ལྡེའུ་ཆོས་འབྱུང་།
མུ་ཏིག་བཙན་པོ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(མུ་ཏིག་བཙན་པོ།)

འབྲིང་པོ་མུ་རིགས་རྩན་པོ། རྒྱལ་སར་མ་ཚུད་པ་ལ་ཡབ་དང་བློན་པོ་མགོས་གྲོས་བྱས་ནས། ཞང་བཙན་བཞེར་འུ་རིངས་སྒོ་སྲུང་དུ་བཅུག་ཡོད་པས། མུ་ཏིག་བཙན་པོ་བྱོན་ཏེ། ཁྱོད་ཀྱིས་ང་མི་སྟོང་ངམ་ཟེར་ནས་རལ་གྱིས་སྐེ་ལ་ཕར་ཐལ་རྒྱབ་ནས་བསད། ནང་དུ་ཕྱིན་རྩ་ན་འུ་རིངས་སྒོ་སྲུངས་མི་འདུག་གམ་གསུང་པས། འུ་དང་རིང་རིང་པོ་དེ་ཐལ་ཟེར་སྐད། དེར་ཁོ་ལ་མཆད་པ་ཅད་དེ། ཤངས་ཀྱིས་སྐྱོད་མཚལ་དུ་གཤེགས་ཏེ། ཐང་འཚམས་སུ་ཕབ་སྐད།