(ཤཱཀྱ་ཐུབ་པའི་བསྟན་པ་ནུབ་ལུགས།)
༈ ད་ནི་ཤཱཀྱ་ཐུབ་གྱི་སྟན་པ་ནུབ་ལུག་བྱམས་པ་འབྱོན་ལུག་རྣམས་སྟོན་ཏེ། རྣམ་པར་འདྲེན་པ་དམ་ཆོས་ཟད་ཀྱི་དུས། །བཏག་ཙམ་མཛིན་པ་ལྔ་བཅུ་པ་ལ་ནུབ། །ཞེས་སྟེ། དུས་ཐ་མ་ཤཱཀ་ཐུབ་ཀྱི་སྟན་པ་ནུབ་པའི་རྒྱུ་ནི། ཡུལ་ཡུལ་དུ་དད་པ་མེད་པ་རྣམས་བྱུང་ཏེ། རྒྱལ་པོ་རྣམས་ཀྱང་ཡུལ་འཕྲོག་རེས་བྱེད། དགེ་སློང་དང་དགེ་སློང་མ་རྣམས། ལས་དགེ་བཅུ་སྤང་ནས། མ་སྟགས་པའི་སྤྱོད་པ་བྱེད། བབ་ཅོལ་གྱིས་གཏམ་སྨྲ། བསོག་འཇོག་ཉོ་ཚོངས་བྱེད། བྲན་ཕོ་མོ་དང་རྐང་འགྲོས་སྲེལ་བར་བྱེད་དོ། །དེའི་རྒྱུས་སྐྱེ་བོ་རྣམས་དད་པ་ལོག །དཀོན་ཅོག་དང་དགེ་འདུན་གྱི་ནོར་ལ་རྐུ་འཕྲོག་བྱེད་དོ། །དེར་དགེ་སློང་བཤའ་མ་རྣམས་ཡི་མུག་ནས། ལི་ཡུལ་གྱི་དགེ་སློང་རྣམས་གཅིག་ལ་གཅིག་འདི་སྐད་དུ། འོ་
༄༅། །ཅག་རྣམས་གཙུག་ལག་ཁང་དང་པོ་ཆོས་འབྱུང་པའི་གནས་དེར་འདུའོ་ཞེས་སྦྲན་ནས། དཔྱིད་ཟླ་ཐ་ཆུང་གི་ཚེས་བཅྭོ་ལྔའི་གསོ་སྦྱོང་བྱས་ཏེ་དེར་འདུས་ནས། ད་ནི་དཀོན་ཅོག་དགེ་འདུན་གྱིས་ནོར་ལ་རྐུ་འཕྲོག་བྱུང་པས། ད་ཕྱིན་ཆད་གང་དུ་མདོང་། འཚོ་བ་གང་ནས་བཙལ། དེ་བཞིན་གཤེགས་པའི་སྟན་པ་ནི་ཡུན་རིང་པོར་མི་གནས་སོ་ཞེས། ཆོང་ངེ་འདེབས་སོ། །ཡུལ་འདི་བོར་ནས་གང་དུ་འགྲོ། རྒྱ་ཡུལ་དུ་ནི་མི་ཐར། བོད་ན་དཀོན་ཅོག་མཆོད་པ་ཡོད་ཟེར་བས་དེར་འགྲོ་འམ་ཟེར་ནས། དེའི་ནུབ་མོ་གཙུག་ལགས་ཁང་ཚར་མར་བསྡད། ནམ་ལང་དང་བུད་མེད་དད་པ་ཅན་ཞིག་གི་དགེ་སློང་རྣམས་གདན་དྲངས་ནས། ཚ་བ་གྲངས་འགན་དྷེ་བརྡུང་ནས། གཙུག་ལག་ཁང་ལ་མཆོད་པ་དང་དཀོར་བ་བྱས་ནས། སྐུའི་གདན་ཁྲི་གཡས་པའི་གསེབ་ནས། སྒྲོམ་བུ་ཐ་རམས་ཅན་གཅིག་རྙེད་ནས། དེ་ཁ་ཕྱེ་བ་དང་། ནང་ནས་གསེར་ལས་བྱས་པའི་ངབ་ཟས་སྡེར་ཆ་བདུན་བྱུང་ནས། དགེ་འདུན་རྣམས་ཀྱིས་དེ་འབྲུར་སྒྱུར་ནས། སྦྱར་ཟླ་བ་གསུམ་གྱིས་འཚོ་བ་སྦྱར་ནས། ལྷག་མ་ལ་རྒྱག་ཕྱེ་བྱས་ཏེ། འཕགས་པ་སའི་སྙིང་པོའི་གནས་གཙུག་ལགས་ཡེ་ཤེས་སྙིང་པོར་ཕྱིན་ཏེ། དེའི་ཚེ་བྲག་ལ་མཆོད་རྟེན་ཡོད་པའི་འོག་གཞི་སྙིང་པ་དིབས་པའི་ནང་ནས་གསེར་ཕོར་མུ་ཏིག་གི་བཀང་པ་བྱུང་ནས། དགེ་འདུན་རྣམས་ཀྱིས་འབྲུར་སྒྱུར་
ནས་དགུན་ཟླ་བ་གསུམ་གྱི་འཚོ་བ་སྦྱར་རོ། །དེ་ནས་དཔྱིད་ཤེལ་ཆུ་འོག་མ་རྒལ་ནས་བྱོན་པ་དང་། ཡུལ་མི་སྟོད་པ་རྣམས་ཀྱིས་གཙུག་ལགས་ཁང་རྣམས་སུ། དགེ་འདུན་གྱིས་འཚོ་བ་སྦྱོར་རོ། །ཡུལ་མི་སྨད་པ་རྣམས་ཀྱི་དགེ་སློང་རྣམས་ཡུལ་ཕྱུང་པ་མཐོང་ནས། གཙུག་ལགས་ཁ་འོང་བྱ་བར་སྤྱན་དྲངས་སྟེ། ཞག་བདུན་གྱི་འཚོ་བ་སྦྱོར་བར་འགྱུར་རོ། །དེའི་ཚེ་ལི་ཡུལ་ན་གནས་པའི་ཀླུ་རྣམས་སངས་རྒྱས་ཀྱི་སྟན་པ་ཉམས་པར་གྱུར་རོ་སྙམས་ནས་མྱ་ངན་བྱེད་དོ། །སྟན་པ་གནས་པར་བྱེད་པའི་ཆེད་དུ་ཆར་པ་ཕབ་པས་གཙུག་ལགས་ཁང་གི་མཆོད་རྟེན་གྱི་གཞི་དིབ་ནས། གསེར་ཕོར་གསེར་ཕྱེས་བཀང་པ་བྱུང་བས། དེ་འབྲུར་སྒྱུར་ནས་དཔྱིད་ཀྱི་འཚོ་བ་སྦྱོར་རོ། །དེ་ནས་ཡུལ་མིས་གཙུག་ལགས་ཁང་ས་ལའི་ཚལ་དུ་སྤྱན་དྲངས་ནས། ཞགས་བདུན་དུ་གདུག་ཚོད་སྦྱར་ནས། ཡུལ་མི་སྟོད་སྨད་ཐམས་ཅད་གཙུག་ལག་ཁང་ས་ན་པ་རར་འདུས་ནས། དགེ་འདུན་རྣམས་ལ་ནོར་རྫས་དང་ཁུར་ཁལ་འབུལ་ལོ། །དེའི་རྒན་རྒོན་རྣམས་གཉེན་གནས་ལེན་ནོ། །དེའི་འཁར་དགེ་བ་ཅན་དུ་ཇོ་བོ་ཤཀྱ་ཕ་གི་ཤིང་རྟ་ལ་སྤྱན་འདྲེན་ནོ། །དེ་ནས་དགེ་བ་ཅན་ན་གནས་པའི་མིས་དགེ་འདུན་རྣམས་ལམ་དུ་འཇུག་པའི་ཡོ་བྱད་ཐོག་ནས། དགེ་འདུན་གྱི་ནོར་ལ་རྐུ་འཕྲོག་བྱུང་པས་ལན། གཟོད་པར་གསོལ་ཞེས་ཕྱག་འཚལ་ལོ། །དེ་ནི་ལི་ཡུལ་གྱི་མཆོད་པ་ཐ་མའོ། །དེ་
