༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་གཅིག་པ། ལྷ་ལྕམ་ཀུན་ས་ཞི་བདུད་ཀྱིས་ངན་སོང་གནས་སུ་ཁྲིད་པའི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་བཅུ་གཅིག་པ། ལྷ་ལྕམ་ཀུན་ས་ཞི་བདུད་ཀྱིས་ངན་སོང་གནས་སུ་ཁྲིད་པའི་ལེའུ།)

ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དང་༔ བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོ་རྣམས༔ ནམ་མཁའི་སྐར་ཚོགས་རྒྱས་པ་ཙམ༔ འཁོར་དུ་ཡེ་ཤེས་མཁའ་འགྲོ་ཏིལ་

1-23b

གང་ཁ་ཕྱེ་ཙམ༔ ཡབ་ནི་རྒྱལ་པོ་ཤཱི་ལ་མཉྫུ་དང་༔ སྲས་ནི་རྒྱལ་པོ་བ་སུ་དྷ་ར་དང་༔ ཡུམ་ནི་བལ་མོ་ཤཱཀྱ་ཁྲི༔ སྙིང་པོ་རྣམ་གསུམ་ཟློས་ཤིང་དུ༔ སློབ་དཔོན་ཆས་ནས་ས་འོག་གདོན་གྱི་ཡུལ༔ གདུག་པ་ཀླུ་རྣམས་འདར་ཤ་ཁྱེར༔ སྔར་སུན་པས་ན་སློབ་དཔོན་འཕྲད་མ་ནུས༔ འཇིགས་ཤིང་སྐྲག་ནས་ཐམས་ཅད་བྲོས༔ ལྷ་ལྕམ་མདུན་དུ་རྒྱལ་པོ་རྣམས་ཀྱིས་བྱོན༔ ལྷ་གཅིག་ཀུན་ས་ཞི་ཡི་ཁ་དོག་ཉམས༔ ངོ་གདོང་བཀྲག་ཤོར་མགོ་ཡི་སྐྲ་བྱི་ཐལ་ཁ་མ༔ ལང་ཚོ་སྤ་དམན་སོ་ཉམས་སེར་སྔོ་ཞིག༔ མིག་ནག་སྣ་བསྐམས་རྟ་རྒན་འཁྲུགས་ཆེན་འདྲ༔ མགོ་ཆེ་བྲང་རུས་བཀྲ་བས་བགྲང་དུ་བཏུབ༔ བཞིན་ཉམས་ལུས་ཀྱང་མདོག་ལོག་སྔོ་སྐྱ་ལ༔ མཛེས་པའི་བཀྲག་ཀྱང་གཏིབ་ཡལ་རོ་དང་མཚུངས༔ ཤ་ཡང་ཡོ་ཤོར་པགས་པས་གཡོགས་པ་ཙམ༔ ལྷུ་ཚིགས་རྩིབ་མ་བགྲང་དུ་བཏུབ་པ་ཙམ༔ ཀླུ་ཡི་དུག་ཕོག་མཛེ་རིགས་བཅོ་བརྒྱད་བྱུང་༔ མིག་ནི་གྲུ་གསུམ་ཁ་ནི་ཟླ་

1-24a

༄༅༔       ༔གམ་སོང་༔ རྣག་གི་དྲི་མ་མནམ་་་ཞིང་ཤིག་ནད་ཞུགས༔ ཡབ་ཡུམ་ཕ་མ་མིང་པོ་མཐོང་བས་དངངས༔ མཆི་མ་ཁྲག་འཛག་ཡབ་ཡུམ་སྤྱན་སྔར་བྱུང་༔ འགྱེལ་གྱིན་བུབ་ཀྱིན་འདར་གྱིན་དངངས་ཀྱིན་བྱུང་༔ དེ་མཐོང་བས་ནི་ཡབ་ཡུམ་སྤྱན་ཆབ་ཤོར༔ རིགས་འཛིན་ཕོ་མོ་ལྔ་བརྒྱ་སྙིང་རྗེའི་མཆི་མ་ཤོར༔ སློབ་དཔོན་བྱིན་རླབས་མཛད་ཅིང་སྨོན་ལམ་བཏབ༔ བུ་མོ་འདི་འདྲའི་གུད་པ་བྱ་ལམ་བྱེད་ཕྱོགས་དོར༔ སྔ་མའི་ཚད་དུ་བཟང་རྒྱན་ཆས་དང་ལྡན༔ རྒྱན་གོས་བཟང་བས་དད་པ་སྐྱེས༔ ལྷ་ཕྱག་འཚལ་ཅིང་བསྐོར་བ་བྱེད༔ ལྷ་གཅིག་ཀུན་ས་ཡབ་ཡུམ་མིང་པོ་འགྲོགས༔ བལ་པོའི་ཡུལ་དུ་གཤེགས་ནས་འགྲོ་བ་ལ༔ བུ་མོ་ཡབ་ཀྱི་རྗེས་ལ་མ་ཟིན་ནས༔ ཡབ་དང་རིགས་འཛིན་ཕོ་མོ་རྣམས༔ མདུན་ནས་ཇེ་རིང་ཇེ་རིང་འགྲོ་འཕྲོ་ལ༔ གར་སོང་ཆ་མེད་ཕོད་དེ་མེད་ནས་སོང་༔ དེ་དུས་ལྷ་གཅིག་ཀུན་ས་ཞི༔ མ་དང་མིང་པོ་སྟོར་

1-24b

ནས་མེད༔ སྔར་མ་མཐོང་བའི་ཡུལ་ཁམས་ཤིག་ཏུ་སླེབས༔ ཡུལ་ཡང་ཤིན་ཏུ་རྩུབ་ཅིང་རོང་དོག་པ༔ ལྕགས་ཀྱི་ཁང་པ་འབར་བ་ཞིག་ཏུ་ཕྱིན༔ མགོ་བརྙན་མི་གཅིག་སྐྱེས་པ་འདུག༔ སྒབ་བརྫེས་ཁ་ནས་ཁུ་སྒྲ་གཡབ་ཀྱིས་འདེབས༔ ལྷ་ལྕམ་སྐྱོ་ནས་དེ་ཡི་མདུན་དུ་ཕྱིན༔ སྐྱེས་པ་ཕོ་བརྒྱ་དེ་རྣམས་ཅི་བྱེད་བལྟས༔ རྒྱ་ཤོང་ཟངས་ཤིག་ཐབ་ཏུ་བཙུགས་ནས་འདུག༔ ཟངས་ཀྱི་ནང་ན་ཅི་འདུག་བལྟས་པ་ཡིས༔ བུད་མེད་བཟང་སྡུག་ཅན་རྣམས་བཅུག་ནས་འདུག༔ ཁྲག་ཆུ་འཚོད་ཅིང་སྐབས་དཀྲུག་ཁ་བཅོད་འདུག༔ སྦུད་པ་ཐོགས་པ་བཅུ་ཡིས་འབུད་ཅིང་འདུག༔ ཐོ་བ་ཐོགས་པ་བཅུ་ཡིས་གཤོག་གིན་འདུག༔ སྤུ་གྲི་ཐོགས་པ་བཅུ་ཡིས་གཅོད་ཀྱིན་འདུག༔ གསོར་ཆེན་ཐོགས་པ་བཅུ་ཡིས་འབིགས་ཀྱིན་འདུག༔ གཟོང་ཆེན་ཐོགས་པ་བཅུ་ཡིས་དྲ་ཡིན་འདུག༔ སྟར་ཆེན་ཐོགས་པ་བཅུ་ཡིས་གཏུབས་ཀྱིན་འདུག༔ གཟེར་ཆེན་ཐོགས་པ་བཅུ་ཡིས་འདེབས་

1-25a

༄༅༔       ༔ཀྱིན་འདུག༔ གཟར་བུ་ཐོགས་པ་བཅུ་ཡིས་འཆུ་ཡིན་འདུག༔ ཕོར་བ་ཐོགས་པ་བཅུ་ཡིས་འཐུང་གིན་འདུག༔ ཤིན་ཏུ་མ་བཟོད་དམྱལ་སྒྲ་འབྱིན༔ ལྷ་ལྕམ་དེ་ལ་སྙིང་རུས་སྐྱེས༔ ཀྱེ་མ་ཀྱེ་ཧུད༔ སྐྱེས་པ་བརྒྱ་ལ་སྙིང་རྗེ་མི་འདུག་པ༔ ཟངས་སུ་བཅུག་པའི་བུད་མེད་འདི་ཉིད་ལ༔ འདི་ཙམ་པ་ཡི་སྤྱོད་སྦྱོང་བྱེད་པ་ནི༔ འདི་ཡིས་ཁྱོད་ལ་ཅི་ཡི་ཉེས་པ་བྱས༔ དེ་སྐད་ལྷ་ལྕམ་ཀུན་ས་ཞི་ཡིས་སྨྲས༔ ཐུ་བ་བརྫེས་པའི་མི་བརྒྱས་ལན་བཏབ་པ༔ འདི་ནི་འཇིག་རྟེན་མི་ཡུལ་འདུག་ཙ་ན༔ ཤིན་ཏུ་དགེ་བ་བཅུ་ལ་མི་མོས་པར༔ མི་དགེ་བཅུ་ལ་མོས་པས་ཏེ༔ འདོད་ཆགས་ཆེ་ཞིང་གཡེམ་ལ་དགའ༔ སྐྱེས་པ་བསླུས་ཤིང་བྱིན་ལ་དད༔ སེམས་ཅན་བསད་ནས་གཉེན་འཁོར་སྐྱོང་༔ བདེན་པའི་བཀའ་ལ་མི་ཉན་པར༔ མི་བདེན་བྱེད་པའི་ཕྱི་ལ་འབྲངས༔ ཤི་ནས་ད་ལྟ་རྣམ་སྨིན་བྱུང་བ་ཡིན༔ དེ་སྐད་མགྲིན་གཅིག་སྐྱེས་པ་བརྒྱད་སྨྲས་པས༔ ལྷ་ལྕམ་ཀུན་

