༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་པ། བལ་མོ་ཀུན་ས་ཞི་བདུད་ཀྱིས་བསླུས་པའི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་བཅུ་པ། བལ་མོ་ཀུན་ས་ཞི་བདུད་ཀྱིས་བསླུས་པའི་ལེའུ།)

དེ་ནས་མི་མ་ཡིན་གདུག་པ་ཅན་རྣམས་ཀྱིས་སྤྲུལ་པ་མང་པོ་བཀྱེ་ནས་སློབ་དཔོན་འདུལ་བར་བགྲོས༔ འགྲོ་བའི་བླ་མ་པདྨ་རྒྱལ་པོ་དེ༔ མང་ཡུལ་གུང་ཐང་བྱོན་པ་དང་༔ ལྕགས་ཀྱི་སེང་གེ་ཆེན་པོ་བཞི༔ སློབ་དཔོན་སྐུ་ལ་རྒོལ་དུ་བྱུང་༔ ཏིང་ངེ་འཛིན་གྱིས་དབང་བསྡུས་པས༔ བུད་མེད་ཆེན་མོ་བཞིར་སོང་ངོ་༔ སློབ་དཔོན་ཉིད་ལ་ཕྱག་བཙལ་ནས༔ སློབ་དཔོན་ཞལ་ནས་ཁྱེད་བཞི་ག་ནས་འོངས༔ འདི་རུ་ཅི་བྱེད་ཇི་ལྟ་བུ་ཡིན་གསུངས༔ ངེད་བཞི་ཉི་མ་བྱང་ཤར་མཚམས་ཉིད་ནས༔ ཁྲག་མཚོ་མུ་ལེ་ལྡིང་གི་ནང་ནས་འོངས༔ ནད་ཀྱི་བདག་མོ་རིམས་ཀྱི་རྐྱེན་མོ་དང་༔

1-21a

༄༅༔       ༔མ་ཡམས་ཆེན་མོ་བསྟན་མ་ཆེན་མོ་ཡིན༔ སྔོན་ཡང་སེམས་ཅན་ཤ་ཁྲག་སྲོག་ལ་དབང་༔ ད་ཡང་སེམས་ཅན་ཤ་ཁྲག་སྲོག་དབང་ཞུ༔ སློབ་དཔོན་དབང་བསྐུར་གཟེངས་བསྟོད་དབུགས་ཕྱུང་ནས༔ གསང་མཚན་དཔལ་ལྡན་གཉན་གྱི་རེ་མ་ཏི༔ སྐུ་ལས་སྤྲུལ་པའི་རེ་མ་ཛ༔ གསུང་ལས་སྤྲུལ་པའི་རེ་མ་ཏི༔ ཐུགས་ལས་སྤྲུལ་པའི་རེ་མ་ཛུ༔ པྲ་མོ་སྲོག་ཏིག་སྙིང་ཏིག་པྲ་མོ་ཧ༔ ཞེས་སྲོག་གི་སྙིང་པོ་ཕུལ༔ རྣོ་མྱུར་སྒྲུབ་ཐབས་བརྒྱ་དང་རྩ་བརྒྱད་མཛད༔ ལྷ་འདྲེ་རྣམས་ཀྱིས་རིན་ཅེན་གདན་ཁྲི་བཤམ་སྟེ༔ སྒྲ་སྙན་རོལ་མོ་ཐམས་ཅད་དུས་གཅིག་སྒྲོགས༔ སྤོས་ཀྱི་རིགས་བྱེད་ཙན་དན་ཨ་ཀ་རུ༔ དྲི་ཞིམ་ཐམས་ཅད་མང་ཡུལ་དུད་པར་འཁྲིགས༔ བླ་བྲེ་གདུགས་དང་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས༔ སྣ་ཚོགས་ལྟས་མོ་རྩེད་མོ་མི་འདྲ་བ༔ དར་སྣའི་ཚོགས་ཕྱར་རྔ་ཤོན་གར་ཚོགས་དང་༔ སྟག་སེང་ལ་སོགས་རྒྱ་བོད་ལྷ་འདྲེའི་དམག༔ གནམ་ས་བར་སྣང་ཐམས་

