༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅོ་བརྒྱད་པ། ཀླུ་མལ་གྲོ་གཟི་ཅན་དམ་ལ་བཏགས་པའི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་བཅོ་བརྒྱད་པ། ཀླུ་མལ་གྲོ་གཟི་ཅན་དམ་ལ་བཏགས་པའི་ལེའུ།)

དེ་ནས་མལ་གྲོའི་མདའ་རུ་བྱོན༔ ཀླུ་རིགས་ཐམས་ཅད་རྗེར་གྱུར་པ༔ མལ་གྲོ་གཟི་ཅན་ཤིན་ཏུ་འཚུབ༔ བ་ལམ་གྲོམ་པ་བྲག་ཕུག་བཞུགས༔ རྒྱུན་དུ་མྱ་ངན་བྱེད་པ་ལ༔ ཀླུ་རིགས་མ་སྲིང་མང་པོ་འདུས༔ གཉེར་པ་སེ་འཕང་

1-52b

ནག་པོ་ཡི༔ གཡས་ཀྱི་རུ་འདྲེན་ཚོང་དཔོན་ནག་པོ་དང་༔ གཡོན་གྱི་རུ་འདྲེན་ཁམས་ཀྱི་བྱ་ཐུལ་དང་༔ སྔོན་གྱི་བཤུལ་སེལ་གངས་ཀྱི་གཅུང་པོ་དང་༔ སྤ་གྲོ་སྐྱེར་ཆུའི་ལྷ་ནི་ཁ་རྒྱལ་ཞ་མདོང་འོད༔ དེ་འཁོར་གདུག་པ་ཅན་བཞི་ལ་གསོལ་པ༔ ཀླུ་ཡི་ནང་འཁོར་འབུམ་སྡེ་ལྔ༔ ཀླུ་རྒྱལ་མལ་གྲོ་གཟི་ཅན་ཁྱོད༔ གཉེར་པ་སེ་འཕང་ངག་ལ་ཀླུ་རྗེ་གསོན༔ བལ་ཡུལ་གྱོང་པོ་ཀླུ་དང་གནོད་སྦྱིན་གློག་མ་སྤྲིན༔ ཨོ་རྒྱན་པདྨ་འབྱུང་གནས་མ་ཐུབ་པས༔ ཁྱེད་ཉིད་མྱ་ངན་རྒྱུན་དུ་མ་བྱེད་དང་༔ འཕམ་རྒྱལ་བྱ་བ་ཀུན་ལ་བྱུང་༔ བ་ལམ་གྲོམ་མཚོའི་ནང་ནས་ཕྱུང་༔ སྡུག་བསྔལ་མ་མཛད་སྤོབས་པ་བསྐྱེད༔ ད་དུང་ཆོ་འཕྲུལ་བསྟན་ཐབས་ཡོད༔ ཨོ་རྒྱན་པད་འབྱུང་འཕམ་ནས་ཐུབ་ཀྱང་སྲིད༔ དེ་སྐད་སྨྲས་པས་ལན་བཏབ་པ༔ ཀླུ་ཆེན་མལ་་གྲོ་་མྱ་ངན་བྱེད་པ་བདེན༔ འཇིག་རྟེན་ཁམས་ཀྱི་སེམས་ཅན་ལ༔ འོ་སྐོལ་ཀླུ་ལས་ཁས་དྲག་མེད༔ དེ་འོག་བདུད་ལས་ཁས་དྲག་མེད༔ ཀླུ་རྗེ་

