གསང་འདུས་ཆོས་འབྱུང་།
༤. སྲོལ་ཆེན་བཞི་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༤. སྲོལ་ཆེན་བཞི་པ།)

སྲོལ་བཞི་པ་ནི་སློབ་དཔོན་སྒེག་པའི་རྡོ་རྗེ་བྱ་བ་ཞིག་གིས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ་གླེང་གཞི་མ་རྒྱུད་མཐུན་པར་བཤད་པ་ཞིག་ཡོད་པ་དེ་ལ་ངོས་འཛིན་པར་བཤད་ཅིང་། སློབ་དཔོན་འདིས་གསང་འདུས་ཆོས་སྐོར་གང་ལ་གསན་གྱི་བཤད་པ་གསལ་པ་ཞིག་མ་བྱུང་ལ། སློབ་དཔོན་སྒེག་པའི་རྡོ་རྗེ་བྱ་བའི་མཚན་དང་ལྡན་པ་མཚན་བརྗོད་ཀྱི་འགྲེལ་བྱེད་འཇམ་དཔལ་སེང་ལྡེང་གི་དཀྱིལ་འཁོར་རྩོམ་པ་པོ་དེ་ཡིན་ན་མགོན་པོ་འཇམ་དབྱངས་ཀྱིས་རྗེས་སུ་བཟུང་ངེས་ཤེས་པ་ཞིག་ཡིན་པར་བཤད་པས། འཇམ་དབྱངས་ལས་དངོས་སུ་གསན་པ་ཡིན་ནམ་ཞེས་བླ་མ་གོང་མ་དག་གི་གསུང་རྒྱུན་ལས་འབྱུང་ཞིང་སྲོལ་གཅིག་ཏུ་མཛད་པ་ཡིན་ནོ། །