༄༅། །ནས་དགེ་སློང་རྣམས་བོད་དུ་བྱོན་པའི་ལམ་ཀ་ན་མཆོད་རྟེན་སྙིང་པ་ཡོད་པའི་རྩར། དཔལ་ལྷ་མོས་གསེར་གྱིས་དོང་རྩེ་ཕུ་དུང་གང་སྤུངས་ནས་བཞག་ཏེ། དེས་ལམ་གྱིས་རྒྱགས་སྦྱོར་བར་འགྱུར་རོ། །དེའི་ཚེ་ལི་ཡུལ་ན་གཙུག་ལག་ཁང་ཀ་ས་རེ་བྱ་བ་ན། ཡོན་བདག་རྒྱའི་རིག་གཅིག་གིས་ཞག་གསུམ་དུ་ཆོས་སྟོན་འདྲེན་ནོ། །དེ་ནས་བོད་དུ་འབྱོན་པའི་ལམ་མེ་དཀར་ཞེས་བྱ་བའི་ལམ་དུ་ཞུགས་པ་དང་། དགེ་སློང་གསར་བུ་རྣམས་རང་རང་གི་མཁན་པོ་ལ་ཆོས་གོས་དང་སྡོམ་པ་ཕུལ་ནས་བཟོད་གསོལ་བྱས་ནས་ཡུལ་དུ་ལྡོག་གོ །ཁ་གཅིག་རབ་དུ་བྱུང་པའི་དངོས་པོ་མི་གཏོང་པར། ཕ་མ་ལགས་པའི་གཉེན་བཤེས་དང་། སྐྱེལ་མི་རྣམས་མྱ་ངན་གྱི་ཚིག་སྨྲས་ནས་འབྲེལ་པ་དེ་ལས་མེད་པའོ་ཞེས་སྨྲས་ནས། སྐྱེལ་མི་རྣམས་ཕྱིར་ཟློག་ནས། དགེ་སློང་རྣམས་དང་འགྲོགས་ནས་མེ་དཀར་དུ་འགྲོའོ། །དེའི་ཚེ་དཔལ་ལྷ་མོ་དང་རྣམ་སྲས་གཉིས་སྙིང་རྗེ་སྐྱེས་ནས། འགྲོག་མི་གཉིས་སུ་སྤྲུལ་ནས་ཟླ་བ་གཉིས་ཀྱི་རྒྱགས་དང་འཚོ་བ་སྦྱོར་བར་འགྱུར་རོ། །དེ་ནས་དགེ་སློང་རྣམས་རི་སུལ་ལ་བྱོན་པས། འབྲོག་དགོན་པར་ལམ་ཏོར་ནས་ངུ་ཞིང་ཕྱོགས་བཅུའི་སངས་རྒྱས་དང་ལི་ཡུལ་ལྷ་ཐམས་ཅད་ཀྱི་མིང་ནས་འབོད་དོ། །དེའི་ཚེ་རྒྱལ་པོ་རྣམ་སྲས་སྙིང་རྗེ་སྐྱེས་ནས། གཡག་དཀར་པོ་སྒ་སྟན་སྣ་ཞུ་ཅན་གཅིག་དུ་སྤྲུལ་ནས། དགེ་འདུན་རྣམས་ཀྱིས་དྲུང་དུ་འོང་ནས། དེ་
མཐོང་ནས་འདི་ནི་མིའི་ཁལ་གཡག་ཡིན་ཏེ། འདིའི་ཕྱིར་འབྲང་ན་མི་དང་འཕྲད་སྙམས་ནས། ཕྱིན་པ་དང་གཡག་དེས་སྣ་དྲངས་ནས་ཕྱིན་པས་ཡུལ་འཚལ་བྱི་བྱ་བསྟོད་ཡུལ་ལ་ཟིན་པར་སྐྱལ་ནས། གཡག་མི་སྣང་པར་གྱུར་ཏོ། །དགེ་སློང་རྒན་རྒན་ཕལ་ནི་ལམ་དུ་འཆིའོ། །དེ་ནས་མཚལ་བྱིའི་མི་རྣམས་ཀྱིས་དགེ་སློང་རྣམས་གསུས་ཏེ། འཕྲལ་གྱི་ཡོ་བྱད་སྦྱར་ནས། བོད་ཡུལ་དུ་ལི་ཡུལ་གྱི་དགེ་སློང་རྣམས་ལྷག་ན་ཇི་ལྟར་བགྱི་ཞེས་སླེང་ངོ་། །དེའི་ཚེ་རྒྱ་རྗེའི་བུ་མོ་ཞིག་བོད་ཀྱི་རྒྱལ་པོའི་ཁབ་དུ་བཞེས་ཏེ་བཙུན་མོ་བྱེད་དོ། །དེ་དད་པ་དང་ལྡན་པས་སླབ་པའི་གཞི་གཟུང་ནས་གནས་སོ། །དེ་ནས་བཙུན་མོ་དེས་དགེ་སློང་རྣམས་ཐོས་ནས། ད་ནི་སངས་རྒྱས་ཀྱི་སྟན་པ་ཡུན་རིང་དུ་མི་གནས་སོ་སྙམས་ནས་མྱ་ངན་བྱེད་དེ། རང་གི་འཁོར་བུད་མེད་གཉིས་རྒྱ་དང་། སྐྱེས་པ་གསུམ་རྒྱ་དང་། འཁོར་རྣམས་བོས་ནས་འདི་སྐད་ཅེས་ཟེར་རོ། །སངས་རྒྱས་ཀྱི་སྟན་པ་འཇིག་པར་འགྱུར་གྱིས། རང་ཅག་རྣམས་མྱུར་དུ་བསོད་ནམས་བསགས་ལ་ཚུལ་ཁྲིམས་མ་སྲུངས་ན། འགྱོད་པར་འགྱུར་ཞེས་རྒྱལ་པོ་ལ་སྨྲས་པ། བདག་གི་སྟ་གོས་ཡོ་བྱད་རྣམས་གནང་ངམ་ཞུས་པས། རྒྱལ་པོས་གནང་ཏེ། རྒྱ་རྗེའི་བུ་མོས་ལག་དཔོན་བྱས་ཏེ། བློན་པོ་རྣམས་ཀྱིས་གཙུག་ལག་ཁང་བདུན་རྩིག་ནས་འབུལ་བ་བྱེད་དོ། །དེའི་ཐོ་གར་གྱི་ཡུལ་དང་། ཁ་ཆེ་དང་། ཨན་རྩེ་དང་། པར་ཨན་པ་དང་། ཤུ་ལིག་པའི་དགེ་སློང་རྣམས་
༄༅། ། མི་དད་མེད་རྣམས་ཀྱིས་རྩེས་ནས། བྲུ་ཞར་འགྲོ་བོ། །དེ་རྣམས་དེར་ཕྱིན་པ་དང་། བཙུན་མོ་བྱང་ཆུབ་སེམས་མས་དགེ་འདུན་རྣམས་ལ་གཙུག་ལགས་ཁང་དང་། མཆོད་པ་ཕུལ་བ་ཐོས་ནས་བོད་ཡུལ་དུ་འབྱོན་ནོ། །དེར་ལོ་གསུམ་བསྐྱིད་པར་འགྱུར་རོ། །དེ་ནས་ལྷ་ཀླུ་གནོད་སྦྱིན་རྣམས་ཀྱི་སངས་རྒྱས་ཀྱི་སྟན་པ་ཉམས་པར་ཤེས་ནས། ནད་མང་པོ་ཏང་ཏེ། ཞང་བློན་དང་དམག་དཔོན་དུ་མ་འཆིའོ། །དེ་ནས་བཙུན་མོ་དེ་ཡང་སྙིང་ཀར་འབྲས་བྱུང་ཏེ་འཆི་བར་ཤེས་ནས། རྒྱལ་པོ་ལ་བདག་ཤི་ནས་ནོར་རྣམས་དགེ་འདུན་ལ་ཕུལ་གཅིག་ཞེས་ཁ་ཆེམས་བྱས་ནས་དྲོངས་ཏེ་ལྷ་ཡུལ་དུ་སྐྱེས་སོ། །དེའི་དུས་སུ་བོད་ཀྱི་ཞང་བློན་རྣམས་འཁྲུག་ཏེ། ཕྱི་མི་འཁྱམས་པོ་འདི་ཚོས་བདག་ཅག་རྣམས་བཀྲ་མ་ཤིས་ཟེར་ནས། དགེ་འདུན་རྣམས་བཀྲོད་པར་འགྱུར་རོ། །རྒྱལ་པོའི་བཙུན་མོའི་ཁ་ཆེམས་བཞིན་ནོར་རྫས་རྣམས་དགེ་སློང་རྣམས་ལ་ཕུལ་ཏེ། ཡུལ་གྷན་དྷར་བཞུད་པའི་རྒྱགས་སུ་བཀུར་རོ། །དེ་ནས་དགེ་སློང་རྣམས་གན་དྷར་བཞུད་དོ། །རྒྱ་གར་གྱིས་དགེ་སློང་རྣམས་དད་མེད་ཚོས་སྟོན་ནས། ཚུར་བྱོན་པ་དང་འཕྲད་པར་འགྱུར་རོ། །དེའི་ཚེ་བོད་ཀྱི་མིས་ཕྱིར་སྙག་ནས་ནོར་རྫས་རྣམས་ཕྲོག་ནས། ལ་ལ་གསོད་དོ། །དེར་མི་ངན་གྱིས་དེད་ནས་ཀླུའི་རྒྱལ་པོ་ཨེ་ལའི་མཚོ་འགྲམ་དུ་སྟོལ་བ་དང་། ཨེ་ལས་མི་རྒན་གཅིག་དུ་སྤྲུལ་ནས། དགེ་འདུན་རྣམས་ལ་ཕྱག་ཙལ་ནས།
གར་བཞུད་དྲིས་པས། བདག་ལྕགས་རྣམས་ཡུལ་ཡུལ་ན་དད་པ་མེད་པས་གང་ནས། ད་ཡུལ་གན་དྷར་འགྲོ་བ་ཡིན་པ། འཚོ་བའི་ཡོ་བྱད་ཐམས་ཅད་ཀྱང་ཕྲོག་ནས་མེད་གསུངས་པས། ཀླུ་དེས་སངས་རྒྱས་ཀྱི་སྟན་པ་ནུབ་པར་ཤེས་ནས། ཆུ་མ་ཁྲག་དུ་ཏིག་ཅིང་ངུས་སོ། །དགེ་སློང་རྣམས་ད་རྒྱགས་རྩམ་ཡོད་དྲིས་པས། ཞགས་བཅྭོ་ལྔ་རྩམ་ཐུབ་པམ་གསུང་པས། ཀླུའི་རྒྱལ་པོའི་གསུང་ནས། གན་དྷར་འགྲོ་བ་ལ། ངའི་མཚོ་འདིའི་གཡས་དཀོར་ན་ཞག་བཞི་ཅུ་ཞེ་ལྔ་ཡོད། གཡོན་བསྐོར་ནི་ཤིན་ཏུ་རིང་། ལམ་ན་ལྭ་ཆེན་པོ་ན་བུན་དང་གཅན་ཟན་གདུག་པ་ཅན་དང་། ཆོམ་རྐུན་ཡང་ཡོད། མཚོའི་ནང་ནའང་ངའི་འཁོར་སྟུམ་པོ་མང་པོ་ཡོད་དེ། བདག་གིས་ཀྱང་མི་ཟློག་གོ་ཟེར་ནས་ངུས་པས། ད་ནི་འཆི་ངེས་མཉམ་ནས་ངུ་ཞིང་མྱ་ངན་བྱེད་དོ། །དེ་ནས་ཀླུའི་རྒྱལ་པོ་ཨེ་ལས་དགེ་འདུན་རྣམས་ལ་སྤུས་གཙུག་ནས་ཁྱེད་རྣམས་མ་བཤུམས་གཅིག །བདག་གི་དགེ་འདུན་རྣམས་ཀྱིས་ཕྱེད་དུ། སྲོག་སྟང་ལ་ཟམ་པ་བྱའི་ཟེར་ནས། སྦྲུལ་ཆེན་པོ་གཅིག་དུ་སྤྲུལ་ནས་མགོ་དགེ་སློང་རྣམས་ལ་གཏད། གན་དྷར་བཞུག་མ་གཏད་ནས། ལུས་ཀྱི་ཞེང་དུ་དཔག་ཚད་ལྔ་བརྒྱ་ཙམ་གྱིས་ཟམ་པ་བྱས་ནས། མཐོང་པས་ཞེད་པས་བྲོས་སོ། །སྦྲུལ་དེས་མི་སྐད་དུ། དགེ་འདུན་རྣམས་མ་འཇིགས་པར་ངའི་ལུས་ཟམ་པ་བྱས་པ་འདི་ལ་སོང་གཅིག །སྔུན་ལ་