1-53a

༄༅༔       ༔མལ་གྲོ་གཟི་ཅན་ངས༔ སེམས་ཅན་ཡོངས་ལ་དབང་སྒྱུར་ན༔ དུས་ལ་འགྱུར་ལྡོག་འདི་ལྟར་འབྱུང་༔ ང་ཡི་གོང་ན་དབང་ཆེ་བ༔ པདྨ་འབྱུང་གནས་རྫུན་ཚིག་མཁན༔ ལྷ་འདྲེ་དབང་དུ་འདིས་བསྡུས་པས༔ ང་ལ་དབང་ནི་ཅི་ཡང་མེད༔ པད་འབྱུང་ཕར་ལ་འདུལ་ཕྱིན་པས༔ ཕར་ལ་ཐུལ་བར་ག་ལ་འགྱུར༔ ཚུར་ལ་ཀླུ་འཁོར་གྲངས་མེད་པ༔ ཁོ་ཡི་དབང་དུ་བསྡུས་ཏེ་སོང་༔ ཀླུ་རྗེ་སང་བདག་གཅིག་པུ་རིང་པོར་ཤོར༔ འདི་ལས་དགྲ་རུ་གནོད་པ་ག་ན་ཡོད༔ འདི་ཡི་ཐུབ་ཐབས་སེ་འཕང་ཇི་ལྟ་བུ༔ པད་འབྱུང་མ་ཐུབ་ང་ཡི་སྙིང་མི་ནོན༔ ཞེས་ལན་བཏབ་བོ༔ གཉེར་པ་སེ་འཕང་ནག་པོ་ཡིས༔ ཀླུ་རིགས་ཐམས་ཅད་རྗེར་གྱུར་པའི༔ མལ་གྲོ་གཟི་ཅན་ལ་སྨྲས་པ༔ པདྨ་འབྱུང་གནས་མ་ཐུབ་ཀྱང་༔ བསྟན་པ་བཤིག་དང་སྨད་ཐབས་ཡོད༔ ཡོན་བདག་ཁྲི་སྲོང་ལྡེའུ་བཙན་གྱི༔ དང་པོ་ཡུལ་ལ་ཆོ་འཕྲུལ་སྟོན༔ སྨན་དང་འབྲུ་བཅུད་ཐམས་ཅད་དང་༔ རྩི་ཤིང་ཐམས་ཅད་རྩད་ནས་

1-53b

ཕྱུངས༔ ཡུལ་ལ་ཆགས་པའི་རྟེན་མེད་ན༔ ཆོས་བྱེད་ཐམས་ཅད་ཅི་ལ་འཁོར༔ བོན་གྱི་རྒྱལ་པོ་གླང་དར་མ༔ ཀླུ་རྣམས་ཁེངས་ལོག་སྤྲུལ་ནས་སུ༔ ཡབ་མེས་ཆོས་ལུགས་ཐམས་ཅད་སྣུབ་ཏུ་གཞུག༔ བསྟན་པ་བསྣུབས་པ་དེ་ཡིན་ནོ༔ ཀླུ་བདུད་དམག་ཚོགས་མང་པོ་ཀུན༔ པདྨ་འབྱུང་གནས་གནས་པ་ཡི༔ བོད་ཡུལ་ས་ཁུལ་མ་ལུས་པར༔ སྐྱེས་པའི་འབྲུ་བཅུད་རྩི་ཤིང་རྣམས༔ གཅིག་ཀྱང་ལུས་པ་མེད་པ་རུ༔ རྩ་བ་དྲུངས་ནས་གཅོད་ཅིང་ཕྱུངས༔ བོད་ཡུལ་ཡོན་ཏན་བཅུད་མེད་པས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ མཛེ་རིགས་བཅོ་བརྒྱད་དུས་གཅིག་གཏོང་༔ འོ་སྐོལ་ཀླུ་ཡི་བསྟན་པ་དར་ཏེ་འོང་༔ དེ་སྐད་སེ་འཕང་རྗེ་འཁོར་རྣམས་ལ་སྨྲས༔ ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ན༔ ཀླུ་བདུད་དམག་ཏུ་ཆས་ནས་སུ༔ བསམ་ཡས་ལྷ་ཁང་བཞེང་པ་ཡི༔ དངོས་གྲུབ་རྩ་ཤིང་སྤྱོད་དུ་ཕྱིན༔ པད་འབྱུང་ཐུགས་རྗེ་སྤྲུལ་པའི་བྱིན་རླབས་ཀྱིས༔ དངོས་གྲུབ་རྩ་ཤིང་མ་འབྱོངས་

