བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༣. བསྡུས་པའི་བསྟན་པ་གནས་ཚུལ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༣. བསྡུས་པའི་བསྟན་པ་གནས་ཚུལ།)

གསུམ་པ་ནི་ལུང་ཕྲན་ཚེགས་ལས། བསྟན་པ་ལོ་སྟོང་དུ་གནས་པར་གསུངས་ཤིང་། མཛོད་ཀྱི་རང་འགྲེལ་དུའང་ལོ་སྟོང་དུ་གནས་པར་གསུངས། མཛོད་ཀྱི་མདོ་ཏིག་དུ་གསེར་ཕྲེང་ཅན་གྱི་རྟོགས་པ་བརྗོད་པའི་ལུང་དྲངས་ནས་ལོ་སྟོང་དུ་གནས་ཤིང་མཐར་འཐབ་མོས་ནུབ་པར་གསུངས་སོ། །