༄༅། །ཁལ་དེད། དེ་ནས་གཞོན་པ་རྣམས་གཤེགས། དེ་ནས་རྒན་རིམ་རྣམས་གཤེགས་ཅེས་སྨྲས་པས། དེ་ལྟར་བྱས་པས་མི་ཕྱུག་ལ་ལ་འདྲེད་ནས་མཚོར་ཤིའོ། །དེ་ནས་སྦྲུལ་གྱིས་རྒྱབ་ལ་རྨ་བྱུང་པས་རྣག་ཞུགས་ཏེ། ཀླུ་ཤི་བས། མཚོ་སྐམ་ནས་ཀླུའི་རུས་པ་རི་རབ་ཙམ་ཡོང་ངོ་། །དེ་ནས་མ་འོང་པའི་དུས་ཀྱི་བྱམས་པ་འབྱོན་པའི་དུས་དུ། འཁོར་ལྔ་བརྒྱས་རུས་པ་དེའི་དྲུང་དུ་གཤེགས་སྟེ། མགོན་པོས་ཀླུའི་རྒྱལ་པོ་ཨེ་ལའི་སྐྱེས་རབ་བརྗོད་པས། དགེ་སློང་ལྔ་རྒྱ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེར་དགེ་འདུན་རྣམས་ལོ་གཉིས་གན་དྷར་ཀྱིད་དོ། །རྒྱལ་པོ་དད་པ་ཅན་གཅིག་གིས་ཞབས་ཐོག་བྱས་ཏེ་སྐྱིད་དོ། །ལོ་གསུམ་ན་རྒྱལ་པོ་དད་པ་ཅན་དེ་གྲོངས་ནས། དེའི་བུ་དད་པ་ཅན་གཅིག་དང་དད་པ་མེད་པ་གཅིག་དང་གཉིས་རྒྱལ་སྲིད་ལ་མ་འཆམས་པར་འཐབ་པས། སྡེ་གཉིས་སུ་འཆད་པར་བྱེད་དོ། །དེའི་ཚེ་དགེ་སློང་དེ་རྣམས་ཀྱི་ནང་ནས། སྤ་ཏུལ་ཡོད་པ་རྣམས་ཀྱིས། རྒྱལ་བུ་དད་པ་མེད་པ་དེས་ཟླ་བ་ལྔ་རྒྱལ་སྲིད་གཟུང་ཏེ་གསོད་དོ། །དད་པ་ཅན་དེས་ལོ་གཉིས་རྒྱལ་པོ་བྱེད་དོ། །དེ་ནས་གྷན་དྷ་རའི་མི་ཐམས་ཅད་འདུས་ཏེ་དགེ་སློང་ཐམས་ཅད་བསད་དེ། ལྷག་མ་ཡུལ་དབུས་སུ་བྲོས་པ་ཚོ་གསོན་པར་འགྱུར་རོ། །དེའི་ཚེ་འཛམ་བུ་གླིང་འདིར། རྒྱལ་པོ་དད་པ་མེད་པ་སྡིག་ཅན་གསུམ་བྱུང་ཏེ། སྟག་གཟིགས་ཀྱི་རྒྱལ་པོ། གྲུ་གུ། བོད་ཀྱི་རྒྱལ་པོ་དང་གསུམ་སེམས་མཐུན་ཏེ། ཡུལ་དབུས་མ་རྟོགས་པའི་ཡང་
དག་པའི་ལྟ་བ་མཛིན་པ་ཐམས་ཅད་བཅོམ་ནས། ཡུལ་སྟོང་པར་བྱེད་དོ། །དེ་ནས་རྒྱལ་པོ་གསུམ་འདུས་སྟེ་དམག་སུམ་འབུམ་དང་བཅས་ཏེ། དབུས་འཇོམས་པའི་དྲོས་བྱེད་དོ། །དེའི་ཚེ་དབུས་སུ་ཀོའུ་ཤམ་བི་ཞེས་བྱ་བར། རྒྱལ་པོ་བཟོད་པར་དཀའ་བ་ཅེས་འབྱུང་ཏེ། དེ་བཙས་པའི་ཚེ་ཁྲག་གི་ཆར་པ་ཡང་བབ། ལག་པའི་གྲུ་མོ་མན་དམར་པོ་ཡོད་པ་གཅིག་འབྱུང་ངོ་། །དེ་ལ་བློན་པོ་ཡན་ལགས་དང་ལྡན་པ་ལྔ་རྒྱ་དང་། དམག་གི་དཔའ་བོ་ཉི་འབུམ་འབྱུང་ངོ་། །དེའི་ཚེ་