(ལེའུ་བཅུ་བདུན་པ། འབར་མ་གསུམ་དང་གནོད་སྦྱིན་གཙུག་ན་མེ་འབར་དམ་ལ་བཏགས་པའི་ལེའུ།)
དེ་ནས་འཕན་ཡུལ་ཡོ་མོ་བྲག་ཕུག་དང་༔ དར་ཡུལ་གཙང་ར་མོ་རུ་བྱོན༔ རྫོང་སྨན་སྐྱེས་ཆུང་ཕན་མོ་དང་༔ ཏིང་ལོ་སྨན་མོ་སྟག་སྨན་གདོང་༔ ཉང་སྲིན་དྭགས་སྲིན་ཀོང་སྲིན་གསུམ༔ ཁོང་དྲུག་ཁྱིམ་བྱས་འཕན་ཡུལ་བཟུང་༔ སློབ་དཔོན་དྲུང་དུ་སྲིན་མོ་སྤུན་གསུམ་བྱུང་༔ རྣོ་མཚོན་མང་པོས་རྒྱོབ་སོད་ཟེར༔ འཇིགས་པའི་ཚུལ་དུ་བརྗིད་བཅོས་བྱུང་༔ བྲག་སོག་པོ་ཁྲོས་འདྲའི་འགྲམ་འདུལ་དགོངས༔ འཕན་ཡུལ་སྤྲས་ཀྱི་ལྷ་ཁང་ནང་དུ་བྲོས༔ སློབ་དཔོན་བདས་པས་ཟལ་མོ་སྒང་དུ་བྲོས༔ སློབ་དཔོན་ཏིང་འཛིན་ཕོ་ཉས་བཀུག༔ དགྱེས་རྩ་ལྷ་ཁང་ནང་དུ་བྲོས༔ སྲིན་གྱི་རྒྱལ་པོ་ཧ་ཏ་ཡ་ནག་པོ་ཞེས་བྱ་བ༔ ཕག་ནག་མགོ་དགུ་ཞོན་བ་ཀོང་པོ་ན་
༄༅༔ ༔ཡོད་པས༔ ནམ་གུང་སྲིན་པོའི་དམག་འབོད་པ་ལ་བྲོས༔ སྲིན་རྒྱལ་ཧ་ཏ་ནག་པོས་སྨྲས་པ༔ ཁྱེད་གསུམ་ཅི་བྱུང་ཅི་ཉེས་ཅི་བྱེད་སྨྲས༔ སྲིན་པོ་སྤུན་གསུམ་འདི་སྐད་སྨྲས༔ སྟག་གཟིག་བསྣོལ་བའི་བྲག་ལ་སྲིན་རྫོང་བཏབ༔ མཚོ་བསུབས་རི་བཅད་རྩེ་ལ་སྲིན་རྫོང་བརྩིགས༔ དགེ་བས་སྡིག་པ་ཆེ་བའི་འཇིགས་པོ་གཅིག༔ གནས་བྱུང་དང་འདི་ནས་བྱུང་མེད་པར་འཕན་ཡུལ་བྱུང་༔ མི་ལ་ཁྱད་འདོན་བྱ་ཕྱིར་དེ་གསུམ་བཏོན༔ ཞེས་སྨྲས་སོ༔ བྱང་གི་ཏིང་ལོ་སྨན་དང་སྟག་སྨན་གདོང་༔ རྫོང་སྨན་སྐྱེས་ཆུང་ཕན་མོ་དར༔ བྱང་ཕུགས་ལྷགས་ཀྱིས་ལྷགས་པ་དུས་གཅིག་བསྡུས༔ རླུང་འཚུབ་ཆེན་པོ་སློབ་དཔོན་དཔོན་གཡོག་བཏང་༔ འཁོར་རྣམས་སྦྲེབས་ཤིང་སློབ་དཔོན་བསིལ་ཙམ་བྱུང་༔ སློབ་དཔོན་གངས་རི་མེར་བསྒོམས་པས༔ མར་ལ་ལྕག་ཚན་ཕོག་བཞིན་ལྷན་གྱིས་ཞུ༔ བོད་སྐྱོང་སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ གཏེར་ཁ་ཆེན་པོ་གཅིག་གི་གཉེར་གཏད་བཅོལ༔
