཡང་རྫོང་དུ་སྒྲུབས་པ་མཛད། འཇམ་དཔལ་གཤིན་རྗེ་ཞལ་མཐོང་། སྒྲུབས་པ་བཀའ་བརྒྱད་ཀྱི་དབང་ཐོབ་ནས་གསུངས་པ། འབྲས་བུ་

183a

༄༅།       །ཡང་རྩེའི་དོན་ཡང་རྟོགས། །གྲགས་སྔགས་ལུང་གི་དབང་ཡང་བསྐུར། །ལས་སུ་སྐལ་ལྡན་ལམ་སྣ་འདྲེན། །སློབ་མ་གྲོངས་ཤིག་སྐལ་ལྡན་ཀུན། །གསུང་པས། ཕ་ཚན་དང་ཡུལ་མི་ཀུན་གྱིས་ཕྲག་དོག་བྱས་ནས། ཐུགས་མུག་ནས་དཔེ་ཆ་རྒྱ་གར་ཡུལ་དུ་སྐྱེལ་གསུངས་ནས། དྲེའུ་ལ་དཔེ་ཆ་སྐལ་ཏེ་སྟེང་དུ་ཞོན་ནས་ཕྱིན་པས། སྟན་པའི་སྟེང་དུ་སྟོན་པ་ཞོན་ནས་སོང་ཟེར་བསྐད། སྣུབས་ཡུལ་རོང་དུ་བྱོན་ནས། ཡ་ཟིན་བོན་སྟོན་ལ་གནས་གཡར་བས། སོ་ཡེ་ཤེས་དབང་ཕྱུག་ཐོན་ཆང་མཐུང་པའི་སར་ཡ་གཟི་བོན་སྟོན་སྤྱན་དྲངས་པས། ང་ལ་འགྲོན་པོ་གཅིག་ཡོད་བྱས་པས་སུ་ཡིན་ཟེར། སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ཡིན་བྱས་པས། འོ་ན་སྤྱན་དྲོངས་ལས་ཤོག་ཟེར་ནས། སྤྱན་དྲངས་ནས་ཆོས་གཏམ་བྱས་པས་འགུ་ནས། སོ་ཡེ་ཤེས་དབང་ཕྱུག་ན་རེ། ན་ནིང་གི་དེ་བྱ་ཐི་བར་འདུག་ཁུ་བྱུག་ད་སྟོད་བྱུང་ཟེར་ནས་ཆོས་ཞུས་པས། ཐུགས་ཀྱི་སྲས་བཞི། སྦས་པའི་སྲས་དང་ལྔ། ཐུགས་ཀྱི་སྲས་ནི་སོ་ཡེ་ཤེས་དབང་ཕྱུག །སྤ་གོར་འཕགས་པ་རླན་ཆེན་དན་ཡོན་ཏན་མཆོག །སྲུ་ལེགས་པའི་སྒྲོལ་མའོ། །སྦས་པའི་སྲས་ནི་ཁུ་ལུང་ཡོན་ཏན་རྒྱ་མཚོའོ། །སོ་ཡེ་ཤེས་དབང་ཕྱུག་ལ་ལྟ་བ་སྒང་དྲིལ་དུ་ཅད། སྤ་གོར་འཕགས་པ་ལ་གོལ་སྒྲིལ་བརྡར་ཤ་བཅད་དེ་བཤད། དན་ཡོན་ཏན་མཆོག་ལ་ལྟར་ཁ་གགས་སེལ་དུ་བཤད། སྲུ་ལེགས་པའི་སྒྲོལ་མ་ལ་ཚིག་སྡེབས་སྦྱོར་ལེགས་སུ་བཤད། ཁུ་ལུང་ཡོན་ཏན་རྒྱ་མཚོ་ལ་གབ་པ་མངོན་དུ་ཕྱུང་ཏེ་བཤད། རྩང་སྟོད་དུ་རིན་ཆེན་རྣམ་གསུམ་ལ་ཡང་བཤད།