1-54a

༄༅༔       ༔པར༔ ཀླུ་གདུག་དམག་ཚོགས་གཡུལ་ངོ་ཟློག༔ ཞེ་སྡང་གདུག་པའི་དམག་ཚོགས་ཀྱིས༔ ཕྱོགས་སུ་ཉེ་ཡང་མ་ནུས་སོ༔ ཀླུ་རྣམས་ཡི་མུག་ག་ཆད་དེ༔ སྡུག་པའི་མྱ་ངན་ཆས་རྣམས་བསྟེན༔ སེ་འཕང་ནག་པོས་འདི་སྐད་སྨྲས༔ པདྨ་འབྱུང་གནས་མ་ཐུབ་ཀྱང་༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི༔ བསྟན་པ་སྨད་ཐབས་འདི་ལྟར་ཡོད༔ གནས་པའི་མཁར་ལ་ཆོ་འཕྲུལ་སྟོན༔ ཀླུ་བདུད་ལྕགས་ངར་མང་པོས་བསྒྱེལ༔ བོད་ཀྱི་བཙན་མཁར་རྨང་ནས་བསྒྱེལ༔ རྒྱལ་པོ་བརྟེན་པའི་མཁར་མེད་ན༔ པད་འབྱུང་བོད་དུ་ཅི་ལ་འཁོར༔ བསྟན་པ་བཤིག་ཐབས་དེ་ཡིན་ནོ༔ རྟེན་མཁར་བརྒྱ་དང་རྩ་བརྒྱད་ཕྱིན༔ རྒྱལ་པོ་ཡོན་མཆོད་ཉལ་བའི་ཁར༔ བཤིག་པས་མ་བཤིགས་རེག་མ་ནུས༔ ཀླུ་རྣམས་མྱ་ངན་ཁང་པར་ཞུགས༔ ལུས་ལ་མྱ་ངན་ཆས་སུ་བརྟེན༔ གཉེར་པ་སེ་འཕང་འདི་སྐད་སྨྲས༔ དེ་བཞིན་བྱས་པས་པད་འབྱུང་ག་ལ་ཐུབ༔

1-54b

ལན་གཅིག་རྡུགས་ཀྱང་ལན་ཅིག་སྐྱོར༔ པད་འབྱུང་འཐབ་ཟླ་བྱེད་པ་ལ༔ སྙིང་སྟོབས་སྣ་བསྲན་ཆེ་བར་དགོས༔ པད་འབྱུང་ཆོ་འཕྲུལ་གྲངས་མེད་སྟོན༔ བུ་དང་ཆུང་མ་བུ་མོ་དང་༔ ནོར་དང་སློབ་བུ་ཚུན་ཆད་ལ༔ ཆོ་འཕྲུལ་ཚུགས་ཚད་ཡོད་པ་སྟོན༔ ཅིས་ཀྱང་ཡེ་ནས་མ་ཚུགས་ན༔ ས་བདག་ཀླུ་ཡི་བསྟན་པ་དང་༔ ནག་པོ་བདུད་ཀྱི་བསྟན་པ་གཉིས༔ ཅིས་ཀྱང་ནུབ་ཏུ་ཐོ་བ་ཡིན༔ ཨོ་རྒྱན་པད་འབྱུང་བསྟན་པ་འདི༔ ཅིས་ཀྱང་ཡོད་དུ་ཐོ་བ་ཡིན༔ སེམས་ལ་འགྱོད་པ་ཡེ་མེད་དོ༔ རང་ཅག་ལྷ་འདྲེ་སྡེ་བརྒྱད་རྣམས༔ པད་འབྱུང་འཁོར་གཡོག་བྱེད་ལ་འདེང་༔ དེ་སྐད་གཉེར་པས་འཁོར་ལ་བསྟན༔ དེ་ནས་ཨོ་རྒྱན་པད་འབྱུང་གིས༔ ཀླུ་མལ་གྲོ་ལ་ནི་བཀའ་བསྩལ་པ༔ བ་ལམ་གྲོམ་པ་བྲག་ཕུག་གྲོམ་པ་མཚོ༔ ཁྱོད་ཀྱི་རྟེན་གནས་འདི་བརྟེན་གཡུལ་འཁྲུག་འོང་༔ མ་བཅོལ་གཉེན་ཀ་མ་བྱེད་ཁ་མཆུའི་སྣོན་མ་ཡིན༔ བཅོལ་མ་དོས་ཅན་མ་སྐྱེལ་

