(ཡོངས་སུ་སྐོར་བའི་ཆོས་ལ་འཆད་ཚུལ་བརྒྱད།)
ཡོངས་སུ་དཀོར་བའི་ཆོས་ལ་འཆད་ཚུལ་བརྒྱད་ཅེས་པ་ནི། སྤྱིར་རྫོགས་པ་ཆེན་པོའི་ཆོས་ལ་བཤད་གཞུང་ཇི་རྩམ་ཡོད་གཅིག་ཀྱང་། རྒྱ་གར་ནས་བྱུང་པའི་དབང་དུ་བྱས་ན་བདུན། བོད་ཀྱི་གྲུབ་པ་ཐོབ་པ་གཅིག་གི་མཛད་པ་དང་བརྒྱད་དུ་འདུས་སོ། །དེ་ལ་ལྟ་བ་ཁོབ་སྡེབས་སུ་བཤད་པ་དང་གཅིག །དགོངས་པ་ཀློང་སྡེབས་སུ་བཤད་པ་དང་གཉིས། གབ་པ་
༄༅། །འཁྲུག་སྡེབས་སུ་བཤད་པ་དང་གསུམ། རྒྱལ་ཐབས་སྤྱི་ལུག་སུ་བཤད་པ་དང་བཞི། མ་འདྲེས་ཡོངས་སུ་བཤད་པ་དང་ལྔ། བཅད་གཞུང་ཆེན་པོ་བཞི་རུ་བཤད་པ་དང་དྲུག །མན་ངག་རྒྱ་བཞི་ཁ་སྤྲོད་དུ་བཤད་པ་དང་བདུན། སྒོ་དང་སྒོ་ལྕག་ལྡེ་མིག་གི་ཚུལ་དུ་བཤད་པ་དང་བརྒྱད་དོ། །དེ་ལ་ལྟ་བ་ཁོག་སྡེབས་སུ་བཤད་པ་ནི། དཔེ་ནམ་མཁའི་ངོས་ལྟ་བུ་ལ། རྒྱ་གར་གྱིས་མཁན་པོ་གསལ་རྒྱལ། ཕྱག་རྒྱ་རིན་པོ་ཆེ་གསེར་འཕྲེང་། བོད་དུ་རྒྱུད་པའི་བཀའ་བབས། སྟོང་འཕགས་པ་ཤེས་རབ་དང་། སྟོང་ཚན་བྱང་ཆུབ་གཉིས་ལ་བབས་སོ། །དགོངས་པ་ཀློང་སྡེབས་སུ་བཤད་པ་ནི། དཔེ་ནམ་མཁའི་ཀློང་ལྟ་བུ། རྒྱ་གར་གྱིས་མཁན་པོ་ཤྲི་སིངྷ་། ཕྱག་རྒྱ་རིན་པོ་ཆེ་ཀློང་གི་སྒྲོན་མ། བོད་དུ་རྒྱུད་པའི་བཀའ་བབས། བསྙག་ཛྙཱ་ན་ཀུ་མ་ར་དང་། སྣོན་ཀླུའི་དབང་ཕྱུག་ལ་བབས་སོ། །གབ་པ་འཁྲུག་སྡེབས་སུ་བཤད་པ་ནི། དཔེ་སྣ་ཚོགས་རིན་པོ་ཆེ་དཔུང་པ་ལྟ་བུ། རྒྱ་གར་གྱིས་མཁན་པོ་བྱེ་མ་ལ་མུ་ཏྲ། དགེ་སློང་མ་ཀུན་དགའ་མོ། ཕྱག་རྒྱ་རིན་པོ་ཆེ་གསང་རྒྱའི་དཀོར། བོད་དུ་རྒྱུད་པའི་བཀའ་བབས་ནི། ཞང་ཛྙཱ་ན་ཤེས་རབ་ལ་བབས་དེ་བསྒོམ་རྩེར་འདོད་པའོ། །རྒྱལ་ཐབས་སྤྱི་ལུགས་སུ་བཤད་པ་ནི། དཔེ་རིན་པོ་ཆེ་བཅལ་དུ་བཀྲམ་པ་ལྟ་བུ། རྒྱ་གར་གྱི་མཁན་པོ་འབུ་དྷ་ཀུག་རྟ། ཕྱག་རྒྱ་རྣལ་འབྱོར་རིག་པའི་ཉི་མ། ཟ་འུག་བེར་ཁྱིམ། བོད་དུ་རྒྱུད་པའི་བཀའ་བབས་སོ་ཡེ་ཤེས་དབང་ཕྱུག་ལ་བབས་སྟེ། རྫོགས་ཆེན་སྒང་གྲིལ་དུ་འདོད་དོ། །མ་འདྲེས་ཡོངས་རྫོགས་སུ་བཤད་པ་ནི། དཔེ་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུ། རྒྱ་གར་གྱིས་
