བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
བཞི་པ། དེ་ལྟར་བསྒྲུབས་པའི་འབྲས་བུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(བཞི་པ། དེ་ལྟར་བསྒྲུབས་པའི་འབྲས་བུ།)

བཞི་པ་ལ། ཐུན་མོང་བའི་འབྲས་བུ་ཆོས་སྤྱི་དང་འཐུན་པས་མ་བྲིས། ཐུན་མོང་མ་ཡིན་པའི་འབྲས་བུ་ཆགས་བྲལ་མེད་པའི་འདོད་ཆགས་མཐའ་ཡས་

51a

༄༅།       །ཆུ་ལ་ཞེས་སོགས་ཀྱིས་འགྲེལ་བཤད་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་དང་། མ་འོངས་དུས་ན་ཞེས་སོགས་ཀྱི་ཤེས་བྱའི་སྒྲིབ་པའི་གཉེན་པོར་བསྟན་པས་སྒྲིབ་གཉིས་ཀྱི་གཉེན་པོར་གྱུར་པའི་འགྲེལ་བཤད་ཐོས་པས། ལམ་ཕྱིན་ཅི་ལོག་བསལ་ཏེ། རྡོ་རྗེ་སེམས་དཔའི་ལམ་མཆོག་ནི། །གང་གིས་རྣལ་འབྱོར་པས་རིག་བྱེད། །ཅེས་བཤད་པས་ལམ་མཆོག་ཕྱིན་ཅི་མ་ལོག་པར་རིག་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་འགྲུབ་པ་ནི་འབྲས་བུ་སྟེ། འགྲེལ་ཆེན་ལས། མི་ལགས་པའི་སེམས་ཅན་མཐའ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་བསྟན་ཏོ་ཞེས་གསུངས་པས། རྒྱུད་བཤད་པའི་དགོས་པར་གསུངས་པའི་ཕྱིར། མཉན་བའི་དགོས་པར་ཤུགས་ཀྱིས་འགྲུབ་བོ། །