བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༡. ཐུགས་བསྐྱེད་ཚུལ།
ལེའུ་སྔོན་མ།
(༡. ཐུགས་བསྐྱེད་ཚུལ།)
དང་པོར་ཐུགས་བསྐྱེད་ཚུལ་ནི། སྟོན་པ་འདི་སྔོན་རིགས་ལ་གནས་པའི་དུས་ན། ལས་ཀྱི་ནུས་པས་དམྱལ་བའི་ལྕགས་སྲེགས་ཀྱི་ས་གཞི་ལ་ཤིང་རྟ་འདྲེན་པའི་གྱད་ཅིག་ཏུ་སྐྱེས་སོ། །དེའི་ཚེ་ཟླ་བོ་སྟོབས་ཆུང་བ་ལ་སྲུངས་མ་ཨ་བམ་གིས་ཡང་ཡང་བསྣུན་པས་ཤིན་ཏུ་བརྩེ་བ་སྐྱེས་ཏེ། དེའི་རྐྱེན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་ཨ་བང་ལ་འདི་ལ་སྙིང་རྗེའི་སེམས་ཅུང་ཟད་བསྐྱེད་ཅིག་ཅེས་སྨྲས་པས་དེ་རབ་ཏུ་ཁྲོས་ནས་མདུང་རྩེ་གསུམ་པ་བསྣུན་པས་ཚེའི་དུས་བྱས་ཏེ། མེའི་ཤིང་རྟའི་དམྱལ་བ་ལས་ཐར་ཏེ་བསྐལ་པ་བརྒྱད་ཀྱི་སྡིག་པ་བྱང་བར་གྱུར་ཏོ། །ཞེས་དྲིན་ལན་བསབ་པ་ལས་
5a
༄༅། །འབྱུང་ངོ་། །