མཁན་པོ་ཤྲི་སིངྷ་དང་། དྲང་སྲོང་སབ་ཤི་རྟ། ཕྱག་རྒྱ་ཤྲི་སིང་ངའི་འབྲེལ་ཆུང་དང་བཅག་འབྲེལ་གཉིས་བོད་དུ་རྒྱུད་པའི་བཀའ་སྐོར་ཐུང་ཤེས་རབ་ཡེ་ཤེས་ལ་བབས་སོ། །བཤད་གཞུང་ཆེན་པོ་དྲུག་དུ་བཤད་པ་ནི། དཔེ་རྒྱ་མཚོ་ལ་ཆུ་བྲན་གྱེས་པ་ལྟ་བུ། རྒྱ་གར་གྱིས་མཁན་པོ་ཤྲི་སིངྷ་དང་འཇམ་དཔལ་དཔལ་བཟང་། ཕྱག་རྒྱ་བཞི་སྟེ། ལྟ་བའི་ཆོས་སུ་བཤད་ཚད་ལྟ་བ་སྒང་དྲིལ་དུ་བསྡུས། བསམ་གཏན་དང་མན་ངག་གི་ཆོས་རྩམ་གབ་པ་སྔོན་དུ་ཕྱུང་པར་བསྡུས། བློ་དང་འགལ་དགེག་གི་ཆོས་རྩམ་ལྟར་ཁ་གག་སེལ་དུ་བསྡུས། ལ་མདོས་དང་ཤན་འབྱེད་ཀྱི་ཆོས་རྩམ་གོ་གྲིལ་བརྡར་ཤ་ཅད་པར་བསྡུས་སོ། །བོད་དུ་རྒྱུད་པའི་བཀའ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བབས་སོ། །མན་ངག་རྒྱ་བཞི་ཁ་སྤྲོད་དུ་བཤད་པ་ནི། དཔེ་དགོས་འདོད་འབྱུང་པ་ཡིད་བཞིན་གྱིས་ནོར་བུ་རིན་པོ་ཆེ་ལྟ་བུ། རྒྱ་གར་གྱིས་མཁན་པོ་ཤྲི་སིངྷ། བལ་པོ་དྷ་ར་རྩི་ཏྲ་མ་ནི། ཕྱག་རྒྱ་རིན་པོ་ཆེ་རྒྱ་བཞི་ཁ་སྤྲོད། དེ་ལ་ཕྱི་རྩིས་རྒྱའི་དཀོར་ནི། ལྟ་བ་ལ་ཟློ། ཐེགས་པ་ཤན་འབྱེད། གོལ་གྲིབ་བརྡར་ཤ་གཅོད་པའི་ཆོས་ཡིན་ཏེ། དེ་ལ་གཟེར་བུ་མི་འདྲ་བ་བདུན་བརྒྱ་དང་བདུན་བཅུ་རྩ་གཉིས་ཡོད་དོ། །སྟོན་ཆེན་གྱིས་ཆོས་སུ་གཏད་དོ། །ནང་གསང་རྒྱའི་དཀོར་ལ། དང་པོ་སེམས་མ་ཟིན་པ་ཟིན་པར་བྱེད་ཟིན་པ་སྟན་པར་བྱེད་སྟན་པ་བོགས་འདོན་པར་བྱེད། བོགས་མ་ཐོན་ན་ལོགས་ནོན་གྱིས་འདོན། དགྲ་བྱིང་རྒོད་གནས་སུ་བཅོམ། འཇུག་དུ་ཆོས་ཉིད་མ་བུ་ངོ་སྤྲོད་པ་ཡིན་ཏེ། དེ་ལ་བསྒོམས་ཁྲིད་མི་འདྲ་བ་བདུན་རྒྱ་དང་བདུན་བཅུ་རྩ་བདུན་ཡོད་དོ། །དེ་བསྒོམས་ཆེན་གྱིས་
༄༅། །ཆོས་སུ་གཏད་དོ། །གསང་པ་རྒྱ་བུ་ཆུང་གིས། བསྒོམས་མཁན་ངོས་གཟུང་ནས། སྒོམས་བདག་པོ་ལ་བསྟོད་པའི་ཆོས་ཡིན་ཏེ། དེ་ལ་མདོ་མི་འདྲ་བ་བདུན་རྒྱ་དང་བདུན་བཅུ་རྩ་བདུན་ཡོད་དེ། གསང་པ་བརྒྱའི་ལ་ཟློ་བ་ལ་སྟད་དོ། །མན་ངག་གཏད་རྒྱ་ནི། བསྒོམས་ཀྱང་སྐྱོན་མེད་རང་བྱུང་ཡེ་ཤེས་ཀྱིས་རོལ་པ། མ་བསྒོམས་ཀྱང་སྐྱོན་མེད་མཚན་མ་རང་གྲོལ་གི་ཆོས་ཉིད། མདོར་ན་སྒོམ་མ་སྒོམས་གཉིས་སུ་མེད་པའི་ཆོས་བྱ་བ་ཡིན་དེ། དེ་ལ་དགོངས་པ་རྒྱ་དྲུག་བཅུ་ཡོད་དེ། རྣལ་འབྱོར་མའི་ཆོས་སུ་སྟོད། བོད་དུ་རྒྱུད་པའི་བཀའ་མྱང་སྟོན་རྩེགས་སེ་ལ་བབས་སོ། །སྒོ་དང་སྒོ་ལྕགས་འདི་མིག་གི་ཚུལ་དུ་ཅད་པ་ནི། དཔེ་ཕྱུག་པོའི་བང་མཛོད་ལྟ་བུ། རྒྱ་གར་གྱིས་མཁན་པོ་མེད། བོད་ཀྱི་མ་རྟོགས་བྱང་བར་གྱིས་ཤེས་རབ་ཀྱིས་རྩལ་གི་གོ་ནས་མཛད་པ་ཡིན་དེ། ཕྱག་རྒྱ་རིན་པོ་ཆེ་འདི་མིག་གི་དཀོར། དེ་ལ་ཅད་གཞུང་ཆེན་པོ་གཅིག་དུ་རྩི་བ་ཡིན་ནོ། །