183b

གདུང་ཚབ་བྱང་ཆུབ་རིན་པོ་ཆེ། སྣུབས་དཔལ་འབྱུང་རིན་པོ་ཆེ། ཁྱུང་པོ་དབྱིག་གེ་རིན་པོ་ཆེའོ། །སྦས་པའི་སྲས་ཁུ་ལུང་ཡོན་ཏན་རྒྱ་མཚོ། སྲས་ཡེ་ཤེས་རྒྱ་མཚོ་དང་། མྱང་མི་ཤེས་རབ་བཟང་པོ་ལ་བཤད། ཐུགས་ཀྱི་སྲས་བཞིའི་བཀའ་མྱང་མི་ཤེས་རབ་འབྱུང་གནས་ལ་བབས། དེས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ་བཤད། དེ་ལ་སློབ་མ་རྩེ་མོ་བཞི་ཡོད་དེ། ལྟ་བསྒོམས་ལ་མཁས་ཤིང་རྩེ་མོར་གྱུར་པ་ཟུར་ཆུང་ཤེས་རབ་གྲགས་པ། མདོ་རྒྱུ་འཕྲུལ་ལ་མཁས་པའི་རྩེ་མོར་གྱུར་པ་མེ་ཉག་འབྱུང་གྲགས། འཕྲིན་ལས་ཀྱི་ཤར་བརྒྱད་ལ་མཁས་པའི་རྩེ་མོར་གྱུར་པ་བཟང་ཤེས་རབ་བཟང་པོ། ཐེགས་པ་མཐའ་དག་ལ་མཁས་པའི་རྩེ་མོར་གྱུར་པ་རྒྱལ་པོ་འགོས་ཆུང་ལའོ། །དེ་ལ་བཀའ་བ་བཞི་ཟེར། གདོང་དྲུག་པ། ཟུར་ཆུང་ཤེས་རབ་གྲགས་པ་དང་གཅིག །གུང་བུ་སྐྱོས་སྟོན་ཤག་ཡེས་དང་གཉིས། མོ་རིའི་རྟེ་ནག་མི་རི་དང་གསུམ། ཆུ་བར་གི་རླན་ཉ་ཆིལ་བ་དང་བཞི། ཡང་ཚུལ་གྱིས་ཡང་ཁང་བླ་མ་དང་ལྔའོ། །སྐོར་ཆུང་གི་ཡེ་ཤེས་བླ་མ་དང་དྲུག་གོ །དེས་ངག་དོན་བྱང་ཆུབ་རྒྱ་མཚོ་ལ་བཤད། དེས་མ་ཐོག་གི་བྱང་འབར་ལ་བཤད། དེས་མི་ཉག་འབྱུང་གྲགས་ལ་བཤད། མྱང་ལུགས་དང་རྩང་ལུགས་ལ་དཀོར་ལུགས་ཟེར་རོ། །དེ་ནས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་དེས། བལ་ཡུལ་དུ་གཤེགས་པར་བཞེད་པ་ལ་མ་རྟོལ་ནས། ཟབ་དགུ་སྟེར་དུ་སྦས་དེ་གསུངས་པ། རྒྱལ་པོའི་བཀའ་བཞིན་བྱེད་པའི་བུ་མེད་པས། །ལོ་ནི་རྒྱ་དང་བཅུ་གཉིས་ལོན་དེ་ཤི་དང་ཉེ། །ལུང་དང་སྟུན་པའི་གཏེར་ཁ་གསུམ་དུ་སྦས། །

184a

༄༅།       །ཁ་བྱང་བརྒྱད་དུ་མན་ངག་ཟབ་ཚོ་སྐོད། །རྩིས་རྒྱ་ཅིག་དུ་རྩིས་ཀྱི་ཁ་བྱང་སྐོད། །རྩིས་རྒྱ་ཅིག་དུ་བལ་པོའི་ཆོས་ཚོ་བཀོད། །རྩིས་རྒྱ་གཅིག་ལ་དྲག་སྔགས་རྒྱ་བཅུ་བཀོད། །རྩིས་རྒྱ་གཅིག་ལ་ཉམས་སུ་བླང་པའི་ཆོས་བཞི་རྒྱུད་དང་བཅས་པ་བཀོད། རྩིས་རྒྱ་གཅིག་དུ་ཉམས་སུ་སླང་པའི་ཆོས་གསུམ། རྩིས་རྒྱ་གཅིག་དུ་ཤིནྟམ་གར་པའི་འཁྲུལ་འཁོར་དྲུག་པོ་དང་། །ནག་མཐུང་ནག་པོའི་སྒྲུབས་ཡིག་བཅས་པ་བཀོད། །དེས་ལྟར་བཀོད་ནས་བཀའ་བསྲུངས་རྣམས་ལ་སྟད། །བདག་ནི་དུས་ཟད་ལུས་ཀྱི་ཁོག་ཤོར། །འབངས་ཀྱིས་ཁེང་ལོགས་རྒྱལ་ཁམས་ཕུང་པར་བྱས། །བལ་ཡུལ་ཡམ་བུ་ཉིད་དུ་འགྲོ་སྙམ་པས། །ལས་ཀྱིས་བཏུག་ནས་རྟོལ་བར་མ་ཐར་བས། །ལེ་ལོ་ཅན་གྱི་ཡོན་ཏན་རྒྱ་མཚོ་ལ། །ཤོག་གཅིག་ཤོག་གཅིག་བྱས་པས་ཁོ་མ་བྱུང་། །ཕུག་པོ་རིན་པོ་ཆེ་ལ་གཏེར་དུ་སྦས། །ཕྱི་རབས་བྱང་ཆུབ་སེམས་པའི་རིགས། །ཤ་མདངས་སེར་ལ་སྐྲ་ལོ་ལི། །སོ་ནི་དུས་སོ་འཁོར་བར་ཡོད། །ལུས་ཀྱི་བོང་ཆུང་འབྲུག་ལོ་པ་གཅིག །འདི་དང་འཕྲད་ནས་སྟན་པ་སྲུང་པར་ཤོག །མཧཱ་ཀ་ལ་མགོན་པོ་ནག་པོ་ཁྱོད། །བཀའི་བསྲུང་མ་གཉན་པོ་འདི་སྲུངས་གཅིག །གསུངས་ནས་གཏེར་དུ་སྦས་ནས་གྲོངས་སྐད་དོ། །གཉན་རྒྱུད་ཐོར་བུ་མཆད་པ་ནི་ཤིན་ཏུ་མང་སྟེ། གྲོལ་གཉེན་ཞག་དང་གསུམ་གྱིས་གཉན་ཆེན་དཔལ་བཟང་ལ་རྒྱུད། དེས་བླ་ཆེན་པོ་དགོང་པ་གསལ་རྒྱུད་པའི་ལོར་རྒྱུས་སམ། སློབ་དཔོན་པད་མས་རྣམ་སྣང་རྡོ་རྗེ་བདུད་འཇོམས་ལ་སོགས་པ་རྒྱད་ལ་རྒྱུད་པ་ནི། ཁར་ཆེན་དཔལ་གྱི་དབང་ཕྱུག་དང་གཅིག །ངོམ་ཨ་ར་དཔལ་རྟོགས་དང་གཉིས། སྒྲོ་རྡོ་རྗེ་གཞོན་ནུ་དང་གསུམ། ཞང་ཞུང་

