(ལེའུ་ཉེར་གཅིག་པ། གནས་པོ་ཟེ་སྔོན་ལ་གཙུག་ལག་ཁང་ལུང་བསྟན་པའི་ལེའུ།)
༄༅༔ ༔དེ་ནས་དྭགས་ཀོང་ཨེའི་ལྷ་འདྲེ་འདུས༔ འཇིག་རྟེན་ཁམས་ཀྱང་གཡོ་དང་འདར་བ་དང་༔ ན་བུན་ཆར་གློག་ཁ་སེར་རླུང་དམར་དང་༔ མི་ནད་ཕྱུགས་ནད་མི་དགེ་སྣ་ཚོགས་འབྱུང་༔ དེ་ནས་ཡུལ་སྨོན་ལུང་གསུམ་རྫོང་དུ་ཕེབས༔ བརྟན་མཐོ་ལྷ་འདྲེ་རྣམས་ཀྱིས་སྐྱེལ་ཐུང་བྱས༔ བོད་འབངས་ཁམས་གསུམ་གླིང་དགུའི་ལོངས་སྤྱོད་བསྡུས༔ ཚོགས་ཀྱི་འཁོར་ལོ་འདོད་པའི་ཡོན་ཏན་ལྔ༔ སྡེ་བརྒྱད་རིམ་པ་བཞིན་དུ་ཚོགས་འཁོར་བསྐོར༔ གཞི་བདག་རྒྱལ་པོ་ཚངས་པ་འབྲུག་ཞོན་ཞུས༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ལགས༔ བདག་ཅག་རྣམས་ནི་ཁྱེད་ཀྱིས་ངོ་ཤེས་སམ༔ ངོ་མི་ཤེས་ན་རྒྱ་ནི་ལྷའི་ཚོང་དཔོན༔ ནོར་ལ་དབང་སྒྱུར་བྱ་བ་ལགས༔ རྒྱ་ནི་བདུད་ཀྱི་དམག་དཔོན་ཡིན༔ དྲེགས་པའི་རྩལ་ལྡན་བྱ་བ་ལགས༔ ད་ལྟ་ཁྱོད་ཀྱི་སྤྱན་སྔར་མཆིས༔ ཨོ་རྒྱན་པདྨ་འབྱུང་གནས་ལགས༔ ཚོང་དཔོན་ཕྱི་ལ་ཚོང་ལ་་་་གཤེགས༔ ནོར་བུ་རིན་
ཅེན་སྣ་ལྔ་ལེན༔ ནོར་ཡོད་པ་དེ་ཀུན་ལ་བཟང་༔ ནོར་མེད་ཙ་ན་ཀུན་ལ་ངན༔ དེ་བས་མཆོད་བྱ་རིན་ཅེན་བླང་༔ ཨོ་རྒྱན་པདྨ་འབྱུང་གནས་ལགས༔ དམག་དཔོན་ཕྱི་ལ་དམག་ལ་གཤེགས༔ གཞན་དག་མི་རྣམས་འོག་ཏུ་འཇུག༔ ལ་ལ་གསད་ལ་ལ་ལ་གཞོམ༔ ཡུལ་མཁར་ཟས་ནོར་འཕྲོག་རིས་གཅོད༔ སྐྱེས་པ་ཕོ་ཁྱད་གཏམ་ཡིན་མོད༔ ཕོ་ཡིས་ཕོ་ཞིག་མ་བཏུལ་ན༔ ཟ་མ་མོ་དང་ཅི་མི་འདྲ༔ འོ་སྐོལ་དགྲ་བོ་འདུལ་དུ་གཤེགས༔ དེ་སྐད་ཅེས་ནི་ཞུས་པ་དང་༔ དེ་ལ་ཨོ་རྒྱན་ཆེན་པོས་བཀའ་སྩལ་པ༔ ལུས་ནི་སག་རི་སྐད་ནི་ཁྭ་དའི་སྐད༔ ལྟོ་གོས་མི་དགེ་བཅུ་ལ་ལྕེབ་ཟས་བྱེད༔ སྣ་ཚོགས་རྒྱལ་པོ་ཚངས་པ་འབྲུག་ཞོན་ཉོན༔ ལྷ་ཡི་ཚོང་དཔོན་ནོར་ལ་དབང་གྱུར་བརྒྱ༔ ཁྱོད་ཀྱིས་ཚོང་བྱས་ཟས་ནོར་ང་མི་སྨོན༔ འཕགས་པའི་ནོར་བདུན་ཕྱུག་པས་དབུལ་དང་བྲལ༔ མི་ཟད་གཏེར་དང་ལྡན་པའི་སེམས་ཉིད་ཀྱིས༔ འདོད་སེམས་སྤངས་ནས་ཆོག་ཤེས་མ་ལྡན་ན༔ རིན་ཅེན་རི་
༄༅༔ ༔རབ་ཡོད་ཀྱང་སྡུག་བསྔལ་ཆེ༔ ཚོང་ཁེ་ཕམ་རྒྱལ་རྩི་བ་མྱ་ངན་གྲོགས༔ ཁལ་མར་བཀལ་བས་དམྱལ་བའི་ས་བོན་འདེབས༔ ནོར་ཡོད་ཆེ་ས་བཟུང་བས་བདུད་དང་འདྲ༔ སྒྱུ་མའི་ཟང་ཟིང་ནོར་ལ་བདག་མི་རྩི༔ བདུད་ཀྱི་དམག་དཔུང་སེང་གདོང་རྩན་ལྷན་བརྒྱ༔ ཁྱོད་ཀྱིས་སྤྱོད་པ་དེ་ལ་ང་མི་སྨོན༔ བདག་དང་གཞན་མེད་སྙིང་རྗེ་ཆེན་པོ་ཡིས༔ སེམས་ཅན་མཉམ་པའི་ཆ་ལ་མ་བཞག་ན༔ བདག་བསྟོད་གཞན་སྨོད་དྲག་ཤུལ་གདུག་རྩུབ་ཀྱིས༔ ལུས་པོ་ས་རྡོ་བཞིན་དུ་བོར་ཙ་ན༔ སེམས་ནི་མི་འཆི་གསོད་གཅོད་དམྱལ་བར་འགྲོ༔ སྡུག་བསྔལ་ཉམས་མྱོང་འགྱོད་ཀྱང་འགྱོད་མི་ཕན༔ ཕར་བཏུལ་ཚུར་ལོག་རྣམ་སྨིན་འཕྲལ་ལ་འབྱུང་༔ འགྱོད་པའི་སེམས་དང་བཅས་ཀྱང་མི་སླེབ་བོ༔ དྲག་ཤུལ་གདུག་རྩུབ་ལྷ་འདྲེའི་སྤྱོད་པ་སྐྱོང་༔ གསོད་གཅོད་སྲིན་གྱི་ལས་ལ་ང་མི་རྩི༔ དེ་སྐད་ཅེས་ནི་བཀའ་སྩལ་པས༔ རྒྱལ་པོ་ཚངས་པས་འཚང་བྲག་ཕབ་
པ་ལ༔ ཨོ་རྒྱན་པདྨས་ཕྱག་འཁར་བརྒྱབ་ནས་བཏུལ༔ བྲག་ཕུག་མཚན་མ་ཨ་ཏ་རྡོ་ལུང་བཏགས༔ ཡེ་ཤེས་མཁའ་འགྲོ་ལྷ་འདྲེས་སྐོར་བ་བྱེད༔ གནས་པོ་ཟེ་སྔོན་གྱིས་སྨྲས་པ༔ འཇིག་རྟེན་ཁམས་ཀྱི་སེམས་ཅན་ཀུན༔ སླུ་ཚིག་རྫུན་ལ་མཁས་པ་ཡི༔ པདྨ་འབྱུང་གནས་ཟེར་བ་འདིས༔ ལྷ་འདྲེའི་བསྟན་པ་སྟོངས་ལ་ཁད༔ བདག་ཀྱང་ཤིན་ཏུ་མ་དགའ་ནས༔ བདུད་དཔུང་རྒྱ་ལག་ཁོང་ཡང་འདུལ༔ རྒྱལ་པོ་ཚངས་པ་འོ་སྐོལ་ཇི་ལྟར་བགྱི༔ ཤ་ལ་ཟ་བའི་ཤ་ཡང་དཀོན༔ ཁྲག་ལ་འཐུང་བའི་ཁྲག་ཀྱང་དཀོན༔ པགས་པ་གྱོན་པའི་པགས་ཀྱང་དཀོན༔ རུས་ལ་འཆའ་བའི་རུས་པ་དཀོན༔ ཅེས་སྨྲས་པ་དང་༔ མཚོ་སྨན་སྤུན་ལྔས་འདི་སྐད་ཞུས༔ ཨོ་རྒྱན་ཆེན་པོ་ཉིད་ཀྱིས་བསྐྱབ་ཏུ་གསོལ༔ དུས་གསུམ་མཁྱེན་པ་ཐར་པར་འདྲེན་པའི་གཙོ༔ མ་འོངས་ས་ལེར་མཁྱེན་པ་སྒྲོན་མེའི་མཆོག༔ འགྲོ་བའི་སྐྱབས་མགོན་བྱམས་པའི་ཐུགས༔ ཅིར་ཡང་སྤྲུལ་ནས་ཐམས་
༄༅༔ ༔ཅད་འདུལ༔ པད་འབྱུང་འདུལ་བའི་དུས་འདི་ལ༔ ཐམས་ཅད་བདེ་སྐྱིད་ཀུན་ལ་དགའ་བས་ན༔ ཐར་པའི་བདེ་གནས་མ་ཐོབ་ལྷ་འདྲེ་རྣམས༔ ད་ལྟའི་དུས་དང་གནས་སྐབས་འདིར༔ ན་བུན་འཐིབས་པས་མ་རིག་ནས༔ སྐྲ་ཡང་ངན་ལ་འོད་ཀྱང་ནག༔ ས་ཡང་གཡོ་ལ་རི་ཡང་འདར༔ རླུང་ཡང་འཚུབ་ལ་སེར་བ་འདྲིལ༔ མི་ཕྱུགས་ཀུན་ལ་ནད་ཡམས་དར༔ འདི་ཉིད་ཅི་ལྟར་ཡིན་པ་གསུང་དུ་གསོལ༔ དེ་ནི་གནས་པོ་ཟེ་སྔོན་ལ་བཤད་པར་བྱ༔ ཞེས་གསུངས་ཏེ་བཀའ་སྩལ་པ༔ འཁོར་དུ་གཏོགས་པའི་སྣང་སྲིད་ལྷ་འདྲེ་རྣམས༔ དེ་ཡི་རྒྱུ་རྐྱེན་འདི་ལྟར་རོ༔ ད་ལྟའི་དུས་འདིར་ཁྱད་པར་འཕགས༔ འཇམ་དཔལ་སྤྲུལ་པའི་རྒྱལ་པོ་བྱོན༔ བསམ་ཡས་འགྲོ་དོན་ཕྱོགས་བཅུར་བསྟན༔ དེ་ཡི་ཐུགས་རྗེ་བྱིན་རླབས་ཀྱིས༔ ད་ལྟ་སྒྲིབ་སྦྱངས་ཚོགས་རྫོགས་རྣམས༔ ཐར་པའི་གོ་འཕང་ཐོབ་སྟེ་སོང་༔ བསམ་ཡས་ཐུགས་རྗེས་ཀུན་ཁྱབ་ཀྱང་༔ སེམས་
