གསང་འདུས་ཆོས་འབྱུང་།
༢. མར་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་ལུགས་དེ་ཉིད་ཇི་ལྟར་དར་བའི་ཚུལ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༢. མར་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་ལུགས་དེ་ཉིད་ཇི་ལྟར་དར་བའི་ཚུལ།)

གཉིས་པ་མར་ལུགས་ཀྱི་བླ་མ་བརྒྱུད་པའི་

72b

རྣམ་ཐར་བསྟན་པའི་སྒོ་ནས་ལུགས་དེ་ཉིད་ཇི་ལྟར་དར་བའི་ཚུལ་ནི། སྐྱེས་མཆོག་མར་པ་ལོ་ཙཱ་བ་ཆོས་ཀྱིས་བློ་གྲོས་ཀྱི་ལེགས་པར་སྤེལ་བ་ལ་གསང་འདུས་མར་ལུགས་སུ་གྲགས་པ་ཡིན་ཏེ། དེ་ཉིད་ལོ་ཙཱ་བ་དེ་ནས་རིམ་གྱིས་བརྒྱུད། མཁས་པ་ཕྱི་མ་དག་གིས་འཕེལ་རྒྱས་སུ་མཛད་པས་དེང་སང་གི་བར་དུ་ཡང་དར་རྒྱས་སུ་བཞུགས་པ་ཡིན་ཏེ།