སྟག་གཟིག་རྒྱལ་པོ་དང་། གྲུ་གུ་དང་། བོད་ཀྱི་རྒྱལ་པོ་གསུམ་གྱིས་ཀོའུ་ཤམ་བིར་དམག་དྲངས་པས། རྒྱལ་པོ་བཟོད་པར་དཀའ་བས་ཟླ་བ་གསུམ་གཡུལ་བཀྱེ་བས། རྒྱལ་པོ་དད་མེད་གསུམ་ཀླག་པར་བྱེད་དོ། །དེ་ནས་རྒྱལ་པོས་དམག་མི་མང་པོ་གསད་ནས་ཡུལ་དུ་ལོགས་པ་དང་། འགྱོད་པ་སྐྱེས་དེ་ང་ཅིར་སྐྱེ་འམ་སྙམས་ནས། ཡུལ་དམར་བུ་ཅན་བྱ་བར། དགེ་སློང་ཤིར་ཤ་ཀ་ཞེས་བྱ་བ་སྡེ་སྣོད་གསུམ་པ་གཅིག་བཞུགས་པ་དེ་སྤྱན་དྲངས་ནས། གོང་གི་ལོ་རྒྱུས་ཞིབ་དུ་སྨྲས་སྟེ། ངའི་སྡིག་པ་གཤེགས་པར་ཞུས་པས། ཁོང་གི་ཞལ་ནས་ཁྱོད་ཀྱིས་འཛམ་བུ་གླིང་གི་དགེ་སློང་རྣམས་སྤྱན་དྲོངས་ལ་སྡིག་གཤེགས་གཅིག་གསུང་ནས། དེར་དགེ་སློང་རྣམས་སྤྱན་དྲང་ནས། ཡུལ་ཀོའུ་ཤམ་བིར་དགེ་སློང་འབུམ་འདུ་བར་འགྱུར་རོ། །དེའི་ནང་དུ་དགྲ་བཅོམ་པ་དེས་པ་ཞེས་འབྱུང་ངོ་། །དགྲ་བཅོམ་པ་དེ་རིའི་རྒྱལ་པོ་གང་ཅན་ལ་ཡོད་པ་ལ་རྒྱལ་པོའི་སྐད་བྱུང་ནས་
༄༅། །བྱོན་ནས། དགེ་སྦྱོང་གི་གསོ་སྦྱོང་གང་བྱེད་ཅེས་སྨྲས་པས། སྡེ་གནོད་གསུམ་པའི་ཞལ་ནས། དིང་སང་གི་དུས་ན་རྣམ་པར་དག་པའི་དགེ་འདུན་ནི་སྙེད་པར་དཀའ་ཞེས་སྨྲས་པས། དགྲ་བཅོམ་པ་དེས་པས་སྨྲས་པ། ད་རུང་ཡོངས་སུ་མ་དག་པའི་དགེ་སློང་མང་དུ་མཆིས་སྟེ། བདག་ཀྱང་རབ་དུ་བྱུང་ནས་ད་རུང་ཡན་ཆད་དུ་ལྟུང་པ་འཕྲ་མོ་ཅུང་ཟད་ཀྱང་བྱུང་པ་མ་དྲན་གྱིས། གནས་བརྟན་ཆེན་པོ་སོ་སོར་ཐར་པ་གདོན་དུ་གསོལ་ཞེས་སོ། །ཤིར་ཤ་ཀ་ན་རེ་རྨིག་མེད་པ་ལ་མེ་ལོང་གིས་ཅི་བྱ་ཞེས་སྨྲས་པ་དང་། སྡེ་སྣོད་གསུམ་པའི་སླབ་པ་ཨང་འགན་ཏི་དགེ་སློང་སྤུང་རྒྱན་ཞེས་བྱ་བ་སྟུམ་པ་འཇིག་པ་ཞིག་གི་སྨྲས་པ། གཞོན་ནུ་གསར་བུ་ཕྱིར་འོང་ཁྱོད་འདྲས། ངའི་སློབ་དཔོན་མི་མང་སར་དམའ་འབེབས་པ་ཟེར་ནས་དེ་པ་གསོད་དོ། །དེ་ནས་དགྲ་བཅོམ་པ་དེས་པའི་སློབ་མ། ཀ་ར་ཏ་ཞེས་པས་སློབ་དཔོན་བསད་པ་