ལྡེའུ་ཆོས་འབྱུང་།
སྔགས་གསར་མ་འགྱུར་འགོ་ཚུགས་ལུགས།
ལེའུ་སྔོན་མ།
ལེའུ་རྗེས་མ།

(སྔགས་གསར་མ་འགྱུར་འགོ་ཚུགས་ལུགས།)

༈ ད་ནི་གསར་མའི་འགྱུར་མགོ་གཙུག་ལུག་སྟན་པ་ལ། ཇོ་བོ་སྨྲི་ཏིས་གཙུག་ཞེས་པ། དེ་ལྟར་སྡེ་པའི་མེ་རོ་བླངས། སྙིང་མའི་

222b

སྙེལ་བཤད་ནུབ། ཡོངས་གྲག་མགོ་སྟག །འབྲེལ་པ་དང་སྒྲུབས་ཐབས་ཀྱིས་སྟན་པའི་ཉི་མ་ཤར། སྙན་བརྒྱུད་མདའ་ལྟར་སག །ཡོངས་སུ་རྫོགས་པ་རི་ཁྲོད་ན་འགྲིམས་པའི་དུས་སུ། བལ་པོ་པད་མ་མེ་རུ་རྩེ་བྱ་བ་ཆོས་འགའ་རེ་རྩམ་ཡང་མཁྱེན་སྐད་མ་བྱང་བ་གཅིག་བོད་དུ་བྱོན་ཏེ། དེ་ལ་ཆོས་ཞུ་བྱས་པས། ངས་ཆོས་མཁས་པ་ནི་མི་ཤེས། ད་ལྟ་རྒྱ་གར་ན་མཁས་པ་གཉིས་ཡོད་སྤྱན་དྲངས་སམ་ཟེར། དེར་རྒྱལ་པོས་གསེར་བསྐུར་ནས་གདན་འདྲེན་དུ་བཏང་པས། ཨ་ཙ་ར་འཕྲ་ལ་རིང་མོ་བྱ་བ་དང་། ཇོ་བོ་སྨྲི་ཏི་སྤྱན་དྲངས་ནས་བྱོན་པས། བལ་པོ་རྨེ་རུ་རྩེ་ལམ་དུ་ཕོ་ལང་གི་དྲོངས། པཎྚི་ཏ་གཉིས་པོ་སྐད་མ་བྱང་པས། མིས་པཎྚི་ཏར་ངོ་མ་ཤེས་སྟེ། ཨ་ཙ་རས་རང་ཐག་བརྩོས་བྱས་ནས་འཁམས་ཚུག་པ་འཁྱམས་སྐད། ཕྱིས་བོད་སྐད་བྱང་ནས། ཚོང་ལྡེ་ངག་གི་དབང་ཕྱུག་ལག་པས་ལོ་ཚ་བྱས་ནས། འཇམ་དཔལ་ཆོ་ག་འདུས་པའི་རྒྱུད་ལ་སོགས་པའི་ཆོས་ཤས་རྩམ་བསྒྱུར་བ་དེ་ལ་སྔགས་གསར་མའི་འགྱུར་མགོ་རྩུག་པར་གདའ། གསར་མ་རྒྱས་པར་ནི་རིན་ཆེན་བཟང་པོའི་རིང་ལ་བསྒྱུར་རོ། །དེ་ནས་ཇོ་བོ་རྗེ་ནག་ཚོ་ལོ་ཚ་བས་སྤྱན་དྲངས་ནས། ཁུ་སྟོན་བརྩོན་འགྲུས་དང་རྔོག་ལེགས་པའི་ཤེས་རབ་གཉིས་ལ། ཕར་ཕྱིན་གྱིས་གདམ་ངག་གནང་ནས། ལྷག་པ་ཚུལ་ཁྲིམས་ཀྱི་སླབ་པ་བཙུད། དེ་ནས་རྩང་གི་དགེར་ཕུར་སྐུ་འཁྲུང་པའི་ལོ་ཚ་བ་ཤཱཀྱ་བློ་དང་དགེ་སློང་གཉིས་