ཅན་ལས་ཀྱིས་བསྒྲིབས་པ་རྣམས༔ ཐར་པ་མ་ཐོབ་ཕྱི་ལ་ལུས༔ བསོད་ནམས་ཚོགས་དང་མ་ལྡན་པའི༔ འགྲོ་བ་རིགས་དྲུག་སེམས་ཅན་ལ༔ དགེ་བ་ཡོད་ན་སྡིག་པ་ཡོད༔ དཀར་བ་ཡོད་ན་ནག་པ་ཡོད༔ ཉི་མ་ཡོད་ན་མུན་པ་ཡོད༔ དུག་ལྔའི་ནད་ཀྱིས་དུབ་པ་ཡིས༔ ལོག་པར་ཕྱོགས་པའི་སེམས་ཅན་རྣམས༔ བདུད་དང་མཐུན་པའི་ལས་བྱེད་དོ༔ སེམས་ཅན་འགའ་ཙམ་མ་ལུས་པར༔ མེད་པར་བྱེད་པའི་ཧོར་སྣ་འདྲེན༔ ས་ཇིང་ཡོན་མཆོད་ཐབས་ངན་མཁན༔ སྐྱོན་ཅན་ཁམས་གསུམ་གླིང་དགུར་འབྱུང་༔ ཝ་ལ་ཟ་མ་སྙིང་རེ་ན༔ བདུད་ཀྱི་དམག་རྣམས་བཏུབ་ཀྱིས་འཚོག༔ དམག་བསྡུས་དམག་གིས་འཁྲིགས་པའི་ཡུལ༔ གནས་བཅུ་དྲུག་བྱ་བ་རས་ས་རྫོང་པའི་ཡུལ༔ ཅོལ་མེད་པོ་ཚོ་ཡར་ཀླུངས་འདུ༔ ཀྭ་ཡི་གནས་པོ་ཟེ་སྔོན་ཚུར་ཉོན་དང་༔ སྔར་འདས་བཤད་ན་རོ་ལ་སན་པོ་འདི༔ ཤཱཀྱ་ཐུབ་པ་འདས་ནས་རིང་པོར་མ་ལོན་ན༔ ཝ་ར་ཎཱ་སིར་དགེ་
༄༅༔ ༔བསྙེན་མཚན་གྲགས་པ༔ ཞི་བའི་གོ་ཆ་ལྕགས་ཀྱི་བྱིན་པ་ཅན༔ ཡོན་ཏན་ཆོས་མང་པོ་མངའ་བ་ཞིག་ཡོད༔ རི་བོ་ཏ་ལ་ཨོ་རྒྱན་ཡུལ་དང་ནི༔ རྒྱ་ནག་རི་བོ་རྩེ་ལྔ་ཤམ་བྷ་ལ༔ དེ་དག་འགྲོ་བའི་ལམ་ཡིག་ཡོད་པས་སུ༔ རི་བོ་ཏ་ལར་སྤྱན་རས་གཟིགས་ཞལ་བལྟར༔ ལམ་རིང་བགྲོད་ཕྱིན་ལམ་པོ་ཁ་ཞིག་ན༔ བཙུན་པའི་གཟུགས་བྱས་སྟོན་པའི་རྟགས་བཟུང་ནས༔ ཞིང་རྨོད་བུ་ཚ་བུད་མེད་ལས་བྱེད་མཐོང་༔ དེ་ནི་ཡིད་ལ་མ་རེན་ངན་བསྒྲགས་པས༔ བཙུན་གཟུགས་སྟོན་པའི་རྟགས་རྣམས་བཞག་ནས་སུ༔ སྐྱ་ཆས་བྱས་ནས་ཞིང་རྨོས་བྱས་པ་ཡིན༔ ཞི་བ་གོ་ཆ་སྤྱན་རས་གཟིགས་དང་མཇལ༔ དགེ་བསྙེན་ཁྱོད་ཀྱིས་མཐོ་རིས་མི་ཐོབ་གསུངས༔ ཞིང་རྨོད་སྟེན་པའི་རྟགས་རྣམས་བྱིན་ན་འཐོབ༔ དགེ་བསྙེན་འགྱོད་ནས་སྟོན་པའི་རྟགས་རྣམས་བྱིན༔ སྤྱན་རས་གཟིགས་ཀྱིས་དགེ་བསྙེན་ལུང་བསྟན་པ༔ སྤྲེའུ་བྲག་སྲིན་གཉིས་ཀྱིས་མི་རྣམས་སྤེལ༔