1-55a

༄༅༔       ༔སེམས་ཁྲལ་འཕྲལ་ལ་འཇུག༔ དཔའ་ཡང་འཁྲུག་པ་མ་བྱེད་སྲོག་ལུས་ངན་གྱེས་བྱེད༔ དལ་ཡང་ཆོ་ལོ་མ་རྩེ་མིས་འཕྱ་སོ་ནམ་ཆག༔ ཁ་སྨྲས་མང་ན་རོགས་ཀྱིས་ཞེས་ཁྲེལ་འདེབས༔ མ་བོས་མགྲོན་ལ་ཕྱིན་ན་འཕྲལ་ལ་དད་པ་ལྡོག༔ མ་ཕྱིན་ཟོས་ཁྱེར་བྱས་ན་འདི་ཕྱིའི་ཚེ་མི་ཕྱིར༔ ཕྱི་འབྲང་གཞོགས་བསྲུན་བྱ་བའི་རིགས་མ་ཡིན༔ ཚིག་ཆུང་དོན་མེད་ཅོལ་མེད་བསྟེན་ལ་དགའ༔ བསྟེན་ལ་དགའ་བས་ལས་རྣམས་འགྲུབ་མི་སྲིད༔ ལེ་ལོ་དགྲ་ལ་བརྩོན་འགྲུས་དོན་པར་འགྲོ༔ དེ་སྐད་ཅེས་བཀའ་སྩལ་པས༔ ཀླུ་མི་འདྲ་བ་ལ་ལ་ནི་རྩ་ན་འདུག༔ ལ་ལ་ནི་དེ་བས་རིང་བ་འདུག༔ ལ་ལ་ནི་དེ་བས་ཀྱང་རིང་བ་ན་འདུག༔ ལ་ལ་ནི་ཁ་ཕྱོགས་སུ་བལྟས་ནས་འདུག༔ སློབ་དཔོན་གྱིས་མཁྱེན་བཞིན་དུ་དྲིས་པས༔ ཁྱོད་རྣམས་ཆོས་ལ་མི་མོས་པར་འདུག༔ ང་བསམ་ཡས་མཆིམས་ཕུར་འགྲོ་བ་ཡིན༔ དེ་སྐད་གསུངས་པས་མལ་གྲོ་གཟི་ཅན་

1-55b

གྱིས་གསོལ་པ༔ ངེད་ཅག་ཆོས་ལ་མི་མོས་པ་མ་ཡིན་ཏེ༔ བདག་ཅག་རྣམས་ལ་དུག་རིགས་རྣམ་པ་བཞི་ཡོད༔ སློབ་དཔོན་ལ་གནོད་ཀྱིས་དྭོགས་པ་ཡིན༔ རྩ་ན་འདུག་པ་བསམ་པའི་དུག་ཅན་ཡིན༔ མ་བསམ་ན་མི་གནོད༔ མ་བསམ་ཙམ་དུ་སྡོད་པ་ཡིན༔ དེ་བས་རིང་བ་རེག་པའི་དུག་ཅན་ཡིན་ཏེ༔ མ་རེག་ན་མི་གནོད༔ མ་རེག་ཙམ་དུ་སྡོད་པ་ཡིན༔ དེ་བས་རིང་བ་ཁ་རླང་དུག་ཅན་ཡིན༔ ཁ་རླང་སོང་གིས་དྭོགས་པས་ན༔ ཁ་རླང་མི་སླེབ་ཙམ་དུ་སྡོད་པ་ཡིན༔ ཁ་ཕྱིར་བལྟ་བ་ནི་མཐོང་བའི་དུག་ཅན་ཡིན༔ མཐོང་གིས་དྭོགས་ནས་ཁ་ཕྱིར་བལྟ་བ་ཡིན༔ སློབ་དཔོན་གྱིས་གསུངས་པ༔ འོ་ན་དུག་རིགས་བཞི་པོ་ཅིས་ཐུབ་གསུངས་པས༔ མལ་གྲོས་གསོལ་པ༔ བསམ་པའི་དུག་ནི་ཏིང་ངེ་འཛིན་གྱིས་ཐུབ༔ ཁ་རླང་གི་དུག་ནི་སྨན་དྲིས་ཐུབ༔ མཐོང་བའི་དུག་ནི་རྨ་བྱའི་མདོངས་ཀྱིས་སོ༔ ཞེས་སོ༔ སློབ་དཔོན་གྱིས་བསྟན་པ་བསྲུང་ན་ཅི་ལྟར་བྱེད་གསུངས༔ མལ་གྲོས་

