བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
མཇུག་བྱང་།
ལེའུ་སྔོན་མ།
ལེའུ་རྗེས་མ།

(མཇུག་བྱང་།)

༈   དཔལ་ལྡན་དུས་འཁོར་རྒྱུད་འགྲེལ་སོགས། །ཟབ་དོན་ནོར་བུ་རིན་ཆེན་གྱིས། །གང་བའི་རྒྱུད་སྡེའི་ཁང་བཟངས་སྒོ། །མཐའ་དྲུག་ལྕགས་ཀྱིས་རབ་བསྡམས་པ། །བདེ་བླག་ཉིད་དུ་འབྱེད་པ་ཡི། །རིན་ཆེན་གཅེས་པའི་ལྡེ་མིག་འདི། །བཤེས་གཉེན་དམ་པས་བསྐུལ་བའི་ངོར། །དགེ་སློང་རིན་ཆེན་གྲུབ་ཀྱིས་སྦྱར། །དགེ་བས་མཐའ་ཡས་སྐྱེ་དགུ་རྣམས། །རྒྱུད་སྡེ་རིན་ཆེན་སྒོ་ཕྱེ་ནས། །རིམ་གཉིས་ནོར་བུ་རིན་ཆེན་བླངས། །འདོད་དོན་ཡིད་བཞིན་འགྲུབ་པར་ཤོག །འདི་ལ་ནོངས་པའི་ཚོགས་མཆིས་ན། །བླ་མ་ལྷར་བཅས་མཁས་རྣམ་ཀྱིས། །ནོངས་པའི་རྒྱུ་ཡི་འཁྲིལ་ཤིང་དེ། །རྩ་བ་ནས་ནི་དབྱུང་བར་མཛོད། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བའི་བཤད་ཐབས་ཀྱི་ཡན་ལག་རྣམ་པར་བཞག་པ། རྒྱུད་སྡེ་རིན་པོ་ཆེ་ཐམས་ཅད་ཀྱི་སྒོ་འབྱེད་

56b

པར་བྱེད་པ་རིན་པོ་ཆེ་གཅེས་པའི་ལྡེ་མིག་ཅེས་བྱ་བ་འདི་ནི། མདོ་རྒྱུད་ཐམས་ཅད་ལ་ཐུགས་ལེགས་པར་སྦྱངས་ཤིང་། རྒྱུད་སྡེ་རིན་པོ་ཆེ་ཐམས་ཅད་ལ་དབང་འབྱོར་པ། ཁྱད་པར་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་ལ་མི་འཇིགས་པའི་སྤོབས་པ་རྙེད་པ། དགེ་བའི་བཤེས་གཉེན་སྨོན་ལམ་ཤེས་རབ་ཀྱིས་མེ་ཏོག་དང་བཅས་ཏེ་ནན་ཏན་དུ་གསོལ་བ་བཏབ་པའི་ངོར། མི་འཕྲོགས་པའི་མཁྱེན་རབས་དང་ཐུགས་རྗེ་ཕུན་སུམ་ཚོགས་པ་དང་ལྡན་པའི་དུས་ཀྱི་འཁོར་ལོའི་ཞབས་པ་ཆེན་པོ། བླ་མ་དམ་པ་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྡུལ་སྤྱི་བོས་བླངས་ཤིང་། གསུང་གི་བདུད་རྩིའི་རོ་མྱངས་པ། སྙོམ་ལས་པ་རིན་ཆེན་གྲུབ་ཀྱིས། དཀར་པོའི་ལོ་ས་ག་ཅན་གྱི་ཟླ་བའི་དཀར་པོའི་ཚེས་གཅིག་ལ་ཡོངས་སུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་བསྟན་པ་རིན་ཆེན་ནོ། །རིན་ཆེན་གཅེས་པའི་ལྡེ་མིག་འདི། །ངེས་དོན་ལོངས་སྤྱོད་དོན་གཉེར་བའི། །མཁས་པའི་སྐྱེ་བོ་དོན་གཉེར་ཅན། །ཀུན་གྱི་ལག་ཏུ་འགྲིམ་པར་ཤོག །སླན་ཆད་འདིའི་སྟེང་ནས་འཆོས་པ་རྣམས་ཀྱིས། གཞན་རྒྱས་བསྡུས་ཇི་ལྟར་མཛད་ཀྱང་། བླ་མ་བརྒྱུད་པའི་ལོ་

57a

༄༅། །རྒྱུས་ནི། འདི་ཡི་སྟེང་དུ་ཡང་། སྒྲོ་སྐུར་དང་བྲལ་བའི་རྣམ་ཐར་བསྣན་ཅིང་བཤད་པར་བྱའི། ཅུང་ཟད་ཀྱང་མ་འབྲིད་ཅིག །འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག །        ། །དགེའོ། །