ལྡེའུ་ཆོས་འབྱུང་།
ཁེང་ལོག་བྱུང་ཚུལ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ཁེང་ལོག་བྱུང་ཚུལ།)

ཁྲི་རྗེ་མགོན་རྩན་དེ་བསོད་ནམས་སྐྱེས་པས་ཁེང་སོ་རྣམས་ལ་ཅི་ཡང་བྱས་པས་ཁེང་ལོག་བྱུང་ཏེ། གཞུང་ལས། དེའི་དུས་སུ་དུས་ལོགས་ཁེང་ལོག་བྱུང་ཀད་པ། ཁེང་ལོག་གི་དཔེ་བྱ་ལ་བླང་ཏེ། ཇ་སྲིན་བྱ་བ་ལ་ཁོལ་པོ་སྲེ་མོང་གིས་གསང་དུས་སུ་མ་དྲང་ནས། སྲིན་བྱས་ཀད་ཏབ་པས།

209a

༄༅།       །སྲེ་མོང་གི་རྨིག་འབྲུལ་བ་ཡིན་པས། གསང་དུས་སུ་འདྲེན་པ་ལ་ན་མ་ཅིག་གསང་མཆིས་ནས། སྲིན་བྱ་སྐད་སྡེབས་པར་འདོད་པ་ལ། སྲེ་མོང་གི་སྐད་སྡེབས་ལོང་མེད་པར་སྲིན་བྱ་བའི་སྐེ་ཅད་པས། དཔེ་དེ་ལ་སླང་ནས་ཁེང་ལོག་གོ །དེ་སྐད་དུ་ཡང་དཔེ་ནི་བྱ་ལ་བླངས་སྟེ་སྔ་བ་འཁམས་ནས་ལོག །ལག་དཔོན་ཁོ་བྱེར་ལྡེ་སྟོང་སྦས་ཀྱིས་བྱས། དེ་བས་སྔ་བས་དབུ་རུའི་ཁེང་ལོག་ཡིན། །ལག་དཔོན་ལོ་ཕོ་ལོ་ཆུང་སྦས་ཀྱིས་བྱས། །དེ་ནས་རྩང་དུ་བྱུང་ཏེ་ལག་དཔོན་ནི། །འོག་འམ་ཁུ་དོལ་ཉ་འབྲུག་བྱ་བ་ཡིན། །རྒྱུ་མཚན་རྗེའུ་དབུ་བྱུང་པས་ལན། །སྤྱིར་ནི་རྗེ་ཁེང་དབང་ཁྱད་ཆས་པས་ལན། །དབུ་རུའི་ཁེང་ལོག་འབྲོ་སྦས་འཁྲུག་པས་ལན། །གཡུ་རུའི་ཁེང་ལོག་ཞང་རྗེ་གསང་རྗེ་ཡིན། །དཔོན་དུ་བྱས་པའི་གཡུ་ནེ་གསད་པ་དང་། རྩེ་ཟླ་གཉིས་ཡོད། གཅིག་གི་ཆུང་མ་བྱས། ཅིག་མ་སླང་མོའི་ཕྲག་དོག་བྱས། མོའི་མིང་ནི་འབེབ་ཟ་ཝ་མོ་ཞུང་། དེའི་ཚེ་སད་ནེ་རྩན་གྱི་འབངས་རྣམས་ལ། རི་འགུལ་གཅིག་ལ་ཡུར་བ་བྱེད་དུ་བཅུག །མོ་ཤེད། ལས་བྱེད་ཀུན་ལ་འདི་ཀད་སྨྲ། །རི་འགུལ་སྙག་པ་བས་མི་འགུལ་སྙག་པ་སླ། །དེ་སྐད་སྨྲས་པས་ཐམས་ཅད་སེམས་འཕངས་སྐྱེས། །གཡུ་རུའི་ལག་དཔོན་ཕྱིས་མགོན་མི་དྲུག་ཡིན། །སྐྱེ་ཚེ་ཚེས་སྟན་སླེའི་ལྷ་ལ་སྟན། །སྙི་བ་སྟན་ནམ་མོལ་