1-56a

༄༅༔       ༔གསོལ་པ༔ ནག་པོ་ཀླུ་ལ་གཏད་ཁྲམ་བྱས༔ ཤིན་ཏུ་གདུག་པ་བདག་ཉིད་ཉན༔ ཟབ་མོའི་གདམས་པས་མ་བརྒྱན་བས༔ བསྟན་བཅོས་རྗེས་སུ་འབྲངས་ནས་སུ༔ འདོད་པས་གདུངས་པའི་སྐྱེས་བུ་ཡིས༔ སྤྱོད་ལོག་བྱས་པས་ཀླུ་རྣམས་ག་ལ་ཉན༔ ཞེ་སྡང་བསྒྲུབས་པས་ལྷ་འདྲེ་ག་ལ་འཁྲུལ༔ དཔེར་ན་རིན་ཅེན་འདོད་པའི་མི༔ བསོད་ནམས་ལམ་རྒྱུས་བྲལ་གྱུར་ན༔ འདོད་པའི་དབང་གིས་རྒྱ་མཚོར་འཇུག༔ རིན་ཅེན་མ་རྙེད་རང་ཉིད་བརླག༔ འགྲོན་མང་ཆུ་སྲིན་གདུག་པས་འཇོམས༔ དེ་བཞིན་ཉོན་མོངས་དབང་གིས་ཙམ༔ རང་དང་འབྲེལ་བར་གྱུར་པ་རྣམས༔ ནག་པོ་ཀླུ་ཡིས་རྣམ་པར་འཛིན༔ མཚན་ཉིད་ལྡན་པའི་སྔགས་པས་ཀྱང་༔ བསྟན་པ་འཇིག་དང་བླ་མར་བརྙས༔ ཆོས་འཁོར་འཇོམས་དང་སེམས་ཅན་འཚེ༔ མཚམས་མེད་ལས་རྣམས་བྱེད་པའི་མི༔ མ་འོངས་སྡུག་བསྔལ་དགག་པའི་ཕྱིར༔ སྙིང་རྗེས་ཀུན་བླངས་སྦྱོར་བ་

1-56b

བརྩམས༔ དེ་ལས་གཞན་དུ་བྱས་གྱུར་ན༔ དེ་ཡི་སྐྱེ་བ་ཕྱི་མ་ལ༔ མི་འདོད་འབྲས་བུ་མྱོང་བར་འགྱུར༔ ནག་པོ་ཀླུ་ནི་བསྐལ་པའི་བར༔ མི་འཆི་མངོན་ཤེས་རབ་ལྡན་པས༔ གང་དང་གང་དུ་སྐྱེས་པའི་ཚེ༔ གདུག་པ་ཀླུ་ཡིས་འཚེ་བར་བྱེད༔ དེས་ན་གཏད་ཁྲམ་ཀླུ་ལ་ནི༔ ཆོས་དང་མི་ལྡན་མི་བྱའོ༔ ཞེས་གསོལ་གསེར་གྱི་གདོང་རྩེ་བདུན་སྟོང་ཕུལ༔ བདག་གིས་བཀའ་ཉན་གསུང་བསྟོད་ཤིན་ཏུ་དཀའ༔ ཕྱི་རབས་རྣམས་ལ་ཀླུ་ཡི་གནོད་པ་འོང་༔ ལས་སུ་འཇིག་རྟེན་འཐོར་བར་བྱེད་པའོ༔ དྲུག་ཅུ་རྩ་ལྔ་གཏེར་གཉེར་གཏད༔ ཀླུ་མལ་གྲོ་གཟི་ཅན་བཏུལ་བའི་ལེའུ་སྟེ་བཅོ་བརྒྱད་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