184b

སྟོན་གྲགས་དང་བཞི། རོང་བན་ཡོན་ཏན་རིན་ཆེན་དང་ལྔ། རོང་བན་རིན་ཆེན་ཚུལ་ཁྲིམས་དང་དྲུག །རོང་པ་ཆོས་བཟངས་དང་བདུན། རྣམ་སྣང་རྡོ་རྗེ་བདུད་འཇོམས་དང་བརྒྱད་དོ། །བེེ་རོ་རྩ་ནས་རྒྱལ་པོ་གཡུ་སྒྲ་སྙིང་པོ་ལ་བཤད། དེས་བླ་ཆེན་པོ་དགོངས་པ་གསལ་ལ་རྒྱུད། དེས་བྲུམ་ཤིང་ཀླག་ཅན་ལ་རྒྱུད། དེས་སྣུབས་དཔལ་ལྡན་ལ་རྒྱུད། དེས་ཡ་གཟི་བོན་སྟོན་ལ་རྒྱུད། དེས་རོང་པ་ཆོས་བཟང་ལ་རྒྱུད་དོ། །དེ་བཞིན་དུ་བྱེ་མ་ལས་མྱང་ཏིང་འཛིན་བཟང་པོ་ལ་གནང་ནས་རྒྱུད་པའམ། ཡང་བྱེ་མ་ལ་མུ་ཏྲས་ཐུན་མོང་གི་སློབ་མ་རྨ་རིན་ཆེན་མཆོག་དང་། སྙག་ཛྙ་ན་ཀུ་མ་ར་གཉིས་ལ་རྒྱུད། དེ་གཉིས་ཀྱིས་ཁུ་བྱང་ཆུབ་འོད་དང་། ཁྱུང་པོ་དབྱིག་གི་འོད་གཉིས་ལ་རྒྱུད། རྒྱལ་བུ་དམ་པ་དང་སྲས་ཁུ་ལུང་དཔལ་སྦྱོང་གཉིས་ལ་རྒྱུད། དེ་གཉིས་ཀྱིས་ཞང་རྒྱལ་བའི་ཡོན་ཏན་ལ་རྒྱུད། ཅོག་རོས་ནི་དེ་ཡང་མ་ཟད་ཐང་བཟངས་དཔལ་གྱི་རྡོ་རྗེ་ལགས་པ། མཁས་པ་ཐམས་ཅད་ལ་ཐུག་ནས་མཁན་པོ་མཛད་དོ། །ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ཅོང་རོ་ཟང་ཁ་མཛོད་ཁུར་ལ་རྒྱུད། དེས་ལྟར་གཉན་རྒྱུད་ཐོར་བུ་འཆད་པ་ནི་ཤིན་དུ་མངས་སྟེ། དེའི་རྒྱུད་པ་ཐམས་ཅད་རོང་པ་ཆོས་བཟངས་ཀྱི་མཛིན་ནོ། །