209b

དྲུག་མཐོང་ཆུང་དང་། །གཡུ་ནེ་ཉང་དང་དེ་ལྟར་དྲུག་གིས་བྱས། །ཁེང་ལོག་འདུན་ས་ལྷའི་གོང་གསུམ་ཡིན། །ལྟར་ཁ་ཕུང་པོ་གཅིག་གི་དྲུང་དུ་བྱས། །ལྟར་ཁའི་མེ་ཏོག་སྲོད་ལ་ཤར་བ་ཡིས། །དེ་ཚོ་མི་ལ་འོད་ཕོག་འོད་འབར་སྟག །དེ་ཚོ་ཞ་ཕྱིང་ཞྭ་ཉེ་སྟག །ཡང་ནི་འབེ་མོའི་མཆིད་ནས་འདི་སྐད་ལོ། །ར་སྒ་བྱེད་ན་དགའ་མོད། །ཁུར་ཆུང་ན་སྐྱིད་མོད། །དེ་ཐོས་བསམ་འཕང་སྐྱེས་ནས་གྲོལ་ཐག་ཅད། །མཆིས་ཡུལ་ཏིང་ནས་ཁེང་ལོག་ཡུལ་ཕྱུང་ཡང་། །ཀོང་ཡུལ་བྲེས་ན་རྩན་པས་མ་ཕེབས་སོ། །ལགས་དཔོན་ལྡོང་བཙན་ལགས་དྲུག །ཡང་ན་འབེ་མོ་ཤོད་ན་རེ། འདི་སྐད་ལོ། ང་ཡིས་མཁར་སྒོམས་འབྲོ་རུས་གླུ་བླང་གིས། །རྩེ་རྗེ་ཕེབས་ནས་ནང་དུ་གཡབ། །མ་ཕེབས་པ་ལ་ཕྱི་རུ་གཡབ། །ནང་དུ་གཡོབ་ན་སྒོ་སྲུང་སྟོད་ལ་ཤོག །དེ་ལྟར་བྱས་ན་གསང་ནེ་འཕེབས། །ཁེང་ལོག་འཆའ་མཁན་དཔལ་གྱིས་ཡོན་ཏན་ཡིན། །མི་ནས་འདྲེ་ནི་རྗེའུ་མ་ཁྱབ་པས། །ལྷ་འདྲེ་ཀུན་གྱིས་སྣ་འདོར་འདུན་མ་བྱས། །དཔལ་གྱིས་ཡོན་ཏན་ལྕགས་ཀྱི་སྤྱང་ཁུ་ཞོན། །ལྕགས་ཀྱི་འབེར་ཀ་ས་ལ་ལྟུང་ཅིང་བྱོན། །ལྷ་འདྲེ་ཀུན་ལ་འདི་སྐད་ཞུ་བ་ཕུལ། །གཅིག་ཀྱང་མ་བཞག་བསད་པར་ཞུ། །ཡང་ན་སོག་ཀ་རྒྱད་དུ་སྟོང་པར་ཞུ། །དེ་སྐད་ཟེར་བས་བོད་ཀྱི་ལྷ་རྣམས་ཀྱིས། །དཔལ་གྱིས་

210a

༄༅།       །ཡོན་ཏན་ལ་གསོལ་པ། ལྷ་ར་དེ་ནི་འཁར་རྩེ་ཤོད་ན། །རྗེ་དཔོན་ཚན་རེ་བཞག་པར་ཞུ་བ་ཕུལ། །ལྷ་འདྲེ་ཐམས་ཅད་སེམས་མཐུན་དེ་ལ་འཆམས། །རྩང་ལྷ་ཕུ་དར་ལྷའི་ཞུ་བ་ཕུལ། །འགྲམ་པ་ལྷ་རྩེ་བཙན་པོའི་མཁར་ལ་སྟེན། །འབྲོ་དང་ལྕོག་རོ་ཞུ་བ་བྱས་ནས་སུ། །ཉེ་བོ་གཞུང་སྟག་རྗེ་དཔོན་ཚན་གཅིག་ཆགས། །ཁ་རག་ཁྱུང་བཙུན་ལྷའི་ཞུ་བ་བྱས། །སྦྲང་ཆར་སྦྲེ་ཅན་རྩན་པོའི་མཁར་ལ་སྟེན། །མྱང་དང་སྣང་གིས་ཞུ་བ་བྱས་ནས་སུ། །འཕན་ཡུལ་ཟ་གད་སྟག་པར་རྗེའུ་ཚན་གཅིག་ཆགས། །ལྟམ་ལྷ་ཕོ་རྒྱུད་ཀྱིས་ཞུ་བ་བྱས་བྱང་ཚར་གླ་ནར་རྗེ་དཔོན་ཚན་གཅིག་ཆགས། །སྙི་བུད་གཉིས་ཀྱི་མ་ཕྱར་བྱས་ནས་སུ། །ལྷོ་བྲག་རྟམ་ཤུལ་རྗེ་དཔོན་ཚན་གཅིག་ཆག །ཡར་ལྷ་ཤམ་བུ་ལྷ་ཡི་ཞུ་བ་བྱས། །ཁུ་དང་སྙགས་ཀྱིས་མ་ཕྱར་བྱས་ནས་སུ། །ཡར་ལུང་སྟོད་དུ་རྗེ་དཔོན་ཚན་གཅིག་ཆགས། །འཕྱོས་ལྷ་དཀར་པོ་ལྷའི་ཞུ་བ་བྱས། །ཕོ་རྒྱུད་ཅོ་མཁར་རྩན་པོའི་མཁར་ལ་སྟེན། །ཚེ་ཤུད་གཉིས་ཀྱིས་མ་ཕྱར་བྱས་ནས་སུ། །རྗེ་དཔོན་ཚན་གཅིག་འཆོས་སུ་ཆགས། །དེ་ནི་ཁེང་ལོགས་ལོ་རྒྱུས་སོ། །དེ་ནས་དྲིལ་བས་ལྡབ་མ་དགུ་རྩེགས་ཅན། མགོས་སྔོན་ཅན་དང་ལོ་རྒྱུས་ཆེན་མོ་རྫོགས་བཀད་དོ། །