མཐོང་ནས། དབྱིག་པས་སྡེ་སྣོད་གསུམ་པ་གསོད་པར་འགྱུར་རོ། །དེ་ནས་དེའི་སློབ་མའི་འཁོར་དང་། དེས་པའི་འཁོར་རྣམས་འཁྲུག་ཏེ། གཅིག་གིས་གཅིག་མ་ལུས་པར་གསོད་དོ། །དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དེར་ལྷག་ཏེ་ངུས་ནས། དགེ་སློང་རྣམས་ཀྱི་སྤུར་ལ་མཆོད་པ་བྱེད་དོ། །དེ་དག་གི་ཆོས་གོས་དང་སྐྲ་སེན་རྣམས་ལྷའི་གནས་སུ་ཁྱེར་ནས་མཆོད་པའི་སྟེན་བྱེད་དོ། །དེའི་ཚེ་ཡུལ་
དེར། རླུང་ནག་པོ་དང་སེར་བ་འདྲེས་པ་ལངས་ནས། མེའི་ཆར་འབབ། ས་གཡོས་སྟེ། འུར་སྒྲ་ལགས་འབྱུང་ངོ་། །དེ་ནས་རྒྱལ་པོ་བཟོད་པར་དཀའ་བ་ཀྱང་རིངས་པར་ཤར་བའི་ཚེ། དགེ་སློང་ཐམས་ཅད་བསད་པ་ཐོས་ནས། རྩུག་ལག་དུ་རྒྱུག་ནས་ཆོ་ངེས་འདེབ་སྟེ། དེས་པ་དང་། སྡེ་སྣོད་གསུམ་པའི་མིང་ནས་འབོད་ཅིང་། རོ་གཉིས་ལ་སྤང་པས་འཁྱུད་དེ། ཀྱི་ཧུད་སྡེ་སྣོད་གསུམ་པ་ཁྱོད་ཀྱིས་དམ་པའི་ཆོས་ཀྱི་མཛོད་མཛིན་པ་ལགས། དེས་པ་ཁྱོད་ནི་བདེ་བར་གཤེགས་པའི་སླབ་པའི་མཛོད་མཛིན་པ་ལགས་ན། ཁྱོད་གཉིས་མེད་པས་འཇིག་རྟེན་འདི་སྟོང་པར་འགྱུར་རོ། །ཞེས་སོ། །དམ་པའི་ཆོས་སྣུབས་པའི་ནུབ་མོ། སུམ་བཅུ་རྩ་གསུམ་པ་ཡང་ལྷ་མ་ཡིན་གྱིས་ཕམ་པར་བྱས་ནས། འཛམ་བུའི་གླིང་འདིར་བུ་རམ་དང་སྦྲང་རྩི་ལ་སོགས་པ་ཡང་མེད་དོ། །འབྲས་དང་གྲོ་ཐམས་ཅད་ཀྱང་ནུབ་ནས། མི་རྣམས་ཟས་སུ་ཏྲེ་ཏ་དང་ཁྲེ་རྒོད་དང་རྩའི་འབྲས་བུ་ཟའོ། །དར་ཟབ་ལ་སོགས་པ་ནུབ་ནས་རེ་ཕྱར་གོན་ནོ། །གསེར་ལ་སོགས་པ་རིན་པོ་ཆེའི་རྒྱན་ནུབ་ནས། ར་ལས་བྱས་པའི་རྒྱན་འདོག་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་གཟུགས་རྣམས་ཀླུའི་ཡུལ་དུ་སྤྱན་འདྲེན་ནོ། །ལི་རྗེ་བཙན་ལེགས་ཀྱི་རིང་ཡོས་བུ་ལོན་ནས་ལོ་རྒྱ་རྩ་གཉིས་ན་དམ་པའི་ཆོས་ནུབ་པར་འགྱུར་ཞེས། འཕགས་པ་དགེ་འདུན་འཕེལ་གྱི་མདོ་ལས་གསུངས་སོ། །