1-25b

ས་རང་གི་མཚང་ལ་ཕོག༔ བདག་ཀྱང་ལས་དེ་བྱས་པའི་ཉེས་ཡོད་པས༔ ཤི་ནས་ཇི་ལྟ་བུ་རུ་སྐྱེའམ་བསམ༔ ཤིན་ཏུ་ཤ་རུས་སྐྱི་བུང་མ་དགའ་འོ༔ དེ་ནས་གོམ་གཅིག་གོམ་གཉིས་བྲོས་ཏེ་ཕྱིན༔ ལྕགས་ཀྱི་ཁང་པ་འབར་བ་ཞིག་ནང་ན༔ སྐྱེས་པ་ཕོ་བརྒྱ་འདུས་ནས་འདུག༔ ཟངས་དེ་ཁྲག་གིས་བཀང་ནས་འདུག༔ མེ་ཡི་སྦུད་པ་གཙུག་ནས་འདུག༔ ཁ་ནས་ནམ་འོང་ནམ་འོང་ཟེར༔ ཕྱོགས་བཞི་ཀུན་ལ་བལྟ་ཡིན་འདུག༔ དེ་ལ་ལྷ་ལྕམ་རྟོག་པ་ཟོས༔ སྐྱེས་པ་བརྒྱ་ལ་འདི་སྐད་སྨྲས༔ སྙིང་རྗེ་མེད་པའི་ཕོ་ཁྲོམ་བརྒྱ༔ ཟངས་འདི་བཙུགས་ནས་ཁྱེད་ཅི་བྱེད༔ འཇིགས་པའི་ལག་ཆ་ཐོགས་པ་རྣམས༔ སེམས་ཅན་གང་ལ་རྡེག་པ་ཡིན༔ ནམ་འོང་ཟེར་ཞིང་ཕྱོགས་བཞིར་བལྟ༔ ཁྱེད་བརྒྱའི་གན་དུ་སུ་ཞིག་འོང་༔ དེ་སྐད་ལྷ་ལྕམ་སྨྲས་པ་དང་༔ སྐྱེས་བརྒྱ་དུས་གཅིག་འདི་སྐད་སྨྲས༔ ངེད་ནི་འཇིག་རྟེན་མི་ཡུལ་ན༔ བུད་མེད་ངན་ལ་གཡོ་སྒྱུ་ཆེ༔ བལ་རྗེའི་སྲས་མོ་ཀུན་

1-26a

༄༅༔       ༔ས་ཞི༔ སློབ་དཔོན་ཆེན་པོ་པདྨ་འདྲ་བ་བོར༔ མིང་པོ་བ་སུ་དྷ་ར་འདྲ་བ་བོར༔ མཆེད་གྲོགས་ཤཱཀྱ་དེ་བ་འདྲ་བ་བོར༔ ཡབ་ཡུམ་གཉིས་ཀ་རིང་དུ་བོར་ནས་སུ༔ གདུག་པ་མི་མ་ཡིན་གྱི་ཕྱི་ལ་འབྲངས༔ ལས་ངན་ས་འོག་ཀླུ་ཡི་ཡུལ་དུ་ཕྱིན༔ དུད་འགྲོ་ཀླུ་ཡི་སྡུག་བསྔལ་མྱོང་གནས་སུ༔ རིགས་འཛིན་ཡབ་དང་སློབ་དཔོན་རྗེས་མ་ཟིན༔ དེ་ལྟ་བུ་ཡི་ལྷ་ལྕམ་ཀུན་ས་ཞི༔ ད་ནི་མི་ཐོགས་མྱུར་དུ་འཆི་རྒྱུ་ཡིན༔ ཤི་མ་ཐག་ཏུ་གཤིན་རྗེ་འདིར་ཁྲིད་འོང་༔ བུད་མེད་ཕ་གི་སྦྱོང་སྦྱོང་བྱེད་པ་བཞིན༔ ངེད་ཀྱང་ཀུན་ས་ཞི་ལ་སྦྱོང་སྦྱོང་བྱེད༔ དེ་སྐད་ཅེས་པ་ཕོ་བརྒྱས་སྨྲས་པ་དང་༔ བལ་མོ་ལྷ་ལྕམ་ཀུན་ས་ཞི༔ ཤིན་ཏུ་དངངས་ནས་བྲེད་དེ་བརྒྱལ༔ ལྷ་ལྕམ་ཀུན་ས་ཞི་བདུད་ཀྱིས་ངན་སོང་གནས་སུ་ཁྲིད་པའི་ལེའུ་སྟེ་བཅུ་གཅིག་པའོ༔       ༔ཐྲཐཉྲརྦྱ།རྦྱ།༔