བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
གཉིས་པ། ཉན་པ་པོ་སློབ་མའི་རང་བཞིན།
ལེའུ་སྔོན་མ།
ལེའུ་རྗེས་མ།

(གཉིས་པ། ཉན་པ་པོ་སློབ་མའི་རང་བཞིན།)

གཉིས་པ་ལ་གཉིས་ལས་བསྟེན་བྱའི་སློབ་མ་ནི། ཟབ་ཅིང་རྒྱ་ཆེ་ལ་སེམས་ཤེས་པ་ལགས་པའི་ཡོན་ཏན་དགུ་དང་ལྡན་པའི་སློབ་མ་ནི་མཆོག་ཐོབ་པའི་རྒྱུར་འབད་པས་བསྡུ་ཞིང་། ཡོན་ཏན་འབྲིང་དང་ལྡན་བ་ཡང་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུར་རོ། །ཐ་མའང་བླ་མ་བསྟེན་ཅིང་མི་སྨོད་ན་བསླབ་པའི་གཞི་ལྔ་ལགས་པའི་རྒྱུར་བསྡུ་བར་གསུངས་སོ། །