སངས་རྒྱས་བསྟན་ཞབས་ལྔ་བརྒྱ་ཕྲག་གསུམ་ན༔ བྱེད་མི་འདུལ་སྐྱོང་གནམ་སའི་བདག་པོ་འབྱུང་༔ ཟོ་ཐང་གོང་པོ་རི་ཞོལ་ཉེ་ལམ་དུ༔ ཞིང་རྨོའི་དགེ་བསྙེན་མི་ལུས་ལེན་པར་འགྱུར༔ གནས་བརྟན་ཆོས་ཀྱི་མཚན་ཅན་བསྟན་མོས་འཛིན༔ གཙུག་ལག་ཁང་གསོ་ཆོས་ཀྱི་སོ་ནམ་བྱེད༔ བཤད་གྲྭ་སྒོམ་གྲྭ་བསྟན་པ་རྒྱས་པར་བྱེད༔ ཡར་ཆེན་ལྷ་ཁང་སྤྲེལ་ཕག་ཚེས་བཅུ་འཛིན་པ་འབྱུང་༔ བསྟན་པ་འཇིགས་པ་དམག་གིས་འཇོམས་པར་བྱེད༔ དགྲ་རུ་རྨོན་གླང་གཉིས་ལྡང་མི་ལུས་ལེན༔ མི་ནག་མདུང་ཐུང་ཅན་གྱི་སྐྱེ་བ་འབྱུང་༔ ཉིན་འཁྲུག་མཚན་འཁྲུག་ལྕགས་མེ་རབ་གཉིས་འཁྲུག༔ མི་ལ་བསད་ཤི་གཉིས་ལས་མེད་པ་འབྱུང་༔ གཉེན་དུ་བུད་མེད་བུ་ཚ་མི་ལུས་ལེན༔ རྒྱ་དམག་འདྲེན་པའི་ཁབ་བྱེད་དབུས་གཙང་འཇོམས༔ སྡེ་གསར་སྡེ་སྙིང་ཐམས་ཅད་འོ་རེ་བརྒྱལ༔ འདྲ་མིན་མང་པོས་མགོ་འཐོམས་ནས༔ ཧོར་གྱི་བསྟན་པ་རྒྱ་ལ་འཆོར་བར་འགྱུར༔ ས་སྟེང་ཐམས་ཅད་རྩུབ་
༄༅༔ ༔འགྱུར་རླུང་ཚུབ་ལྡང་༔ ཟློག་ཐབས་ཡོད་དེ་བྱེད་མཁན་མེད་པར་ལུས༔ དེ་དུས་སྐྱེས་པའི་སེམས་ཅན་ངལ་མེད་ཀུན༔ ཟློག་ཐབས་བསྲིངས་ནས་ཐབས་ཀྱིས་བྱེད་པ་ལ༔ རུ་དྲ་ཀུན་གྱི་རྐྱེན་གསུམ་རུས་སྦལ་འདྲ༔ རྫུ་འཕྲུལ་དམག་གིས་རི་སྣ་གླང་ཆེན་སྟོབས༔ རང་དབང་མེད་པ་སྙིགས་མའི་དུས་སུ་འབྱུང་༔ ཕྱག་ན་རྡོ་རྗེའི་སྤྲུལ་པར་ངས་ལུང་བསྟན༔ ཐུབ་པའི་མཛད་པ་གནས་བརྟན་བཅུ་དྲུག་བཟློག༔ གནས་པོ་ཟེ་སྔོན་ལ་གཙུག་ལག་ཁང་ལུང་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