དེ་ནས་སྟོད་ལུང་གྲམ་བུ་ཚལ་དུ་བྱོན༔ གནོད་སྦྱིན་གཙུག་ན་མེ་འབར་གྱིས༔ ཡོངས་སུ་མ་བཟུང་མཆོད་པ་ཕུལ༔ དཔའ་ལུས་ཡོད་ན་མཚོན་ཆ་ཐང་ལ་འཁྱམས༔ མཆོད་རྫས་དབུས་ཀྱི་རི་བོ་མཆོག་རབ་དང་༔ གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་དང་༔ མ་རྨོས་ལོ་ཏོག་འདོད་འཇོའི་བ་བཟང་དང་༔ ས་ཡི་ཞག་བཅུད་ཕུན་སུམ་ཚོགས་པའི་རོ༔ འདམ་བུའི་འཚལ་དང་སྤོས་ཀྱི་ཤིང་ལྗོན་དང་༔ ཙན་དང་ས་མཆོག་གོ་རོ་ཤི་ཤ་དང་༔ སྦྲུལ་གྱི་སྙིང་པོ་རྒྱ་མཚོ་རིན་པོ་ཆེ༔ རྒྱ་མཚོའི་སླི་ལ་རིན་ཅེན་རྡོ་སྣ་བཅུ༔ ཁ་ཆེའི་ཡུལ་ན་གུར་གུམ་རྩྭ༔ མ་ལ་ཡ་ན་ཙན་དན་ནགས༔ རྒྱ་མཚོའི་གཏིང་དུ་ནོར་བུ་་་རྡོ༔ ཁྲུས་ཀྱི་རྫིང་བུ་ཅང་ཤེས་རྟ་ཕོ་དང་༔ རྒྱལ་སྲིད་སྣ་བདུན་ཡན་ལག་བདུན་པས་མཆོད༔ ཨོ་རྒྱན་པདྨས་བཀའ་སྩལ་པ༔ གཏོང་ཕོད་ཅན་གྱི་གནོད་སྦྱིན་ཁྱོད༔ ང་རྒྱ་གར་ཨ་སུ་རའི་བྲག་ཕུག་ཡོད་ཙ་ན༔ ཁྱོད་བྱུང་གཏོང་ཕོད་ཅན་ནི་ཁྱོད་ཡིན་པས༔ བསོད་ནམས་ཆེན་པོ་ཐོབ་
༄༅༔ ༔བའི་དཔེ༔ ངས་བཤད་ཁྱོད་ཀྱིས་ལེགས་པར་ཉོན༔ དཔེར་ན་ཙན་དན་ཁུར་བ་སྔོན་ཕྱིན་ན༔ རླུང་གིས་བསྐྱོད་ནས་དྲི་མ་སྔུན་བྱུང་བཞིན༔ སེམས་ཅན་ཐ་དད་མང་པོ་འདུལ་བའི་ཕྱིར༔ ནམ་དགོས་ཙ་ན་སྤྱོད་པ་ངོ་མཚར་ཆེ༔ ཕན་ལན་གཅིག་ནི་སྟོད་ལུང་གདོང་པའི་གདོང་༔ བདེ་བར་གཤེགས་པའི་ཞལ་ཆབ་སྟོན་ལ་སྦྱིན༔ ཞེས་གསུངས་སྟོད་ལུང་གཞོང་པ་མདའ་རུ་བྱོན༔ དེ་ནས་བྲག་གི་དཀྱིལ་དུ་ཕྱག་འཁར་བཙུགས༔ ཕྱག་གང་མིན་པ་ཐམས་ཅད་ཐིམ་ནས་སོང་༔ ཕྱག་གིས་ཐེན་ཤུལ་ཆུ་ཆེ་རྐ་བཟང་ཙམ༔ ལྷ་བཟང་ཆུ་བྱུང་གྲོ་བར་ཐོབ་ཅིག་གསུངས༔ ད་ལྟ་གཞོང་པའི་ལྷ་ཆུ་ཞེས་སུ་གྲགས༔ འཇིག་རྟེན་ཁམས་ན་ཆུ་རིས་གྲངས་མང་ཡང་༔ སྒྲུབ་ཆུ་ཐོན་པ་པདྨ་འབྱུང་གནས་ཙམ༔ གཞན་དང་ཁྱད་པར་ཡོད་པའི་ལྷ་ཆུ་འདི༔ ཁྲུས་འཐུངས་སུས་བྱས་སྡིག་སྒྲིབ་དག༔ ཕན་སེམས་བསོད་ནམས་གསོག་སྙིང་འདོད༔ འཇིག་རྟེན་མི་ཡི་ལོངས་སྤྱོད་བསམ་
པ་འགྲུབ༔ མལ་གྲོའི་ཆུ་ཚན་མི་ཡི་འདོད་པ་ཚིམ༔ བདུད་རྩི་སྐོམ་གྱི་སྦྱིན་པ་དུས་རྒྱུན་གཏོང༔ ས་སྟེང་འདི་རུ་སྨན་ཆུ་མང་དུ་འབྱུང་༔ སྡུག་བསྔལ་ནད་ཀྱིས་གདུང་རྣམས་བདུད་རྩི་སྨན༔ འཆི་བསོས་བདུད་རྩི་སྨན་དང་ལྡན་པར་བྱས༔ ས་སྟེང་འདི་རུ་ཆུ་ཚན་མང་དུ་འབྱུང་༔ གཅོང་ནད་ཞུགས་པའི་ཅི་འདོད་ཡིད་བཞིན་སྐོང་༔ གཟུགས་ཕུང་འབྱུང་བཞི་ཆ་སྙོམས་ཆོས་ཕྱོགས་ནས༔ ཕྱི་རབས་སེམས་ཅན་གསིལ་བུར་ཆད་ཀྱང་བསྟན༔ སྡུག་བསྔལ་ནད་ཀྱིས་གདུང་སེལ་འཕྲལ་སྐྱིད་ཙམ༔ དགེ་བའི་གེགས་ཤིང་བྱ་རུ་མི་རུང་བས༔ དུས་ཀྱི་ཐ་མ་ནོར་ཆེན་བདུན་ཡིན་ནོ༔ དགེ་བའི་སྟོབས་མཆོག་འདི་ལས་ཆེ་བ་མེད༔ ཅེས་གསུངས་པས༔ གནོད་སྦྱིན་གཙུག་ན་མེ་འབར་རེངས་ཤིང་བརྒྱལ༔ གནོད་སྦྱིན་གྲོ་བོ་གདོང་གི་མགོ་ནས་བཏེག༔ གཙུག་ན་མེ་འབར་འདི་སྐད་སྨྲས༔ སྔོན་ཆད་མ་མཐོང་སྐྱེས་མཆོག་ཁྱད་པར་ཅན༔ འདི་ཡི་སྐུ་ནི་ཤིན་ཏུ་བྱིན་རླབས་ཆེ༔ གདུག་
༄༅༔ ༔པའི་ལྷ་འདྲེ་ཐམས་ཅད་འདི་ན་ཚོགས༔ འཇིགས་པའི་རིག་འཛིན་ཕོ་མོ་མང་པོས་བསྐོར༔ རིན་ཅེན་སྲོག་དང་ངན་བུ་མ་བྲལ་ན༔ ཕྱི་མ་ཅི་གསུང་ཁྱོད་ཀྱི་བཀའ་མི་གཅོག༔ གཙུག་ན་མེ་འབར་གྱིས་གསོལ་ཏོ༔ དེ་ནས་ཨོ་རྒྱན་པདྨས་བཀའ་སྩལ་པ༔ ཁྱོད་དང་ང་གཉིས་ད་ནས་སྡེ་རིས་གཅིག༔ གནོད་སྦྱིན་ཡིན་པ་བློ་ལ་འགྱུར་ལྡོག་མེད༔ དེ་ལ་ལྷ་སྲིན་དྲེགས་པ་སྡེ་བརྒྱད་ཀྱིས༔ ཨོ་རྒྱན་པདྨའི་བསྟན་པ་རྗེས་གཞག་ཕྱིར༔ གདུག་པའི་བདུད་བཏུལ་ལོག་ལྟ་ཐམས་ཅད་བཟློག༔ འབར་མ་གསུམ་དང་གནོད་སྦྱིན་གཙུག་ན་མེ་འབར་དམ་ལ་བཏགས་པའི་ལེའུ་སྟེ་བཅུ་བདུན་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