བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༡..སྒྲ་ཡི་ཁྱད་པར།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༡..སྒྲ་ཡི་ཁྱད་པར།)

དང་པོ་ནི་ནག་པོ་པས་མཛད་པའི་གསང་བའི་དེ་ཁོ་ན་ཉིད་གསལ་བ་ལས། རྣལ་འབྱོར་རྒྱུད་དུ་དེ་བཞིན་གཤེགས། །འདི་སྐད་ལ་སོགས་གང་གསུངས་པ། །དེ་ཉིད་རྣལ་འབྱོར་མ་རྒྱུད་དུ། །གསང་བ་མཆོག་གིས་དགོས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་ཤེས་གསུངས་པས་གཙོ་ཆེར་འདི་སྐད་བདག་ཐོས་ལ་སོགས་པ་བྱུང་བ་ནི་ཐབས་ཀྱི་རྒྱུད། གསང་བ་མཆོག་གི་དགྱེས་པ་ལ་སོགས་པ་བྱུང་བ་ནི་ཤེས་རབ་ཀྱི་རྒྱུད། ཐམས་ཅད་མཁྱེན་སོགས་ཀྱིས་ཐོག་དྲངས་པ་ནི་གཉིས་སུ་མེད་པའི་རྒྱུད་དོ། །