223a

༄༅།       །ཀྱིས་ཀྱང་། མ་ཧཱ་ཡོ་གའི་རྒྱུད་སྡེ་མང་དུ་བསྒྱུར། དབང་དང་བྱིན་རླབས་ཀྱང་མང་དུ་མཛད་ནས། ལྷག་པ་ཏིང་ངེ་འཛིན་གྱིས་སླབ་པ་ལ་སྦྱར། དེ་ནས་ཡམ་འབྲོག་དུ་སྐུ་འཁྲུངས་པའི་རྔོག་ལེགས་པའི་ཤེས་རབ་ཀྱིས་དབུ་ཚད་ཀྱི་བསྟན་ཆོས་རིན་པོ་ཆེའི་སྒྲོན་མེ་ལག་པ་མང་དུ་བསྒྱུར། ཐེགས་པ་ཆེན་པོ་བའི་ཆོས་ལ་གང་ཟག་ཕལ་ཆེར་བརྩུད་ནས། ལྷག་པ་ཤེས་རབ་ཀྱི་སླབ་པ་ལ་སྦྱར། དུས་དེ་ནས་ཆོས་གསར་མ་ཞེས་གྲགས་སོ། །གསང་སྔགས་རྒྱུད་པ་ཆོས་ཀྱི་བཟང་པོས་གཟུང་ཞེས་པ་ནི། རྫོགས་ཆེན་ལ་སོགས་པ་སྙན་རྒྱུད་ཐམས་ཅད་ཀྱིས་རྒྱུད་པ་རོང་པ་ཆོས་བཟངས་ཀྱི་གཟུང་ངོ་། །རྒྱལ་ཁྲིམས་ཀྱི་གསེར་གྱིས་གཉའ་ཤིང་ཆག་གྱུར་ཀྱང་། །ཆོས་ཁྲིམས་དར་གྱིས་མདུད་པ་ལ་སྟེན་པའི། སྐད་པ་རྒྱལ་ཁྲིམས་ཞིག་ཀྱང་ཆོས་ཀྱི་མེ་རོ་སླང་ནས་དར་མདུད་རྩམ་ཆགས་པས་དེ་སྐད་བྱའོ། །བོད་ཀྱི་རྒྱལ་ཁམས་ཡོན་ཏན་བདུན་ལྡན་འདིར། །ད་ལྟ་སྐྱེས་པའི་མི་ཡང་བསོད་ནམས་ཆེ་ཀད་པ། ཡོན་ཏན་བདུན་ནི་སྤྲུལ་སྐུ་ནི་རུའི་ཞལ་ནས། ས་ལ་རིན་ཆེན་གསེར་གྱིས་ཁྲོན་ལྟོལ་བས། །རྒྱ་གར་མཁས་པ་ཐམས་ཅད་བོད་དུ་བྱོན། །གངས་ཀྱི་ཀློང་ནས་ག་བུར་ཆུ་རྡོལ་བས། །ཉན་པ་པོ་རྣམས་བློ་རྣོ་དམ་ཆོས་མཁས། །གངས་ཀྱི་འདབ་མ་སེང་གེ་དཀར་གནས་པས། །གཙོ་བོ་རྣམས་ཀྱང་དྲོས་དང་མདུན་མ་ཆེ། །གངས་རིའི་མཐོང་ནས་གནོད་སྦྱིན་གཉན་ཆགས་

223b

པས། །བན་བོན་རྣམས་ནི་མཐུ་དང་རྫུ་འཕྲུལ་ཆེ། །ལྷོ་དང་བྱང་ན་འགྲོང་དང་རྟ་གནས་པས། །ཤར་པོ་རྣམས་ནི་སྤ་སྟན་གྱད་དང་འདྲ། །རི་མཐའ་རྣམས་ལ་སྟག་མའི་སྨན་གནས་པས། །བུད་མེད་རྣམས་ནི་དབྱིབས་ལེབ་མཛངས་ཞིང་འཕྲུལ། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པའི་ཕྱིར། །རྒྱལ་ཁམས་གཞན་ལས་བོད་ནི་སྙིང་རྗེ་ཆེ། །ཞེས་པས་སོ། །མན་ངག་ཟབ་མོ་རྣམས་ཀྱང་དུས་འདིར་དར་སྐད་པ་ལ། སྙིང་པོ་རྣམ་པ་གསུམ་ལགས་པའི་གདམས་ངག་ཐམས་ཅད་མར་མེ་འཆི་ཀར་འོད་གསལ་བ་བཞིན་དུ། སྟན་པ་ནུབ་ཁར་ཆོས་དར་བ་དེ་སྐད་དོ། །