༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ལྔ་པ། ལྷ་མ་ཡིན་གྱི་འགྲོ་དོན་མཛད་པའི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་ལྔ་པ། ལྷ་མ་ཡིན་གྱི་འགྲོ་དོན་མཛད་པའི་ལེའུ།)

ཆོས་དབྱིངས་མཉམ་བཞག་རྒྱལ་སྲས་མགྲིན་པ་ནས༔ ཡི་གེ་ཨ་དམར་ལྷ་མིན་གནས་སུ་འཕྲོས༔

1-5b

ཐུགས་རྗེ་ཚད་མེད་སྐྱེས་པས་ཀུན་ལ་བྱམས༔ ལྷ་མ་ཡིན་གྱི་གུ་རུ་རྣམ་པར་རྒྱལ༔ ཞལ་མཐོང་མོས་པས་བྱིན་རླབས་གཞན་ལ་ཕོགས༔ འཐབ་རྩོད་རྒྱུ་རྐྱེན་ལྷ་མོ་ཡིད་འཕྲོག་ལེན༔ དྷརྨ་ཐོད་འཕྲེང་བསོད་ནམས་དེ་ན་ཆེ༔ ཞེ་སྡང་བྱམས་པའི་སམྦྷོ་ཐོད་འཕྲེང་རྩལ༔ འདོད་ཆགས་ཕྱིན་པའི་ནིརྨ་ཐོད་འཕྲེང་རྩལ༔ གཏི་མུག་ཡེ་ཤེས་བཛྲ་ཐོད་འཕྲེང་རྩལ༔ ཕྲག་དོག་སྤངས་པའི་བུདྡྷ་ཐོད་འཕྲེང་རྩལ༔ ང་རྒྱལ་ཞི་བའི་རཏྣ་ཐོད་འཕྲེང་རྩལ༔ སྐྱེ་བ་བཞི་བསྒྲལ་པདྨ་ཐོད་འཕྲེང་རྩལ༔ ལམ་ལྔ་སྦྱངས་པའི་ཀརྨ་ཐོད་འཕྲེང་རྩལ༔ ཀུན་ཀྱང་རྒྱན་དང་ཆ་ལུགས་མཛེས་པར་བྱས༔ དགོས་འདོད་རེ་བ་སྐོང་བའི་འདོད་ཡོན་ལྔ༔ ཚོགས་གཉིས་བསགས་པས་ཆོས་ཀྱི་དབྱིངས་སུ་བརྡལ༔ ལྷ་མི་སྤྲིན་ཕུང་ཐོད་འཕྲེང་རྩལ་བརྒྱད་འདུད༔ བྱིན་རླབས་ཆར་པ་འགྲོ་བ་ཡོངས་ལ་འབེབས༔ སྐུ་ལྔའི་རྫིང་དུ་ལས་འཕྲོ་ཅན་རྣམས་འཁྱིལ༔ དད་པ་བརྩོན་འགྲུས་ཤེས་རབ་ཅན་ཞིང་

1-6a

༄༅༔       ༔སྦྱངས༔ ཡོན་ཏན་འབྲུ་བཅུད་གུང་ཤིང་དགུ་ཡིས་བརྡས༔ ལྷ་མ་ཡིན་གྱི་འགྲོ་དོན་མཛད་པའི་ལེའུ་སྟེ་ལྔ་པའོ༔       ༔ཐྲཐཉྲརྦྱ།རྦྱ།༔