1-21b

ཅད་ཁྲོམ་དུ་བརྡལ༔ རོ་མཆོག་ལྡན་པའི་མཆོད་པ་སྣ་ཚོགས་ཕུལ༔ ཟླ་བ་གསུམ་དུ་སེམས་བསྐྱེད་ཚོགས་བསགས་ནས༔ མ་ཕམ་གཡུ་མཚོའི་ནང་དུ་ལྷ་ཁང་བཞེངས༔ མི་ཡི་ཡུལ་དུ་པད་རྒྱའི་ལྷ་ཁང་བཞེངས༔ མང་ཡུལ་བྱམས་སྤྲིན་སྟོན་ལ་མཁར་དུ་བྱོན༔ སྙིགས་མའི་དུས་སུ་འགྲན་ཟླ་མ་མཆིས་པའི༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ལ༔ བལ་པོའི་རྒྱལ་པོ་ཤཱི་ལ་མཉྫུ་ཡིས༔ ཨེ་མ༔ བྱིན་གྱིས་རླབས་ཀྱིས་སེམས་ཅན་ཀུན་ཚོགས་ན༔ ཀུན་ལ་ཀུན་ས་མི་འདུག་གང་ལྟར་ཐལ༔ ཨོ་རྒྱན་པདྨ་འབྱུང་གནས་བཀའ་སྩལ་པ༔ ཨེ་མ༔ བལ་རྗེ་ལྷ་ཁྱོད་སྙན་གསོན་ཅིག༔ ཀུན་རྫོབ་མ་་་་རྟོགས་དོན་དམ་ཅི་ལ་རྟོགས༔ མ་རྟོགས་ཀླུ་གྱོང་སྡེ་རིས་གཉིས་སུ་བཅད༔ འདོད་ཡོན་དུ་མའི་ཚོགས་ཀྱིས་ཀུན་ས་བྲིད༔ ང་ལ་ཁམས་གསུམ་མཉམ་པོར་དྲང་བ་ལས༔ ལྷ་འདྲེ་གདུག་པའི་སྡེ་རིས་ཅི་ཡང་མེད༔ བལ་རྗེ་བསམ་པ་མ་ཆུང་ལས་ལ་སོམས༔ གུ་རུའི་ཐུགས་རྗེས་སེམས་ཅན་

1-22a

༄༅༔       ༔ལས་གཙོ་ན༔ བལ་མོ་ཀུན་ས་ལས་ངན་སེམས་ལ་ཡོད༔ རྟག་དཔྱད་བསམས་པའི་ཡིན་ལུགས་མང་པོ་བཏང་༔ དོན་མེད་ལོག་པའི་འདུན་མ་ཚེ་འདིའི་ཆེད༔ བསོད་ནམས་བསགས་སམ་མ་བསགས་ལྷ་གཅིག་ཀུན་སར་དྲིས༔ བདུད་ཀྱིས་བསླུས་པས་བལ་རྗེ་ལྷ་ཁྲི་སྤྱན་ཆབ་ཤོར༔ ཨེ་མ༔ དུས་གསུམ་མཁན་པོ་པདྨ་འབྱུང་༔ ལྷ་གཅིག་ཀུན་ས་ངན་སོང་གནས་ནས་དྲོངས༔ ཇི་སྲིད་སྐྱོ་བར་མི་འགྱུར་བར༔ སྒོམ་པའི་སེམས་ལ་ཞེན་པ་བྱ༔ དེ་ལྟ་བས་ན་དམ་ཚིག་ལྡན་གྱུར་ཅིང་༔ བྱིན་གྱིས་རློབ་པར་མཛད་དུ་གསོལ༔ ཨོ་རྒྱན་པདྨས་བཀའ་སྩལ་པ༔ བུ་མོ་ཀུན་ས་བདུད་ཀྱིས་བསླུས་པ་འདི༔ སྡུག་བསྔལ་ཉམས་སུ་མ་མྱོང་འགྲོངས་མི་འགྱུར༔ དུས་ལ་མ་བབས་སེམས་ཅན་ལས་དབང་ཆེ༔ ཀུན་སའི་སེམས་ནི་ས་བོན་མེས་ཚིག་འདྲ༔ ཆུ་ལུད་རྨོ་བཀོལ་བྱས་ཀྱང་སྟོང་ལས་ཡིན༔ མི་ལུས་ཟིལ་ཐུབ་བཏང་སྙོམས་ཆེན་པོར་བཞག༔ དུས་ལ་མ་

