བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
གཉིས་པ། ཡི་གེ་པའི་མཆོད་བརྗོད་བཤད་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(གཉིས་པ། ཡི་གེ་པའི་མཆོད་བརྗོད་བཤད་པ།)

གཉིས་པ་ལ། ཕྱག་འཚལ་ཁྱད་པར་གྱི་གཞིར་བཞག་ནས། གང་ཟག་གང་གིས་ན་སྒྱུར་བྱེད་ལོཙྪ་བས་སོ། །

56a

༄༅།        །དུས་ནམ་གྱི་ཚེ་ན། རྒྱུད་འགྲེལ་བསྒྱུར་བའི་ཐོག་མར་རོ། །དགོས་པ་ཅིའི་དོན་དུ་ན། དམ་པ་རྣམས་ཀྱི་སྤྱོད་པ་དང་འཐུན་པར་བསྟན་པས་རང་དམ་པར་ཤེས་པ་དང་། གནས་སྐབས་བསྒྱུར་བའི་བར་ཆད་ཞི་བ་དང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་དང་། གང་ཟག་གཞན་ཡང་ཚུལ་དེ་ལྟ་བུ་ལ་གཞུག་པའི་དོན་དུའོ། །ཡུལ་གང་ལ་ན་དཔལ་དུས་ཀྱི་འཁོར་ལོ་ལའོ། །ཚུལ་ཇི་ལྟར་ན། སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་བས་ཏེ། འདི་ལའང་ངེས་དོན་དྲང་དོན་གཉིས་སུ་ཤེས་པར་བྱའོ། །