༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉི་ཤུ་པ། འདྲེ་བཏུལ་བའི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་ཉི་ཤུ་པ། འདྲེ་བཏུལ་བའི་ལེའུ།)

དེ་ནས་བསམ་ཡས་ཧལ་པོ་རི་ལ་བྱོན༔ མེ་

1-61a

༄༅༔       ༔འབར་མཚོ་ནས་ལྕགས་ཀྱི་སྡིག་པ་ནི༔ མགོ་དགུ་རྭ་ནི་བཅོ་བརྒྱད་ཁ་གདངས་པ༔ སྡིག་རྭ་བཅོ་བརྒྱད་གཡས་རྩེ་མེ་འབར་འཕྱོ༔ གཡོན་པ་བཅོ་བརྒྱད་རྭ་རྩེ་ཆུ་འབྲུབ་མཚོ༔ མགོ་དགུ་ཁ་ནས་ན་བུན་དུད་པ་ཐུལ༔ གཞུག་མའི་རྩེ་ནས་རླུང་དམར་འཚུབ་མ་འཚུབ༔ བུད་མེད་མང་པོའི་ཚོགས་ཀྱིས་བསྐོར་ནས་བྱུང་༔ གནག་ཁྱུ་མང་པོའི་མཚན་དང་བཅས་ནས་བྱུང་༔ མཚོ་དང་འབབ་ཆུ་ཐུག་པས་རྒྱལ་ཁམས་ཁེངས༔ ཉ་སྦྲུལ་སྦལ་ལྕོང་ཁྱེའུ་ཕོ་མོ་མང་༔ དུད་འགྲོ་སྲོག་ཆགས་སྣང་སྲིད་གང་༔ སློབ་དཔོན་སྡིག་པར་ཁ་ཊྭཱཾ་ག་གཟིར་བས༔ རྒྱ་མཚོའི་གཏིང་དུ་ཁྱེར་རམ་སྙམ་པ་བྱུང་༔ དར་ཅིག་དྲན་པ་རྙེད་ནས་ཡོད་ཙ་ན༔ ལྟ་བས་ཆོག་མི་ཤེས་པའི་ཁྱེའུ་ཞིག༔ བདག་གི་མདུན་དུ་འདུག་སྟེ་འདི་སྐད་ཟེར༔ ང་ནི་ཀླུ་ཡི་རྒྱལ་པོ་འཕྲེང་འཛིན་གྱི༔ གཅུང་པོ་ཀླུ་རྒྱལ་གཙུག་ན་རིན་ཅེན་ཡིན༔ བོད་ཀྱི་རི་ཆེན་བཞི་དང་མཚོ་ཆེན་བཞི༔ གནམ་སའི་བདག་པོ་ང་ཡིན་

1-61b

གཞན་ནི་མིན༔ གདུག་པ་ཆེ་ཡུལ་ཉང་དྭགས་ཀོང་གསུམ་ཡིན༔ དེ་གསུམ་གདུག་ཆེ་ཀོང་རྗེ་དཀར་དམར་ཡིན༔ ཀོང་པོ་རི་ནག་ལྷ་རི་གྱང་རྡོར་ཆེ༔ དེ་ན་མར་གཤེགས་མི་ནག་མཆེད་པོ་འདུལ༔ རྒྱལ་པོ་གཉའ་ཁྲི་བཙན་པོའི་བབས་ས་ཡིན༔ གཏི་མུག་ཅན་གྱི་ཡུལ་དུ་རི་གཅིག་སྲིད༔ བརྟགས་དཔྱད་དབུ་རུ་རླུང་དུ་ཚུགས་པོ་ཡིན༔ འདབ་ཆགས་རྒྱལ་པོ་ཁྱུང་གི་བབས་ས་ཡིན༔ སེར་སྣ་ཅན་གྱི་ཡུལ་དུ་རི་གཅིག་སྲིད༔ དེ་ན་ཕར་གཤེགས་དགེ་བའི་ལས་འཕྲོ་སྤེལ༔ གཙང་གཡས་རུ་རྩལ་རི་རྩེ་ཐོན་ཆེ༔ ལྷ་འདྲེ་གཉན་དགུ་ཀླུ་ཡི་འཚོག་ས་ཡིན༔ བདག་གི་དོན་ལ་སེམས་ན་བྱམས་སེམས་མིན༔ མི་བདེ་འདོད་ཀྱི་ལོངས་སྤྱོད་དེ་ན་ཆེ༔ བཀའ་ཟབ་མོ་སྟོན་ན་དེ་རུ་སྟོན༔ དབེན་འགོལ་རུ་ལག་རི་བོ་སུལ་མང་ཆེ༔ ཐར་པ་འགོག་པ་བརྒྱ་ཡི་སྒོམས་པ་ཡིན༔ རྒྱ་གར་རྡོ་རྗེ་གདན་ན་མུ་སྟེགས་མང་༔ ཡང་དག་རྟེན་འབྲེལ་ཤར་ལུགས་བཤད་པ་

