(ཡུམ་བརྟན་གྱི་རྒྱུད།)
ད་ནི་ཡུམ་བརྟན་སྲས་པོ་ཡུམ་བརྟན་མགོན་ཞེས་པས། ཡུམ་བརྟན་གྱིས་རྒྱུད་མཆད་དེ། ཡུམ་བརྟན་གྱིས་སྲས་ཁྲི་ལྡེ་མགོན་སྨྱོན། དེ་ལ་སྲས་གཉིས་ཏེ། ཅེན་རིག་པ་མགོན་དང་། ཅུང་ཉི་འོད་དཔལ་མགོན་ནོ། །ཅེན་གྱིས་སྲས་ཁྲི་ལྡེ། དེའི་སྲས་འོད་པོ། དེ་ལ་སྲས་གསུམ་ཏེ། ཁྲི་ལྡེ་ཨ་རྩར། ཁྲི་ལྡེ་མགོན་བཙན། མགོན་རྩེགས་སོ། །ཅེན་ཨ་རྩ་ར་ལ་སྲས་ལྔ། སྤ་ཚབ་རུམ་པོ་རྗེའི་སྲས། ཀླུ་ལྡེ་དང་། ལྷ་ལྡེ། སྤ་ཆབ་ཚ་འབུམ་ཏེ། མགོན་བཙན་དང་མགོན་རྩེགས་སོ། །ཀླུ་ལྡེའི་སྲས་འོད་པོ་དང་ཕོད་པོ། ལྷ་ལྡེ་ལ་དྲག་པ་ལ་སོགས་པ་སྲས་གསུམ། འབུམ་ལྡེ་ལ་སྲས་ཉི་མ་དང་ཟླ་བ། མགོན་བཙན་ལ་སྲས་གསུམ་ཏེ། ལྷ་ཆེན་དྲགས་པ། དར་ཆེན་དྲག །བྲའོ་ཚ་དང་གསུམ་མོ། །མགོན་རྩེགས་ལ་ཡང་སྲས་མང་དུ་ཡོད་དེ། འོད་པོའི་སྲས་ཁྲི་ལྡེ་ལ་ཡང་སྲས་གསུམ་ཡོད་དེ། གཉིས་གུམ་ནས། ཆུང་པ་ལྷ་ལྡེ་བཙན་ལ་སྲས་གཉིས། རྒྱལ་བུ་ཡོན་བདག་དང་། ལྷ་བཙུན་སྟོན་པ་གཉིས་སྟོན་པ་
ཐར་པར་གཤེགས། ཡོན་བདག་ལ་སྲས་ལྔ། ཆེ་ཤོས་དབང་ཕྱུག་ཁྲི། དེའི་སྲས་ཐོག་པོ་དེའི་སྲས་ཁྲི་དར་རོ། །དེའི་སྲས་སོ་ན་ཛ་རོ། །དེ་ལ་སྲས་པོ་བརྒྱད་སྲས་མོ་བརྒྱད་དོ། །སོ་ནའི་བུ་བླ་མ་མགོན། དེ་ལ་འབུམ་དར་རོ། །སོ་ནའི་བུའི་རྒྱུད་ཡར་སྟོད་ཀྱིས་བཙན་པོ་སྨོན་ལམ་གྱི་རྒྱུད། བུག་པ་ཅན་པ། ཐང་ལ་བྲག་པ་ལ་ཐུག་གོ །འོད་པོའི་སྲས་གསུམ་ཀྱིས་ཆུང་པ་ཁྲི་ལྡེ་མགོན་རྩེག་ལ་སྲས་གཉིས། ཧོ་རེ་དང་ཁྲི་དཔལ་ལོ། །ཧོ་རེའི་སྲས་རྩད་པོ་ནེ་དུ་ཁྲི་རྩུག །དེ་ལ་སྲས་ལྔ་ཏེ། དེ་རྣམས་ཅེན་རིག་པ་མགོན་གྱིས་རྒྱུད་ཡིན་ནོ། །ཞལ་ངོ་བདུན་བཅུ་ཙམ་བདོག་གོ །ཅུང་པོ་ཉིད་འོད་དཔལ་མགོན་མགོན་སྤྱོད་དང་ཞེས་པའི་རྒྱུད་སྟོན་ཏེ། ཉི་འོད་ཀྱི་སྲས་མགོན་ཅོད། དེའི་སྲས་ཚ་ལ་ན་ཡེ་ཤེས་རྒྱལ་མཚན། དེ་ལ་སྲས་བཞི་ཏེ། གསུམ་ལས་གྱེས་པས་འཕན་ཡུལ། ལྷོ་བྲག །ཀྱི་ཤོད་མལ་དྲོ་ལ་སོགས་པར་གྱེས་སོ། །ཆེ་ཤོས་སྲས་མགོན་ནེ། དེ་ལ་བཞི་ཏེ། ཆེ་དག་བཀྲ་ཤིས་སྙུན་གྱིས་ཟིན། དེའི་འོག་མ་ལྷ་(སྲོང་བཙན་རིན་པོ་ཆེ)བཙུན་སྔོན་མོ། དེའི་འོག་མ་དབང་ལྡེ། ཆུང་པ་ལྷ་དཀར་གདམས་པའོ། །ལྷ་བཙུན་དང་བཀའ་ཏམས་ཐར་པ་ལ་གཤེགས་སོ། །དབང་ལྡེ་ལ་སྲས་ལྔ་སྟེ། བཟུག་རུམ་པ། འོད་ལྡེ་མགོན། དགེ་པོ་སྟན་པ་སེང་གེ་དང་ལྔའོ། །ཇོ་བོ་བྱ་ཡུལ་བ་ལ་སོགས་མང་དུ་བཞུགས། ཆོས་སྐོར་བའོ། །དེ་རྣམས་ཡུམ་བརྟན་རྒྱུད་ཀྱིས་གདུང་རབས་སོ། །དེ་རྣམས་ཀྱིས་རྒྱལ་པོ་རྣམས་ཀྱིས་གདུང་རབ་
༄༅། །དེ་ལྟར་གཟུང་ཞེས་པའོ། །