བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༢. སངས་རྒྱས་པའི་གྲུབ་མཐའ་བཞི་ལ་ལྟོས་ནས་རྒྱུད་སྡེ་བཞིར་གྲངས་ངེས་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༢. སངས་རྒྱས་པའི་གྲུབ་མཐའ་བཞི་ལ་ལྟོས་ནས་རྒྱུད་སྡེ་བཞིར་གྲངས་ངེས་པ།)

གཉིས་པ་ལ་སངས་རྒྱས་པའི་གྲུབ་མཐའ་བཞི་སྟེ། བྱེ་བྲག་ཏུ་སྨྲ་བའི་ཕྱི་རོལ་གྱི་དོན་བདེན་པ་དང་། བརྗོད་དུ་མེད་པའི་བདག་འདོད་པ་བཞིན་དུ་མདུན་དུ་རས་བྲིས་བཀྲམ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་དེའི་ཐུགས་ཀར་སྔགས་ཕྲེང་བཀོད་དེ། བདག་ཁྲུས་དང་གཙང་སྦྲ་དང་ལྡན་པས་སྔགས་བཟླས་ཤིང་དངོས་གྲུབ་ལེན་པ་བྱ་བའི་རྒྱུད་དང་། ཡང་མདོ་སྡེ་པ་སྣང་བ་ཐམས་ཅད་ཤེས་པ་ཡིན་ཡང་གཟུང་འཛིན་གཉིས་འདོད་པ་ལྟར་བདག་

25b

དམ་ཚིག་སེམས་དཔར་བསྐྱེད། མདུན་དུ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་དེའི་ཐུགས་ཀར་སྔགས་བཀོད་དེ་ཟླ་བ་ལྷ་གྲོགས་པོ་ལྟ་བུ་ལ་དངོས་གྲུབ་ལེན་པ་སྤྱོད་པའི་རྒྱུད་དང་། ཡང་སེམས་ཙམ་པ་ཕྱི་རོལ་གྱི་དོན་བདེན་པ་མེད་ཀྱང་གཟུང་འཛིན་གཉིས་མེད་ཀྱི་རང་རིག་བདེན་པར་འདོད་པ་ལྟར་བདག་དམ་ཚིག་སེམས་དཔར་བསྐྱེད་ཡེ་ཤེས་པ་བཅུག་སྔགས་བཟླས་ནས་མཇུག་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་རྣལ་འབྱོར་གྱི་རྒྱུད་དང་། དབུ་མ་པས་ཀུན་རྫོབ་ཏུ་གཟུང་འཛིན་གཉིས་སུ་སྣང་ཡང་དོན་དམ་པར་གང་ཡང་བདེན་པར་མི་འདོད་པ་ལྟར། དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བཅུག་ནས་གཤེགས་སུ་གསོལ་བའི་ཆོ་ག་མི་བྱེད་པ་རྣལ་འབྱོར་ཆེན་པོའི་རྒྱུད་དེ་སྐྱེད་ཆོག་མི་འདྲ་བ་བཞིས་རྒྱུད་སྡེ་བཞིར་བཞག་གོ། །ཞེས་བོད་ཀྱི་བླ་མ་དག་གསུང་ངོ་། །