ལྡེའུ་ཆོས་འབྱུང་།
གསང་བ་ཕྱག་རྒྱ་ཅན།
ལེའུ་སྔོན་མ།
ལེའུ་རྗེས་མ།

(གསང་བ་ཕྱག་རྒྱ་ཅན།)

ད་ནི་གསང་པ་ཕྱག་རྒྱ་ཅན་འཆད་དེ། གཞུང་ལས། རྨུན་ལོང་སྙུན་གྱིས་ཟིན་དང་གསོན་དུར་གཤེགས་ཀད་པ། རྨུན་ལོང་དུ་བྱོན་པ་རྩད་པོ་གང་། སྟག་གུ་སྙན་གཟིགས་སོ། །སྙུན་གྱིས་ཟིན་པ་གཅིག་ཡོད་ན་གང་། རྒྱལ་འབྲོམ་སྙན་ལྡེ་རུའོ། །གསོན་པོ་བང་སོར་གཤེགས་པ་གཅིག་ཡོད་ན་གང་། འབྲི་སྙན་ལྡེ་རུ་སྙུན་གྱིས་ཟིན་ནས་ཡི་མུག་ནས་རྗེ་འབང་གསུམ་གསོན་པོ་ལ་བང་གསོར་གཤེགས་སྐད། གྲིས་བཀྲོང་པ་

211a

༄༅།       །དུ་ཡོད་བཀྲོངས་པ་རྒྱུ་མཚན་ཅི་སྐད་པ། རྒྱལ་པོ་གྲི་རུ་བཀྲོང་པ་དུ་ཡོད་ན། བཅུ་ཐམས་པ་ཡོད། རྒྱལ་པོ་གྲི་གུམ་བཙན་པོ། ལོང་ངམ་གྱིས་བཀྲོངས་སྟེ། བཀྲོང་པའི་རྒྱུ་མཚན་ཐུགས་སུ་གསོལ་ཏེ། གདོན་མཁའ་འགྲོ་ལེགས་སྙིང་ཐུགས་སུ་ཞུགས་ཏེ། རྒྱལ་པོ་ལོང་ངམ་བྱི་རི་ལ་དོན་མེད་དུ་བསྡོས་ནས་སོ། །རྩན་སྲོང་བཞུགས་ནམ་ལྷོ་ཁར་ལྟ་དྲིར་བཀྲོངས་སྟེ། རྒྱུ་མཚན་ལ་རྟ་རྒོད་མ་ཐུལ་བས་སོ། །ལྗང་ཚ་ལྷ་དབོན་སྙགས་ཁྲི་བཟངས་ཡང་སྟོན་གྱིས་བཀྲོང་ཏེ། རྒྱུ་མཚན་ཁྲི་སྲོང་ལྡེབ་རྩན་ལ་མངའ་རིས་སྟོད་པའི་ཕྱིར། མུ་ནེ་བཙན་པོ་ཡུམ་གྱིས་དུག་གི་བཀྲོངས་ཏེ། རྒྱུ་མཚན་ཕོ་ཡོང་གཟའ་རྒྱལ་མོ་བཙུན་གྱིས་ཁ་གཟུང་པས་སོ། །ཁྲི་ལྡེ་སྲོང་བཙན་སྲག་གི་མུན་འདའ་རྒྱབ་ནས་བཀྲོངས་སྟེ། རྒྱུ་མཚན་འབངས་རྣམས་ཀྱིས་མེ་སྒྲོན་འགྱོག་སུ་ཅུག་ནས་རྟ་ཅགས་སོ། །མུ་རིག་བཙན་པོ་སྣ་ནམ་གྱིས་རྟ་གྲིར་གསད་ནས་རྟ་བཀྲོངས། རྒྱུ་མཚན་ཆོས་སྣུབས་པས་སོ། །གླང་དར་མ་ལྷ་ལུང་དཔལ་གྱིས་རྡོ་རྗེ་བཀྲོངས། རྒྱུ་མཚན་ཆོས་སྣུབས་ལྷ་ལུང་གསོད་པར་བྱས་པས་སོ། །སྣམ་རི་འོད་སྲུང་ཅོ་རོ་དུག་གིས་བཀྲོང་། རྒྱུ་མཚན་ཆན་ཆུན་མ་མཐུན་པས་སོ། །མངའ་བདག་དཔལ་འཁོར་སྟག་རྩེ་སྙགས་ཀྱིས་བཀྲོངས། རྒྱུ་མཚན་སྙག་ཕྱེད་རྩང་དུ་

211b

བཤུག་པར་བྱས་པ་དང་། རྩང་གི་འདྲེ་ཕྱེད་མར་ཡར་ལུངས་སུ་དབབ་པར་བྱས་པས་སོ། །