(ཡུམ་བརྟན་དང་འོད་སྲུང་།)
ཆོས་ཀྱི་མེ་ནི་གདུང་རབས་བདུན་དུ་སྦས་ཞེས་པས། དེའི་སྲས་འོད་སྲུང་། དེའི་སྲས་དཔལ་མགོན། ཉི་མ་མགོན། བཀྲ་ཤི་མགོན། འོད་ཀྱི་རྒྱལ་མཚན། དེའི་སྲས་ལྷ་བླ་མའི་བར་དུ་ཆོས་སྣུབས་ཀད། དར་མའི་སྲས་ཡུམ་སྟན་འོད་སྲུང་བ་གཉིས་ཅེས་པས། དེ་གཉིས་ཀྱི་རྒྱལ་ས་མ་ཟིན་བར་དུ་སྟོང་། ཅེན་ལ་མ་འཆམས་པར་དབུ་རུ་དབུ་རུ་འཁྲུག་ཀད་པ། དེའི་འོག་དུ་རྒྱལ་སྲིད་རེ་རེ་ལས་མཛིན་པ་མེད། ཕུ་བོ་ཆེས་ཤོས་ཀྱིས་རྒྱལ་ས་མ་ཟིན་ན་ཞལ་མངར་འབེབས་ཏེ། ཁོང་ཞལ་མཐོང་པ་མངའ་བ་ཡིན་ཟེར་ནས་རྒྱལ་པོ་བས་ཀྱང་ཞན། འབངས་ལས་ཀྱང་དྲག་པའི་ཐང་འཚམས་ཟེར་རོ། །ཅེན་ལ་མ་འཆམས་ཅེས་པས། ཁོང་གཉིས་མཉམ་པོར་སྐྱེས་པའི་གཞུང་དུ་བྱས་ནས་ཕུ་བོ་ང་ཡིན་པ་ལ་མ་འཆམས་པའོ། །དེ་ཡང་ཁྲི་དར་མ་གྲོངས་ནས་ལྟོ་བར་འོད་སྲུང་ཡུམ་བརྟན་གཉིས་ཀྱིས་རྒྱུ་མཚན་ཀྱང་། འོད་སྲུང་གཡོར་མོ། བཙན་མོ་འཕན་གྱི་ལྟོ་ན་གནས་པའི་ཚེ། ཡབ་གྲོངས་པའི་རྗེས་ལ་སོང་བས་སྔན་བྱུང་གི་དོགས་ནས་བློན་པོ་རྣམས་ཀྱིས་ནུབ་མོ་མར་མེ་ཏང་། ནས་ཏིང་ཁྲིའི་ཁར་ཡུམ་ཆེན་བཙན་མོ་འཕན་ཉལ་དུ་བཅུག་ནས་སྲུངས་པས་ཁྲི་རྣམ་ལི་འོད་སྲུངས་ཟེར་རོ། །འོད་སྲུངས་ལྟམས་པའི་ནུབ་མོ། འཕན་གཟའ་འཕའ་འཕན་རྒྱལ་གྱིས་བུ་ཆུང་ཉོས་ནས་སྐྱེས་མ་ཐོག་ཏུ་མ་སྙེད་དེ། སེའུ་
ཚེག་གེ་ཚགས་བྱས་ནས་དེ་གོང་དུ་གསུས་པ་ལ་འབོབ་གླན་ནས་བུ་ཆེའི་རྫུས་སྟབ་ནས་ང་ལ་ཡང་མདང་སྲས་གཅིག་ལྟམས་བྱས་ནས་བློན་པོ་རྣམས་ཀྱི་བལྟས་པས། སེའུ་རྩེག་གེ་འདུག་པས་བློན་པོ་རྣམས་གྲོས་བྱས་སྲས་མདང་ལྟམས་པ་ལ་སོ་དུང་སོ་འཁོར་མ་མི་སྲིད་དེ། འོན་ཀྱང་ཡུམ་སྟན་དུ་ཆུག་ཟེར་ཞེས་མཚན་ཡང་ཡུམ་སྟན་དུ་སྟགས་སོ། །དེར་ཁོང་གཉིས་ཅེན་ལ་མ་འཆམས་པར་དབུ་ཡོར་འཁྲུག་བྱས་སོ། །ཚེ་སྤོང་གཟའ་ཡུམ་ཆེན། བུ་རུའི་བྱང་ངོས་སུ་གྲོལ་ཏེ། འཁྲུག་པ་འཕམས་པས་ཡུམ་མེས་ཀྱི་ནོར་སྣ་བཅྭོ་བརྒྱད་ལགས་པ་རྗེའུ་ཅན་དགུ་ཡུམ་སྟན་གྱིས་ཁྱེར་བ་ལགས་སྐད། མངའ་བདག་འོད་སྲུང་སྤྲེལ་ལོ་ལ་ཡུམ་བུ་བླ་སྒམ་དུ་ལྟམས། ཚེ་ལོ་ཞེ་ལྔ་བཞེས་ནས་གླང་ལོ་ལ་ཡར་སྟོད་འཕང་ཐང་དུ་སྐུ་གཤེགས། བློན་པོ་དགུ་ཁྲི་ཐོག་སྒྲ་དང་། སྔོགས་དཔལ་གསུམ་སྒྲ་ཆེ། རྔོག་རྒྱལ་ཏོ་རེ་རྒྱལ་རྣམས་ཀྱིས་བྱས། རྒྱལ་པོ་དེ་ཡང་ཡབ་གྲོངས་པའི་རྗེས་ལ་སོང་བའི་རྗེ། བསོད་ནམས་ཆུང་པས་དབུས་གཙང་སོ་སོར་ཕྱེ། དབུ་རུ་གཡོ་རུ་འཁྲུགས། སྟོད་ཁྲམ་དང་སྨད་ཁྲམ་དུ་ཆད། རྗེའུ་དང་འབངས་འོད་འབར་དུ་ཕྱེ། ཕྱིའི་སོ་ཁ་ཤོར། ནང་དུ་འདུན་ས་ཞིག །རྒྱལ་ཁྲིམས་གསེར་གྱིས་གཉའ་ཤིང་འདྲ་བ་ཆགས། ཆོས་ཁྲིམས་དར་གྱི་མདུད་པ་འདྲ་བ་གྲོལ། མི་ཆོས་སོགས་མའི་ཕོན་ཐག་འདྲ་བ་ཆད། གནས་མགོན་ཐམས་ཅད་ཀྱིས་ཟ་ཚུགས་འདྲ་བ་ཉམས། རང་གི་གནས་རྟན་དང་། ཆོས་ཀྱི་བཞི་
༄༅། །མཛིན་ཐམས་ཅད་ལྷོ་བལ་དུ་བྲོས། ཆབ་སྲིད་ཀྱི་བློན་པོ། ལྷ་རིས་ཀྱི་དགེ་བཤེས་དང་། ཆོས་ཁྲིམས་ཞིག་པས་མྱ་ངན་གྱིས་དྲོངས། མངའ་བདག་འོད་སྲུངས་ཀྱི་དཔལ་འཁོར་རྩན་དང་། ཡུམ་སྟན་གྱིས་སྲས་མགོན་སྤྱོད་ཀྱི་རིང་ལ། དབུ་ཡོགས་རྣམ་པ་གསུམ་དང་། ཁེང་ལོག་རྣམས་གསུམ་བྱུང་ཏེ། མངའ་བདག་དཔལ་འཁོར་ལ་བསོད་ནམས་ཟད་པའི་རྒྱལ་པོ་གཅིག་ཟེར་རོ། །རྒྱལ་པོ་དེ་ཡང་འཕང་ཐང་དུ་སྐུ་ལྟམས། ལོ་ཅུ་གསུམ་ན་ཡབ་གུང་དུ་གཤེགས། ཆབ་སྲིད་ལོ་བཅྭོ་བརྒྱད་གཟུང་། ལུག་ལོ་ལ་ཤམ་པོ་མཆུ་སྙག་གི་བཀྲོངས་སོ། །སྐུ་ཚེ་སུམ་བཅུ་བཞེས། བྲག་གཟུང་ལྷ་ལོད་དང་། ཅང་ཨ་པོས་བློན་པོ་བྱས། ལོ་གསུམ་སྐྱེངས་ནས་ཡབ་མེས་ཀྱི་བང་སོ་ལ་ཐིག་ཚག་བྱས་ནས། ཝ་རྩུགས་སོ། །གསུང་རབས་དང་བྲིས་སྐུ་ལགས་པ་བྱས་ཆོས་བག་རེ་མཛད་ཀྱང་། རྗེ་ཐུགས་གནག་པས། དཀོན་ཅོག་གི་དབུ་ཡོགས་བྱུང་ཏེ། རྗེའི་བློན་པོ་སྙག་ཐོག་པོ་བྱ་བས་གོ་ཆོད་ཤོད་གཅིག་རྐུན་མས་རྐུས་ནས་བསད། རོ་གངས་ཀྱི་སྟོངས་ནས་བྱུང་། བློན་པོ་ཁྲི་མདུང་མང་བཙན་བྱ་བ་ནད་ཀྱིས་ཟིན་སྟེ་སྲང་ནས་གུམ། དཔལ་བཟངས་དགེ་འདུན་གཡག་གི་གསད་ནས་རོ་བྲག་དུ་ཚུད་ནས། སེམས་དུག་གི་ཉི་མ་གཅིག་ལ་རྒས་ནས་ཤི་ཟེར། རྗེ་འབངས་ཐམས་ཅད་ཀྱིད་པའི་གཡུང་དྲུང་ཟད་ནས་སྡུག་པའི་རེ་མོངས་ལ་བབས་སྟེ། མངའ་བདག་གིས་དཔལ་འཁོར། ཇོ་མོ་སྐྱིད་འཁྲོད་བཤོས་ཤིང་
ལན་འཁོར། མཚན་ནས་གྲངས་གླེང་སྐད། དེ་ནས་འབངས་རྣམས་གྲོས་བྱས་ནས་སྲས་གཅིག་རྩང་ནས་སྤྱན་དྲང་ངམ་བྱས་པས། ཡུམ་སྟན་རྒྱུད་ཀྱིས་ཐུགས་ནག་བྱས་དོག་ནས་དབུ་རུ་ནས་རྗེ་ཁྲི་ལྡེ་མགོན་རྩན་སྤྱན་དྲངས་ནས་འཕྱོས་ཀྱི་རྗེའུ་རྣམས་ཀྱིས་སྙན། གཡུ་རས་སོགས་ལགས་པ་ཕྱག་དུ་ཕུལ་ནས། གོང་དུ་མངའ་བདག་མེས་དབོན་རྣམ་གསུམ་ལག་པ་ཡང་མེས་བཀའ་དྲིན་ཅན་རྣམས་ཀྱི་དབོན་སྲས་སུ་གྱུར་པ་དང་། གཉིས་པ་ན་འབངས་གཡུང་དྲུང་པ་རྣམས་ལ་ཉང་སྟོད་ཀྱི་འདྲེ་སྟག་པ་ལ་བཀའ་དྲིན་ཅན་དུ་གྱུར་པ་དང་། གསུམ་པ་བཀའ་ལུང་རྒྱལ་ཁྲིམས་ཉམས་ཀྱང་རྒྱལ་ཐབས་ཡ་རབས་དང་མཚུངས་པའི་མཛད་པའི་རྗེ་དེ་བླ་སྒོ་དང་པོར་འབངས་ཀྱིས་བཞག་སྐད། དེ་ལྟར་ལགས་པའི་སྟོབས་ཀྱིས་རྒྱལ་སྲིད་ལ་མི་དབང་པའི་རྒྱལ་པོ་གཅིག་ལ། ཁྲི་རྗེ་འགོན་རྩན་གྱིས་རྒྱུད་འདི་བསོད་ནམས་ཆེ་སྟེ། རྗེའི་ཅན་དགུ་དང་ཆོས་སྐོར་བསམ་ཡས་ལགས་པ་འོད་སྲུངས་རྒྱུད་ལ་མེད་པས། མངའ་བདག་དཔལ་འཁོར་གོ་མ་ཆོད་པས་ལན་པ་ཡིན་སྐད།