1-22b

བབས་བརྩོན་འགྲུས་ཤུགས་ཀྱིས་རྡུགས༔ དུལ་ཞིང་མི་འདུལ་བདུད་ཀྱི་ལས་ཡིན་གྱི༔ མི་ཐུལ་བཞིན་དུ་འདུལ་བ་བདུད་ཀྱི་ལས་ཡིན་ནོ༔ ཞེས་གསུངས་སོ༔ བལ་རྗེ་ལྷ་ཁྲི་མྱ་ངན་སེམས་ལ་གཅགས༔ གདོང་པ་མཆི་མས་དག་དག་གསོལ་བ་བཏབ༔ ཨོ་རྒྱན་པདྨས་བཀའ་སྩལ་པ༔ བལ་རྗེ་སེམས་ལ་གཅགས་གྱུར་ཀྱང་༔ ཀུན་ས་འདོད་ཆགས་སེམས་དང་ལྡན༔ གྱོང་པོ་ཀླུ་གྲོགས་ཆུང་མར་ཐལ༔ ཁྱིམ་ཐབ་འདམ་རྫབ་ནང་དུ་ཞུགས༔ སྒྱེད་བུ་དམྱལ་བའི་གདོས་ལ་བཏགས༔ རྒྱགས་སྲས་སྡུག་བསྔལ་ཆུ་རྒྱུན་སྦྲང་༔ ཞེས་གསུངས་སོ༔ ལྕགས་ཀྱི་བར་སྣང་གློག་མོ་འགྱུ་བ་ཡི༔ ཁམས་གསུམ་སེམས་ཅན་དམ་ཉམས་བསྒྲལ་དུ་འཇུག༔ གནོད་སྦྱིན་རྒོད་ཁ་རང་དབང་མེད་པར་ཁྲོས༔ སྲིན་པོ་ལང་ཀ་མགྲིན་བཅུའི་དམག་སྡེ་བཀུག༔ བདུད་རྒྱལ་རེ་ཏེ་མགོ་ཡག་དམག་སྡེ་བཀུག༔ བགེགས་རྒྱལ་བི་ནཱ་ཡ་ཀའི་དམག་སྡེ་བཀུག༔ གནོད་སྦྱིན་རྒོད་མ་ཁ་ཡི་རྟིང་མནན་ནས༔ ལྷ་གཅིག་ཀུན་ས་བསད་ནས་ཤ་ཟ་ཟེར༔ ས་སྟེང་མི་ཡི་སྲས་མོ་ཀུན་ས་ཞི༔

1-23a

༄༅༔       ༔ས་འོག་གདོན་གྱི་ཕོ་བྲང་ཀླུ་ཡི་ཡུལ༔ བདུད་ཀྱིས་བསླུས་པས་ལྷ་ལྕམ་སྙིང་རེ་རྗེ༔ ཀླུ་གྱོང་ལམ་དུ་མ་བོར་ཁར་རྗེ་ཆེ༔ ཀུན་ས་ཞི་ནི་འཁོར་བའི་འདམ་དུ་བྱིང་༔ སྲིད་ཀྱི་འབྲེལ་མེད་ཡི་གེ་བཅུ་དང་འབྲེལ༔ ལུས་ཀྱི་ཤ་ཉམས་བཀྲག་ཤོར་བཟང་རྒྱན་ཆས་རྣམས་མེད༔ ལྷ་ལྕམ་ཀླུ་ནི་གྱོང་པོའི་ཕྱིར་འབྲངས་པས༔ རྣམ་སྨིན་ལ་ཡོགས་ཕྲལ་ལ་བྱུང་ནས་གདའ༔ ལྷ་ལྕམ་འགྱོད་ལུགས་འདྲེན་པའི་དུས་ལ་བབས༔ བལ་མོ་ཤཱཀ་ཁྲིས་མྱ་ངན་སྨྲེ་སྔགས་འདོན༔ བུ་མོ་ཆགས་པའི་སྡུག་བསྔལ་གྱིས༔ ངུས་པས་སེམས་ཅན་ཀུན་ཀྱང་སྐྲག༔ མི་ཡང་སྐྱི་འདར་བླ་ཚིག་གཟིངས༔ རྟག་ཏུ་བུ་མོ་ཞེས་བརྗོད་དུ༔ བལ་མོ་ཀུན་ས་ཞི་བདུད་ཀྱིས་བསླུས་པའི་ལེའུ་སྟེ་བཅུ་པའོ༔       ༔ཐྲཐཉྲརྦྱ།རྦྱ།༔