ལྡེའུ་ཆོས་འབྱུང་།
ཟངས་མ་གཞུག་རལ་ཅན་སོགས་མདོར་བསྡུས་ཏེ་བསྟན་པ།
ལེའུ་སྔོན་མ།
(ཟངས་མ་གཞུག་རལ་ཅན་སོགས་མདོར་བསྡུས་ཏེ་བསྟན་པ།)
༈ བོད་བློ་བུར་རྒྱལ་པོའི་ལོ་རྒྱུས་ལ་གླེང་པའི་ཚིག་ཕྱེད་དང་བདུན་གྱིས་སྟོན་པ་ལ། རྗེ་གཉའ་ཁྲི་བཙན་པོ་ཡན་ཆད་སྟོད་ལྷ་རབས་ཟངས་མ་གཞུང་
210b
དྲབ་ཅན། གཉའ་ཁྲི་བཙན་པོ་མན་ཆད་ནས། མངའ་བདག་དཔལ་འཁོར་ཡན་ཆད་དུ། བར་མངའ་དར་སྟན། འོད་སྲུངས་ཡུམ་སྟན་ཆད། ད་ལྟའི་བཙན་པོ་ངན་པོ་ཡན་ཆད་དུ། སྨད་སིལ་ཆད་སྟན་པ་ལ། ལྡབ་མ་དགུ་རྩེགས་ཅན་དང་ཟིངས་པོ་མགོ་སྔོན་ཅན་བྱ་བ་ནི། ཕོ་རང་གར་ལྟམ་པ་དང་གཅིག །ཡབ་གང་ཡིན་པ་དང་གཉིས། ཆབ་སྲིད་ལོ་དུ་གཟུང་པ་དང་གསུམ། ཁབ་དུ་གང་བཞེས་པ་དང་བཞི། སྲས་སུ་ཡོད་པ་དང་ལྔ། བློན་པོ་གང་གིས་བྱས་པ་དང་དྲུག །ལས་ཐབས་ཅི་བྱས་པ་དང་བདུན། སྐུ་ཚེ་ལོ་དུ་ཐུབ་པ་དང་བརྒྱད། འདས་པ་གང་འདས་པ་དང་དགུ། དགུས་སྟོན་པས་ན་མདབ་མ་དགུ་རྩེགས་ཞེས་བྱའོ། །ཟིང་པོ་མགོ་སྔོན་ཅན་ནི། ལོ་རྒྱུས་ཟང་ཟིང་སྣ་ཚོགས་ཅན་དུ་སྟོན་པའོ། །ལོ་རྒྱུས་ཆེན་མོ་ནི་དགེ་བཤེས་ཁུ་སྟོན་གྱིས་མཛད་པའོ། །དེ་ཚོའི་ལོ་རྒྱུས་སྟན་ཏོ། །