1-62a

༄༅༔       ༔ཡིན༔ བོད་ཀྱི་ཁྲི་ཤོད་རྒྱལ་མོའི་མཚོ་ཆེན་དེ༔ བྱང་ཕྱོགས་ཁམས་ཀྱི་གཡེར་མོ་ཐང་ན་ཡོད༔ སྐོར་ན་ཞག་བདུན་རྟ་ཡིས་འཁོར་བ་ཡིན༔ ཡུལ་ཕྱོགས་མི་མ་ཡིན་པ་ལྷ་འདྲེས་གང་༔ ང་བསྡད་ས་ཡི་ཡུལ་འདིར་མི་སྡོད་པར༔ འདི་དང་ཐུགས་རྗེ་འདྲེས་ན་གཞན་དོན་འབྱུང་༔ པད་རྒྱས་ལྷ་ཁང་བཞེངས་ན་ཀླུ་རྣམས་མོས༔ བོད་ཀྱི་མ་ཕམ་གཡུ་མཚོ་སྐད་པ་དེ༔ བོད་དང་ཞང་ཞུང་གཉིས་ཀྱི་མཚམས་ན་ཡོད༔ རྟ་ལམ་ཉི་མ་གཅིག་གིས་འཁོར་རོ་སྐད༔ མཆོད་ཀྱི་གནམ་མཚོ་ཕྱུག་མོ་སྐད་པ་དེ༔ བྱང་ཕྱོགས་སྐར་མ་སྨེ་བདུན་འོག་ན་ཡོད༔ རྟ་ལམ་དགུང་ཞག་བཅུ་གཅིག་མཚོ་མཐའ་འཁོར༔ ལྷོ་ན་སྣུབས་མཚོ་གླིང་དགུ་སྐད་པ་དེ༔ ན་ཐང་ཡར་འབྲོག་ཕྱོགས་ན་ཡོད༔ མཚོ་མཐའ་རྟ་ལམ་དགུང་ཞག་དྲུག་གིས་འཁོར༔ རང་བཞིན་གཤེགས་སམ་བབས་ཀྱི་འདུག་ལུགས་འདི༔ བརྗོད་པའི་ངག་ལ་སློབ་དཔོན་གསན་པར་ཞུ༔

1-62b

དེ་ནས་སློབ་དཔོན་ཉིད་ཀྱིས་བཀའ་སྩལ་པ༔ ཁྱེད་རྣམས་ཀླུ་འདི་ལ་ལ་ཆོས་ལ་མོས༔ འགའ་ཞིག་ལ་ལ་སྡིག་ལ་མོས༔ འགའ་ཞིག་ལ་ལ་བོན་ལ་མོས༔ འགའ་ཞིག་ལ་ལ་རྩིས་ལ་མོས༔ འགའ་ཞིག་ལ་ལ་སྨན་ལ་མོས༔ འགའ་ཞིག་ལ་ལ་མུ་སྟེགས་མོས༔ ནད་ནི་མི་གཤིན་གདུག་པ་ཞེ་སྡང་ཆེ༔ ང་ནི་ཟ་ཧོར་ཡུལ་ན་ཡོད་པའི་དུས༔ ཟ་ཧོར་རྒྱལ་པོ་ཨིནྡྲ་བྷུ་ཏིའི་སྲས༔ གོ་མ་དེ་ཕྱིར་རྫོགས་ཆེན་གསུངས་པའི་ཚེ༔ ཀླུ་ཡི་རྒྱལ་པོ་འཕྲེང་འཛིན་སྲས༔ ཀླུ་ཡི་རྒྱལ་པོ་འཇོག་བོས་ཉན༔ དེ་དུས་ཀླུ་རྒྱལ་གཙུག་ན་རིན་ཅེན་ཁྱོད༔ སྤྱི་བོའི་གཙུག་གི་ནོར་བུ་རྐུས་དྭོགས་ནས༔ རྫོགས་ཆེན་ཉན་སར་མ་ཁོམ་འཁོར་བར་འཁྱམས༔ ད་ནི་ཁེང་མི་ལོག་པར་དྲོ་སྐྱོལ་ལ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བསམ་པ་སྒྲུབས༔ ཞེས་གསུངས༔ དྭགས་པོ་ཀོང་པོ་གཤོང་པོར་གཤེགས་སོ༔ ལྷ་འདྲེ་བཏུལ་བའི་ལེའུ་སྟེ་ཉི་ཤུ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